མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔོན་འགྲོའི་དགེ་རྒན་གྱི་གླ་ཡོན་ལྗོན་ཤིང་གཙང་སྦྲ་བྱེད་མཁན་ལས་སྐྱོ་བ་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨེ་མི་ལི་དྷི་རུ་ཡི(Emily Deruy)སྤེལ།
སྐལ་ལྡན་གྱིས་བསྒྱུར།

In this April 5, 2012, photo, pre-school teacher Sandra Medina, center, is showered with a confetti egg with students Lyvia Pham, left, 4, Howra Aljumaili, 5, right, and Molly Kiniry, 4, rear right,  at the Refugee and Immigrant Family Center in Seattle. Washington state preschool programs that receive government dollars are among the best in the country but too few kids benefit from the $54 million the state spends on preschool each school year, according to a report released Tuesday, April 10, 2012. (AP Photo/Ted S. Warren)

འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ཀླད་པའི་ཚན་རིག་གི་ཆུ་ཚད་གོང་མཐོར་ཕྱིན་ཡོད་སྟབས། ཕྲུ་གུ་ཆུང་ཆུང་སྐབས་ཀྱི་ཐོག་མའི་ལོ་ཤས་རིང་གི་ཤེས་ཡོན་དེ་ནི། ཕྲུ་གུ་ན་སོན་དུས་གནས་བབ་ཇི་འདྲ་ཞིག་ཏུ་གྱུར་མིན་གྱི་གལ་ཆེའི་རྨང་གཞི་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། སྔོན་འགྲོའི་སློབ་གྲྭ་རྒྱ་སྐྱེད་བྱེད་པའི་ལས་དོན་དེ་ནི་ཨ་རིའི་གྲོས་ཚོགས་ནང་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་ཐུན་མོང་གིས་མོས་མཐུན་བྱས་པའི་གླེང་གཞི་ཉུང་ཤས་ནང་གི་གཅིག་ཡིན། ལས་དོན་འཆར་འགོད་བྱེད་སྟངས་དང་། མ་དངུལ་འགྲོ་གྲོན་གཏོང་ཕྱོགས་ཐད་ཕྱོགས་གཉིས་བར་འགལ་བ་ཡོང་གི་ཡོད། ཕྲུ་གུ་ཆུང་དུས་ཀྱི་ཤེས་ཡོན་སྤུས་ཚད་བཟང་ཞན་གྱིས་ན་གཞོན་དུས་སྐབས་ཀྱི་ཡིག་རྒྱུགས་དང་མཐོ་རིམ་སློབ་གྲྭའི་གནས་རིམ་བཅས་ལ་ཁྱད་པར་ཆེན་པོ་ཡོད་སྐོར་གོ་བསྡུར་རྒྱ་ཆེར་བྱེད་བཞིན་ཡོད།

འོན་ཀྱང་། ལོ་ན་ཆུང་བའི་ཕྲུ་གུའི་དགེ་རྒན་མང་ཆེ་བས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་པ་ཙམ་ལས་རང་ཉིད་ལ་དགོས་མཁོའི་གླ་ཡོན་ཕྲན་བུ་མ་གཏོགས་ཐོབ་ཀྱི་མེད། ཅེས་ཨ་རིའི་ཤེས་ཡོན་དང་འཕྲོད་བསྟེན་ལྷན་ཁང་གི་སྙན་ཐོ་གསར་པའི་ནང་གསལ་ཡོད། བྱིས་པར་ལྟ་སྐྱོང་བྱེད་མཁན་མང་ཆེ་བ་བུད་མེད་ཡིན་པ་དང་། དེ་དག་གི་ཡོང་འབབ་ནི་སྐྲ་བཟོ་བ་དང་། སྒོ་སྲུང་བ། ལྗོན་ཤིང་གཙང་སྦྲ་བྱེད་མཁན་སོགས་ལས་ཀྱང་དམའ་བ་ཡིན། ཁཱ་ལི་ཧྥོ་ནི་ཡ་མཐོ་སློབ་ཀྱི་བྱིས་པ་གཅེས་སྐྱོང་གླ་སླས་མཁོ་འདོན་ཁང་གི་ངེས་སྟོན་པ་དང་། ལོ་ངོ་བཅུ་ཕྲག་འགའ་ལོ་ན་ཆུང་བའི་བྱིས་པའི་སྐོར་ལ་ཞིབ་འཇུག་བྱེད་མཁན་མར་སི་ཝའི་ཊེ་བྷུག་(Marcy Whitebook)ལགས་ཀྱིས། གླ་ཕོགས་སྤྲོད་ཕྱོགས་དེ་ནི་དྲང་བདེན་མ་ཡིན་པའི་གནད་དོན་ཞིག་རེད་ཅེས་ཟེར།

གོང་གསལ་སྙན་ཐོའི་ནང་སྤྱིར་བཏང་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་(Childcare workers)ཚོའི་ལོ་རེའི་ཡོང་འབབ་ནི་ཨ་སྒོར་ཁྲི་གཉིས་ལྷག་ཙམ་ཡིན་པ་དང་། སྔོན་འགྲོའི་དགེ་རྒན་ཚོས་སྤྱི་ཡོངས་ཕྲུ་གུ་དེ་དག་གི་ན་ཚོད་ལས་ཅུང་ཟད་ཆེ་བར་སློབ་ཁྲིད་བྱེད་པ་དང་། རྒྱུན་དུ་གཏན་འབེབས་ཟིན་པའི་སློབ་ཚན་ནམ་སྒྲོམ་གཞིའི་འོག་སློབ་ཁྲིད་བྱེད་དགོས་པའི་སྐོར བཀོད་ཡོད། དགེ་རྒན་དེ་དག་གི་ལོ་རེའི་གླ་ཕོགས་ནི་ཨ་སྒོར་ཁྲི་ཉེར་བརྒྱད་ལྷག་ཡིན་ལ། དེ་ནི་དམའ་རིམ་སློབ་ཆུང་གི་དགེ་རྒན་གྱི་གླ་ཕོགས་ལས་ལྡབ་གཅིག་གི་ཉུང་བ་རེད། དེ་ལྟར་ཕྲུ་གུའི་ཤེས་ཡོན་གལ་ཆེའི་རང་བཞིན་དང་། དགེ་རྒན་གྱི་གླ་ཕོགས་བར་ཧེ་བག་ཆེན་པོ་ཤོར་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། མི་རྣམས་ཀྱིས་དེང་རབས་ཚན་རིག་གི་དཔྱད་འབྲས་ལ་དོ་སྣང་དང་ཤེས་ཚོར་མ་བྱུང་བའི་རྐྱེན་གྱིས་ཡིན།

ཨ་རིའི་མངའ་སྡེ་ཇོར་ཇི་ཡ་(Georgia)དང་། མི་སོ་རི་(Missouri) ཨོག་ལ་ཧོ་མ་(Oklahoma) ཊན་ནི་སི་(Tennessee)བཅས་བཞི་པོར་གཞི་རིམ་སློབ་གྲྭ་མཐོ་དམའ་བར་གསུམ་ཚང་མའི་དགེ་རྒན་གཙོ་གྲས་ཀྱི་གླ་ཕོགས་གཅིག་མཚུངས་ཡིན་པའི་སྐོར་གོང་འཁོད་སྙན་ཐོའི་ནང་བཀོད་ཡོད། དེ་བཞིན། མངའ་སྡེ་མང་པོས་སྔོན་འགྲོའི་དགེ་རྒན་གྱི་ཤེས་ཚད་མཐོན་པོ་དགོས་པའི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད། སྔ་ལོ་རྒྱལ་ཁབ་ཀྱི་སྨན་རིགས་སློབ་གཉེར་དང་ཞིབ་

འཇུག་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། ཕྲུ་གུ་སྐྱེད་སྲིང་གི་ཚན་རིག་དཔྱད་འབྲས་བརྒྱུད་སྔོན་འགྲོའི་དགེ་རྒན་གྱི་ཤེས་ཡོན་ཆུ་ཚད་དང་སྦྱོང་བརྡར་དགེ་རྒན་གཞན་དང་གཅིག་མཚུངས་དགོས་སྐོར་བཀོད་ཡོད། ཕྲུ་གུའི་ཀླད་རྩལ་གོང་འཕེལ་འགྲོ་བའི་གལ་ཆེའི་བརྒྱུད་རིམ་དེའི་དགེ་རྒན་རྣམས་ཀྱི་གླ་ཕོགས་ཞན་པའི་ཐོག་དེ་དག་ལ་བུ་རྫི་ལས་ཅུང་གཟི་བརྗིད་ཆེ་བའི་ཆེ་མཐོང་ལས་མེད།

མར་སི་ཡིས་ “མི་རྣམས་ཀྱིས་ལས་དོན་དེ་སྦྱོང་བརྡར་དང་འཇོན་ཐང་མི་དགོས་པའི་ལས་རིགས་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ལོ་ན་ཆེས་ཆུང་བའི་བྱིས་པར་ཤེས་ཡོན་སྤྲོད་རྒྱུ་ནི་དམའ་རིམ་སློབ་ཕྲུག་ལྟར་རྙོག་འཛིང་རང་བཞིན་ཅན་ཞིག་ཡིན། གླ་ཡོན་ཆུང་བས་དགེ་རྒན་མི་ཉུང་བར་སེམས་ངལ་ཡོད། དེའི་རྐྱེན་གྱིས་ཕྲུ་གུ་དང་འབྲེལ་འདྲིས་བྱེད་པར་ཡང་དཀའ་ཚེགས་ཡོང་ངེས་ཡིན། ལོ་ཆུང་བྱིས་པ་སྐྱེད་སྲིང་བྱེད་པའི་གང་ཟག་དེ་རང་ཉིད་ཀྱི་ཕྲུ་གུ་གསོ་སྐྱོང་བྱེད་མི་ཐུབ་པའི་སེམས་ངལ་རྩ་བ་ནས་ཡོང་འཇུག་མི་ཉན་པ་ཞིག་ཡིན།”ཞེས་དང་། “ང་ཚོས་བྱིས་པར་ཤེས་ཡོན་སྤྲོད་སྐབས་ཀྱི་གྲ་སྒྲིག་དང་། རམ་འདེགས། གྲུབ་འབྲས་བཅས་ནམ་ཡང་ཐ་དད་དུ་དབྱེ་མི་རུང་བ་ཡིན།”ཞེས་བརྗོད།

མར་སི་ཡི་ཞིབ་འཇུག་དེས། ན་ཆུང་བྱིས་པ་ལྟ་སྐྱོང་བ་སྤྱི་དང་ལྷག་པར་མཐོ་སློབ་ཀྱི་ལག་ཁྱེར་ཡོད་རིགས་ཀྱི་གླ་ཡོན་འོས་ཤིང་འཚམས་པ་ཡོད་ཚེ་དགེ་རྒན་གྱི་སྤུས་ཚད་གོང་འཕེལ་འགྲོ་ངེས་ཡིན་པ་དང་། དེ་བས་ཀྱང་གལ་ཆེ་བ་ནི་བྱིས་པར་ལྟ་རྟོག་དང་ཤེས་ཡོན་སྤུས་ཚད་ལྡན་པ་ཐོབ་ངེས་ཡིན་པ་གསལ་བཤད་བྱས་ཡོད། ད་ལྟའི་ཆར་དགེ་རྒན་དེ་དག་གིས་ཤེས་ཡོན་སྤྲོད་ཡུལ་གྱི་བྱིས་པ་དེ་དག་ལ་དོ་ཕོག་ཆེན་པོ་བཟོ་བ་ལས། དགེ་རྒན་དོ་བདག་གི་གླ་ཡོན་དང་ཤེས་ཚད་གཉིས་ཀྱི་བར་ཁྱད་པར་གང་ཡང་མེད། དེས་ན་དགེ་རྒན་དེ་དག་གིས་རང་ཉིད་ཀྱི་ཤེས་ཚད་གོང་འཕེལ་གཏོང་བའི་དགོས་པ་མེད། གལ་ཏེ་ཤེས་ཡོན་ཆུ་ཚད་གོང་མཐོར་ཕྱིན་པའི་དབང་དུ་བཏང་ན་ཡང་། ལས་དོན་དེ་རྒྱབ་བསྐྱུར་གྱིས་ཡོང་འབབ་ཆེ་བའི་ལས་རིགས་གཉེར་ངེས་ཡིན།

ཞིབ་འཇུག་བྱས་པ་བརྒྱུད་ཤེས་རྟོག་བྱུང་བ་ཞིག་ནི། ལོ་ན་ཆུང་བའི་བྱིས་པར་ཤེས་ཡོན་གྱི་གོ་སྐབས་ཇི་ཙམ་བཟང་བ་ཐོབ་པ་དེས་དམའ་འབྲིང་སློབ་གྲྭར་སློབ་སྦྱོང་སྤུས་ཚད་ལེགས་པ་བྱེད་ཐུབ་པའི་དགེ་མཚན་ཡོད་པ་མ་ཟད། འབྱུང་འགྱུར་མདུན་ལམ་བཟང་བ། འཇོན་ཐང་ཆེ་བ། ལུས་ཁམས་བདེ་བ་སོགས་ཡོང་བའི་ཁྱད་ཆོས་ལྡན་ཡོད་པ་དེ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་ལས་གཞི་སྒྲིག་དགོས་པ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན། ཕ་མ་གཉིས་ཀ་ཕྱིར་ལས་ཀ་བྱེད་པའམ། ཡང་ན་ཕ་མ་གང་རུང་གཅིག་ཕྱིར་ལས་ཀ་བྱས་ཏེ་འཚར་ལོངས་འབྱུང་བཞིན་པའི་ཕྲུ་གུའི་གྲངས་འབོར་མི་ཐོག་གོང་མ་རྣམས་ལས་མང་བ་ཡོད། ཨ་རའི་ནང་ལོ་ན་དྲུག་ནང་ཚུད་ཀྱི་ཕྲུ་གུ་ས་ཡ་ ༢༧.༧ ལས། ས་ཡ་ ༡༡ ཙམ་ཀྱི་ནང་མིའི་འཚོ་བའི་གནས་སྟངས་ཞན་པས་ཕྲུ་གུ་དེ་དག་ལ་དགོས་མཁོའི་ཤེས་ཡོན་ཐོབ་ཀྱི་མེད་པ་དང་། ཕྲུ་གུ་དེ་དག་གིས་དམའ་རིམ་སློབ་ཆུང་འགྲིམ་སྐབས་འབྱོར་ལྡན་ཁྱིམ་ཚང་གི་ཕྲུ་གུའི་གནས་ཚད་ལས་སྐྱོ་བ་ཡོད།

ཤེས་ཡོན་དྲུང་ཆེ་ཇོན་ཀིང་(John King)གི་གཏམ་བཤད་ཅིག་གི་ནང་ “རྒྱལ་ཁབ་ཀྱི་ན་ཆུང་བྱིས་པ་དག་གི་ཤེས་ཡོན་རིན་ཐང་དང་བསམ་བློའི་འཕོ་འགྱུར་གྱི་གལ་གནད་ཤེས་བཞིན་དུ་དེ་དག་ལ་ལམ་སྟོན་གནང་མཁན་དགེ་རྒན་གྱི་རིན་ཐང་ཤེས་ཀྱི་མེད།” ཅེས་དང་། “ཕྲུ་གུ་དེ་དག་གི་སྐབས་བབ་འཚར་ལོངས་དང་། འབྱུང་འགྱུར་ཤེས་ཡོན། མི་ཚེ་ཧྲིལ་པོའི་མདུན་ལམ་བཅས་བཟང་པོ་ཡོང་བར་དམའ་རིམ་སློབ་ཆུང་མ་འགྲིམ་གོང་ཕྲུ་གུར་ལམ་སྟོན་བྱེད་མཁན་རྣམས་ལ་ཤེས་ཚད་དང་། འཇོན་ཐང་། ནུས་པ། ཉམས་མྱོང་གང་ཐད་ནས་ཕུན་སུམ་ཚོགས་པོ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན།”ཞེས་བརྗོད།

སྔ་ལོ་ཝན་དྷར་བྷིལ་མཐོ་སློབ་(Vanderbilt University)ཀྱི་སློབ་དཔོན་དྷལ་ཧྥ་རན་(Dale Farran)གྱིས། སྔོན་འགྲོའི་སློབ་ཁྲིད་ཀྱི་ལས་རིམ་འགའ་ཞིག་ཕུགས་རྒྱང་རིང་པོར་ཁེ་ཕན་ཆེན་པོ་ཡོད་སྐོར་གྱི་དཔྱད་རྩོམ་ཞིག་སྤེལ་ཡོད། ཁོ་མོས་སྤྱིར་བཏང་སྔོན་འགྲོའི་སློབ་ཁྲིད་ཀྱི་ལས་རིམ་སྐྱོན་ཅན་ཡིན་པའི་དོན་མ་ཡིན་པར། མཐར་ཐུག་གི་ཁེ་ཕན་བསྲུང་བར་སྤུས་ཚད་ལྡན་པའི་སློབ་ཁྲིད་ཀྱི་ལས་རིམ་དགོས་གལ་ཆེན་པོ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དེ་ཡིན། ཁོ་མོས་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་གི་སྐོར་ཐང་(The student teacher ratio)ཇི་ཙམ་ཉུང་བའི་ཁར། གཙོ་བོ་སྐད་ཡིག་གནས་ཚད་དང་བསམ་བློའི་ནུས་སྟོབས་གོང་འཕེལ་གཏོང་བའི་སློབ་ཁྲིད་ལས་རིམ་འཆར་འགོད་བྱེད་ཐུབ་པ་བྱུང་ན་ཁེ་ཕན་ངོ་མ་ཡོད་སྐོར་བརྗོད་ཡོད། འོན་ཀྱང་། ཁོ་མོས་སྲིད་ཇུས་གཏན་འབེབས་བྱེད་མཁན་དང་ཤེས་ཡོན་ཅན་ཚོས་དེ་དོན་ཞིབ་འཇུག་དཔྱིས་ཕྱིན་པ་བྱེད་པ་ལས། བསམ་གཞིགས་ནན་པོ་མ་བྱས་པའི་འཆར་གཞིའི་ཐོག་དོན་མེད་འགྲོ་གྲོན་མི་གཏོང་བའི་རེ་བ་བྱེད་ཀྱི་ཡོད།

རྒྱལ་ཁབ་ཀྱིས་ན་ཆུང་བྱིས་པའི་གལ་ཆེའི་འཚར་ལོངས་ཀྱི་བརྒྱུད་རིམ་དེར་ལེགས་སྐྱེས་འབུལ་བར་སྤྲོ་བའི་དགེ་རྒན་རྣམས་ལ་སྤུས་ཚད་ལྡན་པའི་ལས་རིམ་གོ་སྒྲིག་བྱེད་མ་ཐུབ་པ་ནི་ཐབས་སྐྱོ་བའི་རང་བཞིན་ལས་མ་འདས། མར་སི་ཡིས་“ཕྲུ་གུར་ལམ་སྟོན་བྱེད་པའི་དགེ་རྒན་དེ་རྣམས་ཀྱི་བརྩེ་བ་དང་ལྷག་བསམ་ལ་ལྷད་མེད་ཀྱང་། ཕྲུ་གུ་རྒྱུས་ལོན་བྱེད་རྒྱུ་དང་གནས་སྟངས་ཇི་འདྲ་ཞིག་ལ་ལམ་སྟོན་ཇི་འདྲ་ཞིག་བྱེད་དགོས་མིན་ཤེས་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་ཡིན།”ཞེས་ཟེར།

རྒྱལ་ཁབ་ཀྱི་ལོ་ན་ཆུང་བའི་ཕྲུ་གུའི་ཤེས་ཡོན་ཞིབ་འཇུག་ཁང་གི་སློབ་དཔོན་ཨ་ལི་སན་(Allison)གྱིས་“གླ་ཕོགས་དང་འགྲོ་གྲོན་ཕྲན་བུ་ལས་མ་བཏང་བར་ལས་ཀའི་སྤུས་ཚད་ལེགས་པོ་ཡོང་བའི་ཐབས་ཇི་འདྲ་ཞིག་ཡོད་དམ། དེ་ནི་དངོས་ཡོད་དཀའ་ངལ་ཅན་ཞིག་རེད།”ཅེས་ཟེར། འོན་ཀྱང་མར་སི་ཡིས་དགེ་རྒན་གྱི་གླ་ཡོན་གོང་མཐོར་གཏོང་ཐུབ་པ་བྱུང་ན་ཕྲུ་གུར་དགོས་པའི་ཤེས་ཡོན་དང་གསོ་སྐྱོང་གི་ནུས་པ་ཡང་གོང་མཐོར་འགྲོ་བའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཁོ་མོས་“གླ་ཕོགས་ལ་འགྱུར་བ་བཏང་ན་ལས་མི་ལོས་ཡོད།” ཅེས་བརྗོད།

མི་རིང་བར་མར་སི་ཡི་ཞིབ་འཇུག་ཚོགས་ཆུང་དེས་མངའ་སྡེ་རེ་རེས་ལོ་ན་ཆུང་བའི་བྱིས་པའི་ཤེས་ཡོན་ཐོག་འགྲོ་གྲོན་དང་། ཤེས་ཡོན་གོང་འཕེལ་ཇི་ལྟར་གཏོང་མིན་གྱི་སྙན་ཐོ་ཞིག་འདོན་འཆར་ཡོད་པ་དང་། ཁོ་མོས་བརྗོད་པ་ལྟར་ན་མངའ་སྡེ་མི་ཉུང་བས་རྒྱུ་མཚན་ལྡན་པའི་ལག་ལེན་བསྟར་གྱི་ཡོད་ཀྱང་། ཞིབ་འཇུག་སྙན་ཐོའི་ནང་གསལ་བའི་སྙིང་དོན་བཞིན་མདུན་སྐྱོད་བྱེད་མཁན་མངའ་སྡེ་གཅིག་ཀྱང་མེད། མཐའ་ན་ཆེད་ལས་དགེ་རྒན་གྱི་སྦྱོང་བརྡར་སྤྲོད་ཡུལ་མཐོ་སློབ་ཁག་གིས་ཀྱང་ལོ་ན་ཆུང་བའི་བྱིས་པར་ཤེས་ཡོན་སློབ་སྟོན་བྱེད་མཁན་ལ་དེ་ཙམ་གྱི་བརྩི་འཇོག་བྱེད་ཀྱི་མེད། ཆེད་ལས་ལམ་སྟོན་བྱེད་པའི་མཐོ་སློབ་ཀྱི་སློབ་དཔོན་དང་མཐུན་རྐྱེན་ཡང་སྡེ་ཚན་གཞན་ལས་ཞན་པ་ཡོད། ཐེངས་ཤིག་ “ཨོའི། ཁྱོད་ཚོ་བྱིས་པར་ལྟ་རྟོག་བྱེད་མཁན་གྲས་མ་རེད་དམ།”ཞེས་ལས་རོགས་ཕན་ཚུན་ཟུར་ཟའི་ཚིག་མདའ་འཕེན་པ་མ་སི་ཡིས་གོ་ཡོད་པ་རེད། འོན་ཀྱང་། ཁོ་མོས་འབྱུང་འགྱུར་ལྟ་སྟངས་དེར་འགྱུར་བ་འགྲོ་བའི་རེ་བ་བྱེད་ཀྱིན་ཡོད་པ་དང་། སྤྱིར་ལོ་ན་ཆུང་བའི་ཕྲུ་གུའི་ཤེས་ཡོན་ཐོག་དོ་ཁུར་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་ཟེར། ཞིབ་འཇུག་སྙན་ཐོའི་དགོས་དམིགས་གཙོ་བོ་ནི་འབྱུང་འགྱུར་བྱིས་པའི་ཤེས་ཡོན་གོང་འཕེལ་གཏོང་བའི་སྲིད་ཇུས་འོག དབུལ་ཕོངས་ཀྱི་ལམ་བུ་ལས་མདུན་ལམ་བཟང་བ་ཞིག་ཡོང་རེ་བྱེད་པ་དེ་ཡིན་ཟེར།

མ་རྩོམ་གྱི་དྲ་ཐག http://www.theatlantic.com/education/archive/2016/06/preschool-teachers-earn-less-than-tree-trimmers/487025/

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

མཆན། 5

  1. ལྷ་ཐོག says:
    ལོ་ 10 སྔོན།

    བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེའི་ཁྲོད་དགེ་རྒན་ནི་གླ་ཡོན་གྱི་གནས་རིམ་དམའ་ཤོས་ཤིག་ཏུ་རྩིས་ཆོག

    Reply
  2. ཤར་མདའ། says:
    ལོ་ 10 སྔོན།

    སྐལ་ལྡན་ལགས་བཀྲིན་ཆེ་སྒྱུར་རྩོམ་འདི་ནི་སྦྱི་ཚོགས་དངོས་ལ་ཕན་ནུས་ཡོད་པ་ཞིག་དང་ངེས་པར་དབུ་ཁྲིད་ཚོས་ཐུགས་བསམ་གཏོང་དགོས་པ་ཞིག་རེད་མ་ཟད་གོང་ནས་བརྗོད་པ་ལྟར་བྱིས་པ་ལ་ཤེས་ཡོན་སྤྲོད་མཁན་ཚོའི་ལས་གླ་སོགས་ཉུང་ཤས་ལས་མེད་པ་འདི་ནི་དོན་ངོས་ལ་ལྟས་ན་དག་དག་ཞིག་གནས་ཡོད་པ་མ་རེད་ཐོག་མར་བྱིས་པ་ལ་སློབ་གསོ་གནང་མཁན་དང་ཤེས་རིགས་སྒྲོན་མེ་ཐོགས་མ་སྤར་མཁན་གྱི་དགེ་རྒན་ཡིན་དུས་ངེས་པར་འབྱོར་ལྡན་རྒྱལ་ཁབ་ཚོས་དང་བསྡུར་ནས་འགྲོ་ཐུབ་ལ་ཐུགས་བསམ་གཏོང་ཡ་འདུག

    Reply
  3. སྐལ་ལྡན། says:
    ལོ་ 10 སྔོན།

    གངས་ཅན་པ་ལགས་ཐུགས་རྗེ་ཆེ། སྐུ་ཉིད་ཀྱིས་གསུངས་པ་བཞིན་ཨ་སྒོར་ཁྲི་ཉེར་བརྒྱད་མ་ཡིན་པར། ཉིས་ཁྲི་བརྒྱད་སྟོང་ཡིན་པས་དགོངས་འཇག་ཞུུ།

    Reply
  4. བློ་བཟང་དགེ་འདུན། says:
    ལོ་ 10 སྔོན།

    མཁྱེན་ཡངས་སྐལ་ལྡན་ལགས་ཀྱིས་ཤེས་ཡོན་སློབ་གསོའི་སྐོར་ནས་རྩོམ་ཡིག་གལ་ཆེན་པོ་ཞིག་བོད་བསྒྱུར་ཞུས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཆབ་སྲིད་རྐྱང་རྐྱང་མ་ཡིན་པར་མཚམས་རེར་ཤེས་ཡོན་སློབ་གསོ་དང་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་སོགས་ཀྱི་སྐོར་ནས་ཀྱང་བོད་པ་ཚོར་གོ་རྟོགས་སྤེལ་ཐུབ་ན་ཧ་ཅང་ཡག་པོ་འདུག་བསམ་སོང་།

    Reply
  5. གངས་ཅན་པ། says:
    ལོ་ 10 སྔོན།

    “གོང་གསལ་སྙན་ཐོའི་ནང་སྤྱིར་བཏང་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་(Childcare workers)ཚོའི་ལོ་རེའི་ཡོང་འབབ་ནི་ཨ་སྒོར་ཁྲི་གཉིས་ལྷག་ཙམ་ཡིན་པ་དང་། སྔོན་འགྲོའི་དགེ་རྒན་ཚོས་སྤྱི་ཡོངས་ཕྲུ་གུ་དེ་དག་གི་ན་ཚོད་ལས་ཅུང་ཟད་ཆེ་བར་སློབ་ཁྲིད་བྱེད་པ་དང་། རྒྱུན་དུ་གཏན་འབེབས་ཟིན་པའི་སློབ་ཚན་ནམ་སྒྲོམ་གཞིའི་འོག་སློབ་ཁྲིད་བྱེད་དགོས་པའི་སྐོར བཀོད་ཡོད། དགེ་རྒན་དེ་དག་གི་ལོ་རེའི་གླ་ཕོགས་ནི་ཨ་སྒོར་ཁྲི་ཉེར་བརྒྱད་ལྷག་ཡིན་ལ།” ཞེས་པ་ལས་གླ་ཕོགས་ཀྱི་གྲངས་འབོར་དེ་ནོར་འཛོལ་བྱུང་མེད་དམ་སྙམ། ལོ་རེར་ཨ་སྒོར་ཁྲི་ཉེར་བརྒྱད་ལྷག་ཡིན་ན་ཟླ་རེ་ལ་ཨ་སྒོར་ཁྲི་གཉིས་ལྷག་ཡོང་གི་ཡོད་སྟབས་མི་སྲིད་པ་ལྟ་བུ་ཞིག་མཐོང་། བསྐྱར་ཞིབ་ཅིག་གནང་དགོས་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese