མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་གཉིས་དང་ཚོགས་གཞོན་གཅིག་བདམས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་པདྨ་འབྱུང་གནས་ལགས་རྣམ་གཉིས་ནས་ལོ་གཉིས་དང་ཕྱེད་རེར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོའི་ལས་འཁུར་ཞུ་རྒྱུ་ཡིན་འདུག

13466དེ་རིང་ཕྱི་དྲོར་དབུས་འོས་བསྡུ་ལས་ཁང་གི་གཙོ་སྐྱོང་འོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། གསར་དུ་བདམས་པའི་ངོ་བཅར་སྤྱི་འཐུས་ ༤༤ ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་གནང་ཡོད་པ་ལྟར། སྔོན་འགྲོའི་འོས་བསྡུའི་སྐབས་པདྨ་འབྱུང་གནས་ལགས་ལ་འོས་གྲངས་ ༢༡ དང། མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ལ་འོས་གྲངས་ ༢༡།  ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢ བཅས་ཐོབ་ཡོད་པ་དང་། དངོས་གཞིའི་སྐབས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་པདྨ་འབྱུང་གནས་ལགས་རྣམ་གཉིས་ལ་འོས་གྲངས་ ༢༢ རེ་ཐོབ་སྟེ་གཅིག་མཚུངས་ཆགས་ཡོད་སྟབས། ཁོང་རྣམ་པ་གཉིས་ཀྱི་ནང་མོལ་ཐག་གཅོད་ལྟར་དངོས་གཞིའི་འོས་ཐེངས་གཉིས་པ་བླུགས་དུས་བསྐྱར་དུ་འོས་གྲངས་ ༢༢ རེ་ཐོབ་ཡོད་པ་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་མེད་ཀྱང་དེ་སྔོན་འགྲོ་ལུགས་ཡོད་པ་ལྟར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ལོ་གཉིས་དང་ཕྱེད་རིང་ཚོགས་གཙོའི་ལས་འཁུར་ཞུ་རྒྱུ་དང་། དེའི་རྗེས་སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་ལོ་གཉིས་དང་ཕྱེད་རིང་ཚོགས་གཙོའི་ལས་འཁུར་ཞུ་རྒྱུ་ཡིན་འདུག གལ་སྲིད་སྤྱི་འཐུས་ཚོགས་གཙོ་དང་པོའི་ལས་ཡུན་རྫོགས་རྗེས་ཚོགས་གཙོ་གཉིས་པས་ལས་འཁུར་མ་ཞུས་པ་ཡིན་ན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཡང་བསྐྱར་གསར་དུ་འདེམས་དགོས་ཀྱི་ཡོད་པ་རེད།

12334སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༢༥ དང་། སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་ ༢༢། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ལ་འོས་གྲངས་ ༡༧། ཐུབ་བསྟན་ལུང་རིགས་ལགས་ལ་འོས་གྲངས་ ༡༧ བཅས་ཐོབ་ཡོད་པ་དང་། ཨང་རིམ་གསུམ་པ་གཉིས་ལ་ཡང་བསྐྱར་འོས་བླུགས་རྗེས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ལ་འོས་གྲངས་ ༢༡ དང་། ཐུབ་བསྟན་ལུང་རིགས་ལགས་ལ་འོས་གྲངས་ ༢༣ ཐོབ། དངོས་གཞིའི་ནང་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་འོས་གྲངས་ ༣༨ དང་། སྒྲོལ་མ་ཚེ་རིང་ལགས་ལ་འོས་གྲངས་ ༤། ཐུབ་བསྟན་ལུང་རིགས་ལགས་ལ་འོས་གྲངས་ ༢ བཅས་ཐོབ་སྟེ། ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཞོན་དུ་མང་མོས་འོས་འདེམས་བྱུང་ཡོད་པ་རེད།

སང་ཉིན་ཞོགས་པར་གསར་དུ་བདམས་ཐོན་བྱུང་བའི་ཚོགས་གཙོ་ཚོགས་གཞོན་རྣམས་ནས་དགའ་གདོང་དང་གནས་ཆུང་གྲྭ་ཚང་། དེ་བཞིན་གཙུག་ལག་ཁང་བཅས་སུ་མཆོད་མཇལ་ཞུས་རྗེས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གྱི་ལས་འཁུར་དམ་བཅའ་འབུལ་རྒྱུ་དང་། དེ་ནས་ཉིན་གྲངས་གསུམ་རིང་གི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་རྣམས་བསྒྲིག་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 10

  1. ཨ་འབར་འཇིགས་དབང་། says:
    ལོ་ 10 སྔོན།

    ༅༅། ཨ་ཅརླཡ་ཡེ་ཤེས་ཕུནག་ཚོགས་ལགས་སྤྱི་འཐུས་ཚོགས་གཞོན་དུ་བདམས་ཐོན་བྱུང་བར་བཀྲིས་བདེ་ལེགས་ཞུ།
    ཚོགས་གཙོ་དང་པོ་དང་ཚོགས་གཞོན་གཉིས་ཀ་དགེ་འདུན་པ་ཡིན་པར་བརྟེན་ཐོག་མར་བཀྲིས་ཤོག།

    ༅༅། བླ་མ་སྐུ་ཚེ་བརྟན་པའི་བཀྲིས་ཤོག།སངས་རྒྱས་བསྟན་པ་དར་བའི་བཀྲིས་ཤོག།
    སྤྱི་འཐུས་ཡ་རབས་སྲུང་བའི་བཀྲིས་ཤོག། ཁྲིམས་སྒྲིག་ལེགས་པར་སྐྱོང་བའི་བཀྲིས་ཤོག།
    མི་མང་ཚེ་ཐག་རིང་བའི་བཀྲིས་ཤོག། ཆོལ་གསུམ་མཐུན་སྒྲིལ་ཡོང་བའི་བཀྲིས་ཤོག།
    ཕ་སྐད་དམ་འཛིན་ཐུབ་པའི་བཀྲིས་ཤགོ།ཤེས་ཡོན་དར་ཆ་བསྒྲེང་བའི་བཀྲིས་ཤོག། 
    བསྐལ་བཟང་བོད་ལ་ཤར་བའི་བཀྲིས་ཤོག།འཛམ་གླིང་ཞི་བདེ་ཡོང་བའི་བཀྲིས་ཤོག།
    བོད་ལ་གཞིས་བྱེས་འཛོམས་པའི་བཀྲིས་ཤོག།

    Reply
  2. ཚེས་བཅུ། says:
    ལོ་ 10 སྔོན།

    མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ནི་དགོས་ས་ལ་ཆད། མི་དགོས་སར་ལྷག་པའི་གང་ཟག་ཅིག་ཡིན་པའི་སྔ་ལྟས་འདུག

    Reply
  3. ཐོས་པ་དགའ། says:
    ལོ་ 10 སྔོན།

    སྤྱི་འཐུས་ཚོགས་གཙོ་སྐད་ཡིག་མི་ཤེས་མཁན་ཞིག འདེམས་མཁན་མི་སྣ་ལུང་ཚན་གྱི་ཕྱོགས་རེས་བ་ཚོས་ད་འདེམས་བཞག འཛིན་སྐྱོང་འབུམ་རམས་པ་ཞིག ཁྲིམས་བཟོ་སྐད་ཡིག་མི་ཤེས་མཁན་གྱི་བླ་རྒན་ཞིག ཨ་ལ་ལ། ལྟད་མོ་འདུག

    Reply
  4. བསོད་ནམས་བཀྲ་ཤིས། says:
    ལོ་ 10 སྔོན།

    དབྱིན་སྐད་དང་ཧིན་སྐད་རྒྱ་སྐད་སོགས་གཏན་ནས་མི་ཤེས་པའི་ཚོགས་གཙོ་མཆོག་དང་། དབྱིན་སྐད་ཧིན་སྐད་ཐར་ཐོར་ཞིག་ཤེས་ཀྱང་མགོ་བདེ་དྲན་འཕྲུལ་འགྲན་ཟླ་བྲལ་བའི་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་བཅས་ལ་ལྟ་བཟོ་མི་འདུག
    དངོས་གནས་ཁྱེད་གཉིས་ཀྱིས་དགོངས་པ་ཞུས་ན་ཡག་ཤོས་རེད། བོད་མི་རིགས་མགོ་སྐོར་མ་གཏང་རོགས།

    Reply
  5. གཡུ་ཐོག says:
    ལོ་ 10 སྔོན།

    ད་མ་འོངས་པ་ཆོས་རིག་ལྷན་ཁང་གི་ཞབས་རིམ་བྱེད་སྒོ་དང་ཁ་འདོན་གསོག་སྒྲུབ་ཇི་ཡོད་རུང་སྤྱི་མཐུས་ལྷན་ཚོགས་ནས་གང་ལེགས་སྒྲུབ་ཐུབ་པའི་སྣང་བ་འདུག ཚོགས་གཙོ་བགྲེས་གཞོན་གཉིས་ནི་བླ་རྒན་མགོ་རིལ་ཆོས་པ་རེད་འདུག ཕལ་ཆེར་སྤྱི་མཐུས་ནང་ནས་བལྟ་བཟོ་ཡོད་པ་ཁོང་གཉིས་ལས་ལྷག་མེད་པ་འདྲ། ཡ་མཚན་རེད། ཚང་མར་མིང་དགོས་འདུག ལས་ཀ་བྱེད་འདོད་སུ་ལ་ཡང་མིན་འདུག

    Reply
  6. བདེན་པའི་རྒྱབ་ལངས། says:
    ལོ་ 10 སྔོན།

    དྲ་རྒྱའི་ནང་བཞུགས་སྐྱེ་བོ་བགྲེས་གཞོན་ཡོང་ནས་གཤམ་གྱི་དྲི་བར་ལན་རེ་སྐྱོན་གནང་ཨ།
    ༡༽ དེ་སྔོན་སྲིད་སྐྱོང་འོས་བསྡུའི་སྐབས་སྤེན་པ་ཚེ་རིང་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་གཅིག་དེ་ཁོང་གི་དབྱིན་སྐད་འདེང་གི་མ་རེད་ཟེར་ནས་རྒྱ་བསྒྲགས་བོད་བསྒྲགས་བྱས་སོང་།
    ༢༽ དེ་རེས་བོད་མི་མང་སྤྱི་ཚོགས་གཙོ་བདམས་སྟང་ལ་ཐེངས་ཕྱིར་དྲན་རེ་གནང་སྟེ་དགོངས་འཆར་རེ་གསུང་དང་།
    ཟུར་བོར་གནས་པའི་དགོངས་ཚུལ་རེ་ངེས་པར་དུ་གསུང་རོགས་གནང་སྤྱི་ཚོགས་གནས་བབ་ངོ་མ་དེ་ག་འདྲ་ཞིག་ཡིན་མིན་རྒྱ་ཆེའི་མི་མང་ནང་གསལ་པོ་བཟོ་དགོས་ཀྱི་འདུག

    Reply
  7. བསྟན་པ། says:
    ལོ་ 10 སྔོན།

    ཐེངས་འདིར་མདོ་སྨད་ཀྱི་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་སྤྱི་འཐུས་དམ་འབུལ་དང་། ཚོགས་གཙོ་ཚོགས་གཞོན་འདེམས་པར་བཅར་མི་འདུག
    དེང་སྐབས་མོ་རང་ཨ་རི་ན་ཡོད་པ་རེད། སྤྱི་འཐུས་ཀྱི་མིང་དགོས་མཁན་དང་། སྤྱི་འཐུས་ཀྱི་ལས་དོན་བསྒྲུབ་མི་དགོས་མཁན་དང་། མང་ཚོགས་ལ་འགན་ཁུར་མི་དགོས་མཁན་གྱི་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལྟ་བུ་འདི་ཚོ་མེད་ན་བཟང་།

    Reply
  8. བཀྲ་ཤིས། says:
    ལོ་ 10 སྔོན།

    ད་དངོས་གནས་ཧང་སང་དགོས་པའི་ཡག་པོ་བྱུང་འདུག གང་ཡིན་ཟེར་ན། དབྱིན་ཇིའི་སྐད་ཡིག་དང་། རྒྱ་གར་སྐད་ཡིག་སོགས་ཕྱི་རྒྱལ་གྱི་སྐད་ཡིག་ཚིག་གཅིག་ཀྱང་མི་ཤེས་མཁན་གྱི་བླ་རྒན་ཞིག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལ་ཕེབས་འདུག ད་དངོས་གནས་སྐྱབས་སུ་མཆི།
    ད་ང་ཚོ་བོད་ལ་ལོགས་སོང་ན་ཡག་ཤོས་རེད།

    Reply
  9. བསྟན་འཛིན་སྙན་གྲགས། says:
    ལོ་ 10 སྔོན།

    སྐབས་བཅུ་དྲུག་པའི་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་དང་། མཁན་པོ་བསོད་ནམས་བསྟན་འཕེལ། ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་གསུམ་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
    • ཐུབ་བསྟན་དབང་རྒྱལ། says:
      ལོ་ 10 སྔོན།

      ད་ངོ་མ་རྟ་ལམ་བུང་བའི་བཀག་སོང། ཆོལ་ཁའི་ཞེན་ཁོག་ཅན་གྱི་སྤྱི་འཐུས་རྣམས་པར་ཐུགས་རྗེ་ཆེ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese