མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོ་སོའི་འཇོན་ཚོད་ཀྱིས་ཉིན་མཚན་དུས་དྲུག་ཏུ་ལས་ཀར་འགན་འཁུར་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱི་ལས་འཁུར་མཛད་སྒོའི་ཐོག་མ་འོངས་ལོ་ ༣ ནང་ཁོང་རང་གི་ཤེས་ཚོད་དང་འཇོན་ཚོད། གཟུགས་པོའི་གནས་བབ་སོགས་ལ་དཔག་པའི་ཉིན་མཚན་དུས་དྲུག་ཏུ་ལས་ཀར་འགན་ལེན་རྒྱུ་ཡིན་པའི་དམ་བཅའ་བཞག་སོང་།

IMG_2354དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་དྷ་ས་མེག་གྷན་དུ་ཡོད་པའི་བོད་ཀྱི་གསོལ་མགྲོན་ཁང་དུ། གསར་དུ་བདམས་ཐོན་བྱུང་བའི་སྐབས་བཞི་པའི་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱི་ལས་འཁུར་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དཔལ་ལྡན་དོན་གྲུབ་ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིན་(Ajay Singh Mankotia)ལགས། དྷ་ས་ས་གནས་མགོ་འཛིན་ལས་ཚབ་ཚེ་རིང་ལྷ་མོ་ལགས། དེ་བཞིན་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞན་ཡང་། དྷ་ས་ཁུལ་གྱི་དགོན་སྡེ་གྲྭ་ཚང་དང་སློབ་གྲྭ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱི་སྐུ་ཚབ་དང་མི་མང་བཅས་མི་གྲངས་ ༡༠༠ ཡས་མས་འཛོམས་འདུག་ལ། མཛད་སྒོའི་ཐོག་ས་གནས་མགོ་འཛིན་གསར་རྙིང་གཉིས་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་པ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་རྣམ་པའི་དབུས་ཚོགས་ཞུགས་སྐུ་ཚབ་དང་མི་མང་བཅས་ནས་ས་གནས་མགོ་འཛིན་གསར་པར་འཚམས་འདྲི་དང་མགོ་འཛིན་ལས་ཚབ་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྒྲོན་སོང་།

IMG_2324དེ་ཡང་མཛད་སྒོའི་ས་གནས་མགོ་འཛིན་ལས་ཚབ་ཚེ་རིང་ལྷ་མོ་ལགས་ནས་ཁོང་མོའི་ལས་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གསར་དུ་བདམས་ཐོན་བྱུང་བའི་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ནས་དྷ་ས་ཟློས་གར་ལམ་གྱི་ཁྱིམ་ཚང་༢༡༨ ཀྱི་ས་ཁང་གི་དཀའ་ངལ་དང། ཁྱིམ་ཚང་༡༢༩ ཡི་ཐང་ཁྲོམ་དཀའ་ངལ་སོགས་ཀྱི་ལས་དོན་རྣམས་མཇུག་སྐྱོང་གནང་རྒྱུར་སྔར་བཞིན་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་སོང་། དེ་ནས་ས་གནས་མགོ་འཛིན་གསར་པ་ཟླ་བ་རིན་ཆེན་ལགས་ནས་ཚེ་འདི་ཕྱིའི་སྐྱབས་གནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དྲིན་གྱིས་བསྐྱངས་བའི་ཕ་མ་དགེ་རྒན། དེ་བཞིན་དཀའ་སྡུག་གི་དུས་སུ་དཔུང་རོགས་གནང་མཁན་རྒྱ་གར་གཞུང་མང་གཉིས། ཡིད་ཆེས་བློ་གཏད་ཀྱིས་ཁོང་ལ་འོས་ཤོག་བླུག་མཁན་སོགས་དྷ་ས་ཁུལ་གྱི་མི་མང་བཅས་ལ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་སྐོར་བརྗོད་པ་དང་འབྲེལ་ཁོང་གིས། ང་ཚོས་བཀའ་དྲིན་བཀའ་དྲིན་ཞེས་ཚིག་སྐྱོར་གྱི་ཡོད་ཀྱང་གཙོ་བོ་དོན་དག་དེ་རེད། དོན་དག་ག་རེ་རེད་ཅེས་ཞུས་པ་ཡིན་ན། ངས་བསམ་ན་ང་ཚོས་བཀའ་དྲིན་ཆེ་ཆུང་ག་འདྲ་ཞིག་གསབ་དགོས་ཀྱི་ཡོད་ནའང་སྒོ་གསུམ་གྱི་སྤྱོད་པས་ལས་ཀ་ལག་བསྟར་བྱས་པའི་ཐོག་ནས་གསབ་དགོས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ངས་འདིར་རྣམ་པ་ཚོའི་མདུན་དུ་དམ་བཅའ་ཆེན་པོ་དེ་འདྲ་བཞག་སྟེ་ཞེ་དྲགས་བྱ་རྒྱུ་ཡིན་དང་བཏང་གི་ཡིན། སྤྲོད་རྒྱུ་ཡོད་ཅེས་བཤད་པ་ཡིན་ན་ཏག་ཏག་བསྡད་ཀྱི་མ་རེད། ཡིན་ནའང་། ང་རང་གི་ཤེས་ཚོད་དང་འཇོན་ཚོད། སོ་སོའི་མྱོང་ཆ་དང་འགན་འཁུར། གཟུགས་པོའི་གནས་བབ་བཅས་ལ་དཔག་པའི་ཉིན་མཚན་དུས་དྲུག་ཏུ་དྷ་རམ་ས་ལ་ཁུལ་གྱི་ལས་ཀར་འཁུར་ལེན་རྒྱུ་ཡིན་པའི་དམ་བཅའ་ཞུ་ཡི་ཡོད་ལ། ལས་ཀའི་ཐོག་འབད་བརྩོན་ག་རེ་ཐུབ་ཐུབ་ཞུ་ཡི་ཡིན། ཞེས་དང་། སྒེར་ཁག་སོ་སོས་ཕྱག་ལས་ཡག་པོ་གནང་གི་ཡོད་པ་ལྟར་དྷ་སའི་སྤྱི་པའི་ལས་དོན་ཡར་རྒྱས་དང་ཚགས་ཚུད་ཡོང་བར་ཚང་མས་ནུས་པ་མཉམ་དུ་སྤུངས་ཏེ་འབད་བརྩོན་དང་མཐུན་འགྱུར་རོགས་རམ་ཡོང་བའི་རེ་སྐུལ་གནང་སོང་།

IMG_2350དེ་ནས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ས་གནས་མགོ་འཛིན་ཟེར་བ་དེ་མི་མང་དང་གཞུང་གི་བར་ལ་འབྲེལ་མཐུད་བྱེད་པའི་ཟམ་པ་ལྟ་བུ་ཞིག་རེད། སྐྱོ་ས་དེར་སླེབ་ཐུབ་པ་ཞིག་དང་། དཀའ་ངལ་ཡོད་ས་དེར་སྙོབ་ཐུབ་པ་ཞིག་དང་། དཀའ་ངལ་དེའང་སེལ་ཐུབ་པའི་རེ་བ་བརྒྱབ་ཡོད་ལ། གཞུང་གིས་བསྐོས་པ་ཞིག་ཡིན་ན་དམིགས་ཡུལ་དེ་བཟུང་ནས་བསྐོ་ཡི་ཡོད་པ་དང་། མི་མང་གིས་བདམས་པའི་སྐབས་ལའང་རེ་བ་དེ་བརྒྱབ་ནས་འདེམ་གྱི་ཡོད་པ་རེད། གང་ལྟར་ས་གནས་མགོ་འཛིན་ཡོང་སའི་གཞུང་བསྐོས་ཀྱི་ལས་བྱེད་ཅིག་ཡིན་ན་རེད། མི་མང་གིས་ཐད་ཀར་བདམས་པའི་ས་གནས་མགོ་འཛིན་ཞིག་ཡིན་ནའང་རེད། ལས་ཡུན་ལོ་ ༣ གྱི་རིང་སྲི་ཞུ་བ་ཞིག་ཆགས་འགྲོ་ཡི་ཡོད་པ་རེད། ཁ་སང་ཚེས་ ༡༥ ནས་ཟླ་བ་རིན་ཆེན་ལགས་ང་རང་ཚོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་སྒྲིག་གྲལ་གྱི་ནང་ལོགས་ནས་སྲི་ཞུ་བའི་ཉིན་རེའི་ལས་དོན་བྱེད་ཕྱོགས་དང་། ཉིན་རེའི་དགོངས་པ་བཞེས་ཕྱོགས་ཀྱི་ལམ་སྟོན་དང་སྒྲིག་གཞིའི་ཁྱབ་ཁོངས་ནང་བསླེབས་ཏེ། མ་འོངས་ལོ་ ༣ རིང་སྲི་ཞུ་བ་རང་བྱས་ཏེ་ཕྱག་ལས་གནང་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་དང་།

ཡང་ཁོང་གིས། ས་གནས་མགོ་འཛིན་སུ་སླེབ་མིན་ལ་མ་ལྟོས་པར་སྤྱི་པ་ཚགས་ཚུད་པོ་ཡོང་བར་རོགས་འདེགས་དང་རྒྱབ་སྐྱོར། ཕྱག་རོགས་ཞུ་བའི་འགན་དེ་མང་ཚོགས་ལ་ཡོད་པ་རེད་བསམ་གྱི་འདུག མཚམས་རེར་ས་གནས་མགོ་འཛིན་སོ་སོའི་ལྟ་ཕྱོགས་མཐོང་ཕྱོགས་ལ་སྣང་བར་མ་འགྲོ་བ་དེ་འདྲ་སླེབ་སྐབས། ག་དུས་ཡིན་ནའང་སྐྱོན་འཛུགས་འདྲ་བྱས་ཏེ་འགྲིག་མ་སོང་། བཏང་མ་སོང་། བྱས་མ་སོང་ཞེས་ས་གནས་མགོ་འཛིན་གྱིས་ག་ཚོད་འཕག་འཚག་ཀློད་པ་ཡིན་ནའང་ངོ་སོ་མེད་པ་བཟོ་ཐབས་བྱེད་པ་དེ། དེ་རིང་སང་ཉིན་ང་ཚོའི་སྤྱི་ཚོགས་ནང་ཤུགས་ཆེ་རུ་མ་གཏོགས་ཡག་ཏུ་འགྲོ་ཐབས་ཤིག་ཡོང་གི་མི་འདུག མིའི་བསམ་བློ་དེར་འགྱུར་བ་མ་ཐེབས་བར་དུ་ང་ཚོའི་ཟིང་ཆ་དང་བཀྲ་མི་ཤིས་པའི་གནས་སྟངས་དེ་མང་དུ་མང་དུ་འགྲོ་བ་མ་གཏོགས་ཉུང་དུ་འགྲོ་བའི་ཆོས་ཉིད་ཅིག་མེད་པ་རེད། དེར་བརྟེན་ངས་མང་ཚོགས་ལ་དྷ་རམ་ས་ལའི་རི་རྩེ་ནས་མར་ཐང་བར་གྱི་དྷ་ས་ས་གནས་མགོ་འཛིན་གྱི་ཁྱབ་ཁོངས་སུ་ཡོད་པའི་མང་ཚོགས་ཚང་མའི་ངོས་ནས་ཟླ་བ་ལགས་ཀྱིས་གསུངས་པ་ལྟར་དྷ་རམ་ས་ལ་ཡག་པོ་ཡོང་དགོས་པ་དང་། དྷ་རམ་ས་ལ་ཡག་པོ་ཡོང་བ་ཙམ་གྱིས་ཁྱབ་ཁོངས་མང་པོ་ཞིག་ལ་ཐུགས་ཕན་གསོ་ཡི་ཡོད་སྟབས། མང་ཚོགས་ཀྱིས་བདམས་པའི་ས་གནས་མགོ་འཛིན་དེ་ལ་རྒྱབ་སྐྱོར་ག་རེ་ཞུ་དགོས་ཀྱི་འདུག ལས་འཆར་ག་རེའི་ཐད་ལ་དགོངས་འཆར་ཡག་པོ་ཞིག་འདོན་དགོས་ཀྱི་འདུག དེ་ཚོའི་ཐད་ང་ཚོ་མང་ཚོགས་ལའང་འགན་ཡོད་པ་རེད་བསམ་གྱི་འདུག ཅེས་དང་། བོད་མི་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དེ་ཚོ་ག་ཚོད་ཅིག་ལག་ལེན་དུ་བསྟར་ཐུབ་ཀྱི་ཡོད་མེད་སོ་སོས་སོ་སོར་འདྲི་བ་གཏོང་དགོས་པ་ཞིག་ཆགས་ཡོད་པ་དང་། དེ་རིང་ཁ་སང་གནས་སྟངས་ཛ་དྲག་པོ་འདྲ་ཆགས་འགྲོ་ཡི་ཡོད་སྟབས། བཀྲ་ཤིས་བདེ་སྐྱིད་ཡོང་བའི་སོན་རྩ་འདྲ་པོ་དེ་འཆམ་མཐུན་ཡིན་པ་དང་། སོན་རྩ་དེ་ལ་བདག་པོ་རྒྱག་དགོས་པ་དེ་བོད་མི་ཚང་མའི་འོས་འགན་ཡིན་སྐོར་བརྗོད་སོང་།

IMG_2355ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེ་སིན་(Ajay Singh Mankotia) ལགས་ཀྱིས། དྷ་རམ་ས་ལའི་བོད་པ་དང་རྒྱ་གར་ཡུལ་མིའི་བར་དུ་རྩོད་རྙོག་ཆེ་ཆུང་ག་རེ་བྱུང་བ་ཡིན་ནའང་འཕྲལ་དུ་སེལ་ཐབས་དགོས་པ་དང་། དྷ་ས་ཁུལ་དུ་སྨྱོ་རྫས་སྤྱོད་མཁན་གང་འཚམ་ཡོད་པ་དེ་ཚོ་འགོག་ཐབས་དགོས་སྐོར་དང་། དེ་བཞིན་༧གོང་ས་མཆོག་གིས་ག་དུས་ཡིན་ནའང་སྐྱག་རྫུན་དང་ཁྲམ་པ་བཤད་རྒྱུ་ཡོད་པ་མ་རེད་ཅེས་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད་པ་དང་། ང་ཚོས་ཁོང་གི་བཀའ་སློབ་དེ་ཚོར་ཉན་གྱི་ཡོད་པ་རེད་དེ་ལག་ལེན་བསྟར་གྱི་མེད་པའི་རྐྱེན་གྱིས་གནས་སྟངས་སྡུག་རུ་འགྲོ་ཡི་ཡོད་སྟབས། ས་གནས་མགོ་འཛིན་གསར་པའི་སྣེ་འཁྲིད་འོག་ཚང་མས་དེའི་ཐད་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་ཡིན་ལུགས་དང་། མཉམ་རུབ་ཀྱིས་ལས་དོན་བསྒྲུབ་པ་ཡིན་ན་དོན་འབྲས་མགྱོགས་པོར་སྨིན་ཐུབ་ལ། དྷ་ས་ཁུལ་དུ་ཚོགས་པ་སྐྱིད་སྡུག་མང་པོ་ཡོད་པ་རྣམས་མཉམ་རུབ་ཀྱིས་ས་གནས་མགོ་འཛིན་གསར་པའི་ཕྱག་ལས་ལ་རྒྱབ་སྐྱོར་དང་འཕྱར་གྲུ་མཉམ་འདེགས་བྱེད་ཐུབ་ན། མ་འོངས་པར་དུས་བཟང་ཞིག་ཤར་བའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་གསར་འགོད་པས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ལ་ལས་ཡུན་ལོ་ ༣ གྱི་ནང་ལས་འཆར་གཙོ་བོ་ག་རེ་ཡོད་པ་དང་། དམིགས་བསལ་གྱིས་དྷ་ས་ཁུལ་དུ་སྨྱོ་རྫས་སྤྱོད་མཁན་གང་འཚམ་ཡོད་པ་དེའི་ཐད་ག་རེ་གནང་འཆར་ཡོད་དྲིས་པར་ཁོང་གིས། དྷ་རམ་ས་ལ་ཁུལ་དུ་སྡོད་མཁན་ཚོ་ཁ་འཐོར་མི་མང་ཡིན་སྟབས། མི་མང་རྣམས་མཉམ་རུབ་ཡོང་ཐབས་དང་མི་མང་གི་བསམ་བློའི་ནང་ང་དྷ་རམ་ས་ལར་སྡོད་མཁན་ཞིག་ཡིན་བསམ་པའི་ཚོར་སྣང་དེ་ཤུགས་ཆེན་པོ་བསྐྲུན་དགོས་པ་གལ་ཆེན་པོ་ཡིན་ལ། ཚོར་སྣང་དེ་མ་འགྲུབ་བར་དུ་མཉམ་རུབ་ཀྱི་ལས་ཀ་ཞིག་བྱེད་ཐུབ་ཀྱི་མེད་སྟབས། དྷ་ས་ཁུལ་དུ་ཡོད་པའི་ཚོགས་པ་སྐྱིད་སྡུག་དང་ཤེས་ཡོན་སྡེ་ཁག དགོན་སྡེ་གྲྭ་ཚང་གི་དབུ་འཁྲིད་ཚོ་ཚང་མ་མཉམ་འཛོམས་ཀྱི་ཐོག་ནས་ཕྱག་ལས་གནང་དགོས་པ་དང་གྲོས་བསྡུར་བྱེད་དགོས་པའི་ལས་རིམ་ཞིག་དགོས་ཀྱི་ཡོད་པ་དང་། དེ་ནས་ཐག་རིང་ཐུང་གི་མི་མང་ལ་ཐུག་འཕྲད་དང་རུག་རུག་བྱས་ཏེ་སྐད་ཆ་བཤད་པ་སོགས་གང་མགྱོགས་ཀྱིས་བྱུང་བ་ཡིན་ན། དེ་ནས་ལས་གཞི་གཙོ་བོ་དཔེར་ན་དྷ་སའི་ཁོར་ཡུག་གཙང་བཟོ་དང་འབྲེལ་བའི་ལས་གཞིའི་ཐོག་སྔར་ལས་ཤུགས་གནོན་བྱ་རྒྱུ་དང་། དྷ་ས་ཁུལ་གྱི་སྨྱོ་རྫས་སྤྱོད་མཁན་ཚོའི་སྐོར་ལ་ད་ལྟ་མཐོང་བསྡད་པ་རྣམས་གྲངས་ཀ་བརྒྱབ་པ་ཡིན་ན་མི་དྲུག་བདུན་ཅིག་ཡོད་པ་དང་། དེ་ཚོ་མ་འོངས་པར་ཟུར་དུ་བསྐོང་སྟེ་སྒེར་གྱི་རྒྱུ་རྐྱེན་ག་འདྲ་ཞིག་གི་ཐོག་ནས་སྨྱོ་རྫས་སྤྱོད་ཀྱི་ཡོད་པ་དང་དཀའ་ངལ་ག་རེ་འདུག དེ་བཞིན་ཁོང་ཚོར་རེ་བ་ག་རེ་ཡོད་མེད་དང་། སྤྱི་ཚོགས་ནང་འཚོ་མ་ཐུབ་པའི་གནས་སྟངས་ག་རེ་ཆགས་ཡོད་པ་སོགས་ལ་ཞིབ་འཇུག་བྱས་ཏེ། ས་གནས་མགོ་འཛིན་ལས་ཁུངས་ནས་མཐུན་རྐྱེན་ཆེ་ཆུང་ག་རེ་སྦྱར་ཐུབ་ཐུབ་ཅིག་སྦྱར་རྒྱུ་ཡིན་སྐོར་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྒྱ་གར་ནང་བོད་མིའི་ས་གནས་མགོ་འཛིན་ ༣༩ དང་བལ་ཡུལ་ནང་ ༡༢། འབྲུག་ནང་ ༧ བཅས་ཁྱོན་ ༥༨ ཡོད་པ་དང་། ས་གནས་མགོ་འཛིན་བསྐོ་བཞག་གནང་སྟངས་ཐད་དབུས་བོད་མིའི་སྒྲིག་འཛུགས་ནས་གནས་རིམ་དང་མཐུན་པའི་ཐོག་ནས་ཐད་ཀར་བསྐོ་བཞག་གནང་བ་ཞིག་དང་། ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་ས་གནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ་བསྐོ་བཞག་གནང་བ་ཞིག་བཅས་རིགས་གཉིས་ཡོད་པ་དང་། ད་ལྟའི་ཆར་ནང་སྲིད་ཁྱབ་ཁོངས་ཀྱི་ས་གནས་ཁག་ ༥༨ ཀྱི་ནང་ནས་དྷ་རམ་ས་ལ་དང་སོ་ལན་བོན་པོའི་གཞིས་ཆགས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས། སྤིར་གཞིས་ཆགས་བཅས་ཀྱི་ས་གནས་མགོ་འཛིན་རྣམས་མི་མང་གིས་ཐད་ཀར་འོས་འདེམས་གནང་གི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese