མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གསོ་རིག་དེ་ཚོང་གི་ངོ་བོར་མ་སོང་བར་འགྲོ་བ་མི་ལ་ཕན་ཐོག་ཡོང་ཐུབ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྨན་རྩིས་མཐོ་སློབ་དབུ་བརྙེས་ཏེ་ལོ་ངོ་ ༥༥ འཁོར་བའི་མཛད་སྒོའི་སྟེང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ཀྱི་གསོ་རིག་དེ་བཞིན་ཚོང་གི་ངོ་བོར་མ་སོང་བར་འགྲོ་བ་མི་སྤྱི་ལ་ཕན་ཐོག་ཡོང་ཐབས་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

tibettimesདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་སྨན་རྩིས་མཐོ་སློབ་ཁང་གི་ཚོགས་ཁང་དུ་སྨན་རྩིས་མཐོ་སློབ་དབུ་བརྙེས་ཏེ་མི་ལོ་ ༥༥ འཁོར་བའི་མཛད་སྒོ་ཚོགས་སོང་ལ། སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྲིད་གཞུང་གི་སྨན་སློབ་ཁང་ (Rajendra prasad) གི་སློབ་སྤྱི་དང་སྨན་རིམ་པ་སྐུ་ཞབས་ཨ་ནེལ་ཆུ་ཧན་ (Dr. Anil chauhan) མཆོག་གཉིས་ཀྱི་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབས་དང་སྨན་རྩིས་ཁང་གི་སྨན་པ་རྣམས་དང་དགེ་སློབ་བཅས་མ་མིང་ ༡༥༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་སྨན་རིམ་པ་ཡེ་ཤེས་དགེ་ལེགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་བྱུང་རིམ་ལོ་རྒྱུས་དང་འབྲེལ་ཏེ་སྨན་རྩིས་མཐོ་སློབ་ཁང་དབུ་བརྙེས་ཏེ་མི་ལོ་ ༥༥ འཁོར་བའི་མཛད་རིམ་དང་ལས་སྡོམ་སྐོར་སྤྲོད་གནང་དོན། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་ཏེ་ཐོག་མར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་སུ་ཤེས་ཡོན་ཡར་རྒྱས་གཏོང་དགོས་པའི་དགོངས་གཞི་ལྟར་བོད་སློབ་འགའ་གསར་འཛུགས་གནང་བའི་ཁོངས་སུ་ ༡༩༦༡ ལོར་དྷ་སྟེང་བོད་ཁྱིམ་གྱི་ཉེ་འཁྲིས་ ༼ཅ་ར་ཧོ་སི་༽ཞེས་པའི་ས་ཁུལ་དུ་སྨན་ཁང་དང་སྨན་སློབ་གཅིག་ལྕོག་གསར་འཛུགས་གནང་བ་དང་། སྨན་པ་དང་སྨན་དགེ་གཅིག་ལྕོག་ཏུ་བླ་སྨན་ཡེ་ཤེས་དོན་ལྡན་ལགས་ཀྱིས་མཛད་འཁུར་བཞེས་ཏེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་རྒྱུན་ ༨ ཙམ་སློབ་མར་གཏོང་གནང་མཛད་པ་ལས་མཐར་ཕྱིན་སྨན་པ་ ༤ ཙམ་བྱུང་བ་རྣམས་ཀྱིས་བཙན་བྱོལ་དུ་བོད་ཀྱི་གསོ་རིག་བསྟན་པའི་རྨང་གཞི་འདིང་ཐུབ་པ་བྱུང་བ་དང་། དེའི་རྗེས་དུས་འཁོར་བ་བློ་གྲོས་རྒྱ་མཚོས་དཀར་ནག་དབྱངས་གསུམ་གྱི་ཐུགས་འགན་བཞེས་ཏེ་སྐབས་དང་པོར་རྩིས་སློབ་གྲངས་ ༦ དང་སྐབས་གཉིས་པར་སློབ་ཕྲུག ༡༤ ནས་མཐར་ཕྱིན་སྨན་སློབ་ ༨ དང་རྩིས་སློབ་ ༡༨། སྐབས་གསུམ་པར་སློབ་ཕྲུག་ ༡༨ བསྡུས་པ་ལས་སྨན་པ་ ༡༣ བྱུང་སྟེ། གཞིས་ཆགས་ཁག་ཏུ་སྨན་ཁང་གསར་འཛུགས་དང་སྨན་རྩིས་ཁང་རྒྱ་བསྐྱེད། སྐབས་བཞི་བར་སློབ་མ་ ༦ ཙམ་ཡོད་པ་ལས་རྗེས་སུ་སློབ་ཕྲུག་ ༢ ལས་མེད་སྟབས། སྐབས་ལྔ་བའི་ཁོངས་སུ་ཟླ་བསྒྲིལ་བཏང་བ་དང་། སྐབས་ལྔ་བའི་ཁོངས་ནས་མཐར་ཕྱིན་སྨན་སློབ་ ༣༡ དང་སྐབས་དྲུག་པར་སྨན་པ་ ༡༨། སྐབས་བདུན་པར་སྨན་པ་ ༢༣ དང་རྩིས་སློབ་ ༥། སྐབས་བརྒྱད་པར་སྨན་པ་ ༢༣ དང་སྐབས་དགུ་བར་སྨན་པ་ ༢༥། སྐབས་བཅུ་བར་སྨན་སློབ་ ༡༧ དང་རྩིས་སློབ་  ༡༢། སྐབས་བཅུ་གཅིག་པར་སྨན་སློབ་ ༢༣ དང་སྐབས་བཅུ་གཉིས་པར་སྨན་སློབ་ ༢༣ དང་རྩིས་སློབ་ ༧། སྐབས་བཅུ་གསུམ་པར་སྨན་སློབ་ ༢༤ དང་སྐབས་བཅུ་བཞི་བར་སྨན་སློབ་ ༢༡ དང་རྩིས་སློབ་ ༡༣། སྐབས་བཅོ་ལྔ་བར་སྨན་སློབ་ ༢༠ དང་སྐབས་བཅུ་དྲུག་པར་སྨན་སློབ་ ༢༥ དང་རྩིས་སློབ་ ༥ བཅས་ཁྱོན་སྨན་སློབ་ ༢༨༧ དང་རྩིས་སློབ་ ༦༠ སློབ་ཐོན་བྱུང་བ་དང་། ད་ཆར་སྐབས་བཅུ་བདུན་པར་སློབ་གཉེར་གནང་བཞིན་པའི་སློབ་མ་ ༢༡ ཡོད་པ་རྣམས་ལ་ལོ་རིམ་ལྔ་བའི་ཡིག་རྒྱུགས་གཏོང་ལ་ཉེ་ཞིང་། སྐབས་བཅོ་བརྒྱད་པའི་ལོ་རིམ་བཞི་བའི་སྨན་སློབ་ ༣༢ དང་རྩིས་སློབ་ ༥ ཡོད་པ་དང་། སྐབས་བཅུ་དགུ་བའི་ལོ་རིམ་གསུམ་པའི་སྨན་སློབ་ ༢༡ དང་རྩིས་སློབ་ ༡༧ ཡོད་པ་བཅས་ཁྱོན་སྨན་རྩིས་སློབ་ཕྲུག་ ༡༠༤ ལས་སྨན་སློབ་ ༨༢ དང་རྩིས་སློབ་ ༢༢ ཡོད་པ་མ་ཟད། སྐབས་ཉི་ཤུ་བའི་སློབ་མ་གསར་བསྡུས་ཟིན་ཏེ་ཕྱི་ཟླ་ ༧ པ་ནས་སློབ་འཁྲིད་གནང་འཆར་ཡོད་སྐོར་སོགས་བརྗོད་སོང་།

tibettimes-1སྐུ་མགྲོན་གཙོ་བོ་སྨན་རིམ་པ་ཨ་ནེལ་ཆུ་ཧན་ལགས་ཀྱིས། བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སྐབས་སུ་མཐུན་རྐྱེན་ལེགས་པོ་མེད་ནའང་དེང་སྐབས་མཐུན་རྐྱེན་གང་ལེགས་ཡོད་སྟབས། སྔོན་ཆད་༧གོངས་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་པའི་མི་རབས་རྒན་པ་ཚོས་དཀའ་ལས་ཞེ་དྲགས་བསྐྱོན་གནང་སྟེ་བཙན་བྱོལ་སྤྱི་ཚོགས་ནང་སྨན་རྩིས་ཁང་གསར་འཛུགས་གནང་བ་དང་། ད་ཆར་སྨན་རྩིས་ཁང་གཙོས་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་ཡོད་པ་དང་། མ་འོངས་པར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྩ་ཆེན་པོ་དེ་མི་ཉམས་རྒྱུན་འཛིན་གནང་བའི་འགན་དེ་ད་ལྟའི་སློབ་ཕྲུག་ཁྱོད་རང་ཚོར་ཡོད་པ་དང་། ད་ཆར་འཛམ་གླིང་གི་རྒྱལ་ཁབ་མང་པོས་བོད་ཀྱི་གསོ་རིག་སྐོར་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་སྟབས། བོད་ཀྱི་གསོ་བ་རིག་པས་འཛམ་གླིང་སྤྱི་ལ་ཕན་ཐོག་ཡོང་ཐབས་དང་འཛམ་གླིང་སྤྱི་ལ་དར་སྤེལ་ཡོང་ཐབས་སུ་ཁྱོད་རང་ཚོར་འགན་ཡོད་སྟབས་ཁྱོད་རང་ཚོར་གྲ་སྒྲིག་དགོས་སྐོར་དང་། གཞན། ཁོང་སྨན་པ་བྱས་ནས་མི་ལོ་ ༤༠ ལྷག་འགྲོ་བཞིན་ཡོད་ནའང་། དེ་རིང་འདིར་སྨན་རྩིས་མཐོ་སློབ་ཁང་གི་སློབ་ཕྲུག་ཚོས་བོད་ཀྱི་གསོ་རིག་སྐོར་འགྲེམ་སྟོན་བྱས་པ་དེས་ཁོང་ལ་བོད་ཀྱི་གསོ་བ་རིག་པའི་སྨན་རྩིས་སྐོར་ལ་བློ་སྐྱེད་གསར་བ་མང་པོ་ཐོབ་སོང་། ཞེས་སོགས་བརྗོད་སོང་།

དེའི་རྗེས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་རྩིས་ཁང་ལ་བཀའ་སློབ་རིམ་པར་ཕེབས་པ་དེ་ཚོ་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། སྔོན་མར་སྨན་རྩིས་ཁང་གི་མཐུན་རྐྱེན་ཧ་ཅང་ཞན་ཡང་དེང་སྐབས་མཐུན་རྐྱེན་ཇེ་ལེགས་སུ་སོང་ཡོད་སྟབས། སྨན་རྩིས་སློབ་ཕྲུག་ཚོས་ཀུན་སློང་ཡག་པོ་ཞིག་གི་ཐོག་ནས་སློབ་གཉེར་གནང་དགོས་པ་གལ་འགེངས་ཆེ་སྐོར། སྨན་རྩིས་ཁང་གི་དགེ་སློབ་དང་སྨན་པ་ལས་བྱེད་ཚང་མས་ས་སོའི་ལས་འགན་གང་དེ་འཐུས་ཤོར་མ་འགྲོ་བ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་བོད་ཀྱི་གསོ་རིག་དང་དེང་དུས་ཕྱི་ལུགས་གཉིས་ཟུང་འབྲེལ་ཡོང་རྒྱུ་དང་། སྨན་རྩིས་ཁང་གིས་སྔར་བས་བོད་ཀྱི་གསོ་རིག་སྨན་སྣ་མང་པོ་གསར་གཏོད་གནང་ཐུབ་པ་དགོས་རྒྱུ་དང་། བོད་ཀྱི་གསོ་རིག་དེ་ཚོང་གི་ངོ་བོར་མ་སོང་བར་འགྲོ་བ་མི་ལ་ཕན་ཐོག་ཡོང་དགོས་རྒྱུ་དང་། དེ་བཞིན་སྨན་སློབ་ཁང་གི་སློབ་ཕྲུག་ཚོས་འགྲོ་གྲོན་ཆུང་བའི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འགྲེམ་སྟོན་གནང་བ་དེ་གསར་གཏོད་རང་བཞིན་ལྡན་པ་དེ་ཧ་ཅང་ལེགས་ཀྱང་། འགྲེལ་བརྗོད་དེ་བོད་དབྱིན་ཡིག་ངག་གཉིས་ཀྱི་ཐོག་ནས་འགྲེལ་བརྗོད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། མ་འོངས་པར་བོད་ཀྱི་གསོ་རིག་འགྲེམ་སྟོན་དེ་ད་ཆར་ལས་འགྲོ་གྲོན་ཉུང་བ་དང་གསར་གཏོད་རང་བཞིན་ལྡན་ཞིག་གནང་རྒྱུ་གལ་འགེངས་ཆེ་སྐོར་སོགས་གསུང་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese