མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་གཞུང་གི་མི་སྣ་སླེབ་དུས་ལོ་ ༡༨ མ་ལོན་པའི་གྲྭ་བ་ཚོ་གབ་འདུག་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཤས་སྔོན་དབུས་སྣེ་ལེན་ཁང་དུ་འབྱོར་བའི་དགེ་འདུན་པ་ཞིག་གིས་དེང་སང་ཁོང་གི་ཕ་ཡུལ་དུ་གྲྭ་བ་བྱེད་མཁན་ཉུང་དུ་ཕྱིན་ཡོད་ཀྱང་ད་ཡོད་ཀྱི་གྲྭ་བའི་བརྒྱ་ཆ་ ༨༠ བཤད་གྲྭ་ནང་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།

indexརྒྱ་གཞུང་གི་དངོས་ཤུགས་བརྒྱུད་གསུམ་གྱི་བཙན་གནོན་དམ་དྲག་འོག་བོད་ནང་དུ་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། ཐུན་མོང་མ་ཡིན་པའི་འཚོ་བའི་གོམ་སྲོལ་སོགས་རིམ་བཞིན་ཉམས་དམས་སུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་བོད་མི་རིགས་ཙམ་མ་ཟད། ཕྱི་ནང་གི་ནང་བསྟན་རིག་པའི་རྗེས་འཇུག་པ་ཚོ་གོང་བུ་གཅིག་ཏུ་སྒྲིལ་བར་ནུས་པ་བླ་མེད་མཆིས་པའི་བོད་བརྒྱུད་ནང་བསྟན་འདི་རྩ་བ་རུལ་བའི་སྡོང་པོ་ལྟ་བུ་ཞིག་ཏུ་འགྱུར་ཐབས་སུ། རྒྱ་གཞུང་གིས་(ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག)དང་(བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས)ཟེར་བ་སོགས་གཏན་འབེབས་བྱས་ཏེ། བོད་ནང་གི་དགོན་སྡེ་ཆེ་འབྲིང་ཆུང་གསུམ་དམིགས་འབེན་དུ་བཟུང་ནས་བོད་ཁམས་ཡོངས་སུ་དམ་དྲག་གི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། འདས་ལོར་བོད་ནང་གི་ཆོས་དད་རང་དབང་ལ་དམ་དྲག་བྱས་པ་ཧ་ཅང་ཚབས་ཆེན་ཡིན་ལུགས་ལོ་འཁོར་གྱི་འཇུག་ཞིབ་སྙན་ཐོ་ཁག་གི་ནང་ཐོན་ཡོད་སྟབས། ཉིན་ཤས་གོང་དབུས་སྣེ་ལེན་ཁང་ནང་གསར་དུ་འབྱོར་བའི་དཀར་མཛེས་ཁུལ་ནས་ཡིན་པའི་དགེ་འདུན་པ་ཞིག་ལ། ཁོང་གི་དགོན་པ་དང་འབྲེལ་བའི་ཐོག་ནས་གནས་ཚུལ་ཁག་ཅིག་གི་ཐད་ཁ་བརྡ་བྱས་ཡོད།

དགེ་འདུན་པ་ཁོང་ཆུང་དུས་ནས་ས་གནས་ཀྱི་དགོན་པ་ཞིག་ཏུ་གྲྭ་བ་བྱས་ཤིང་། རང་ལོ་ ༡༧ ལ་སོན་སྐབས་ས་གནས་ཀྱི་ནང་བསྟན་སློབ་གླིང་ཞིག་ཏུ་ཕྱིན་ཏེ་ལོ་ ༡༠ ཙམ་གྱི་རིང་གཞུང་ཆེན་ལ་སློབ་གཉེར་བྱས་ཡོད་འདུག ཁོང་གིས་བརྗོད་ན། ཁོང་གི་ཕ་ཡུལ་གྱི་ལོ་ན་ ༢༥ མན་གྱི་ན་གཞོན་མང་ཆེ་བ་སློབ་གྲྭར་འགྲོ་ཡི་ཡོད་པ་དང་། ལོ་ ༢༥ བརྒལ་བ་ཕལ་ཆེར་བས་རང་ཡུལ་ནས་སྒེར་འཁོར་བཏང་ནས་གླ་ལེན་པ་དང་། དབྱར་རྩྭ་དགུན་འབུ་བརྐོ་བ། ཁང་པ་རྒྱག་པ་སོགས་ཞོར་ལས་གཉེར་ཏེ་ཡོང་སྒོ་འཚོལ་བཞིན་ཡོད་སྐོར་དང་། ཁོང་དྷ་རམ་ས་ལར་ཡོང་སྟེ་ནོར་གླིང་མཐོ་སློབ་ཏུ་ཡིག་ཚད་གཏོང་བའི་འདུན་པ་ཆེན་པོ་ཡོད་ཀྱང་། བལ་ཡུལ་སྣེ་ལེན་ཁང་དུ་ཟླ་གཉིས་རིང་ལྷག་སྟེ་འདི་ལོའི་ཡིག་ཚད་ཀྱི་རྗེས་ཆོད་མེད་པ་དང་། ད་ལོར་གོ་སྐབས་མ་རག་ན་སློབ་གྲྭ་གཞན་ཞིག་ཏུ་སོང་སྟེ་རྗེས་མ་ནོར་གླིང་མཐོ་སློབ་ཏུ་ཡིག་ཚད་གཏོང་འཆར་ཡོད་སྐོར་སོགས་བརྗོད་བྱུང་།

ཁོང་གིས་གསར་འགོད་པར་བལ་ཡུལ་ནས་བོད་ཀྱི་རྒྱལ་དར་འཕྱར་ཡོད་པ་དང་པོ་མཐོང་དུས་སེམས་ལ་ཚོར་སྣང་མ་འདྲ་བ་ཞིག་བྱུང་སྐོར་བརྗོད་དོན། ང་བལ་ཡུལ་དུ་འབྱོར་རྗེས་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སྐོར་བ་བྱེད་དུ་སོང་བ་དང་། ཉེ་འགྲམ་དུ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་འཕྱར་ཡོད་པ་མཐོང་སྐབས་སེམས་ལ་ཚོར་སྣང་མ་འདྲ་བ་ཞིག་འདུག ང་ཚོའི་ཕ་ཡུལ་ལྟ་བུ་ཡིན་ན་བོད་ཀྱི་རྒྱལ་དར་འཕྱར་ཆོག་རྒྱུ་ཕར་ཞོག ཐ་ན་ཁ་པར་ནང་དུ་རྒྱལ་དར་གྱི་པར་ཉར་ཚགས་བྱས་ཡོད་པ་ཉེན་རྟོག་པས་མཐོང་ཚེ་འཛིན་བཟུང་གིས་འདྲི་རྩད་མང་པོ་བྱེད་ངེས་རེད་ལ། གྲོང་ཚོའི་ནང་གི་མགོ་འཁྲིད་དང་ལས་བྱེད་དེ་ཚོས་མཐོང་བ་ཡིན་ནའང་པར་དེ་འདྲ་ཉར་ཚགས་བྱས་ན་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་གྱི་ཡོད་སྐོར་སློབ་གསོ་འདྲ་བོ་རྒྱག་ཁུལ་བྱས་ཏེ་པར་གསུབ་ཏུ་འཇུག་ངེས་རེད་ཅེས་ཟེར།

བོད་ནང་གི་དགོན་པའི་སློབ་སྦྱོང་གི་ཁོར་ཡུག་ལ་འགྱུར་ལྡོག་ག་རེ་འགྲོ་བཞིན་ཡོད་དྲིས་པར་ཁོང་གིས། སྔོན་མ་དང་བསྡུར་ན་འགྱུར་བ་ཆེན་པོ་ཕྱིན་འདུག སྔོན་མ་ཡིན་ན་བོད་ཡིག་འབྲི་ཀློག་ཤེས་པ་ཙམ་གྱིས་རིག་གནས་ཅན་ལྟ་བུར་རྩི་བ་རེད། ང་ཚོ་ཆུང་དུས་དགོན་པའི་འདོན་ཕྱག་ལེན་དེ་ཚོ་ཤེས་ན་མཁས་པའི་གྲས་སུ་འཇོག་པ་རེད། ཡིན་ནའང་། དེང་སང་དེ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། དགེ་འདུན་པ་ཞིག་ཡིན་ན་ངེས་པར་དུ་གཞུང་བཀའ་པོད་ལྔ་ལ་སྦྱོང་དགོས་པ་མ་ཟད། སྦྱངས་བ་ཙམ་མིན་པར་མཐར་ཕྱིན་པ་ཞིག་མ་ཆགས་ན་མཁས་པའི་གྲལ་དུ་ཚུད་ཀྱི་མི་འདུག དེར་བརྟེན་དེང་སང་ང་ཚོའི་ཕྱོགས་ཀྱི་གྲྭ་བ་ཚོས་གཞུང་བཀའ་པོད་ལྔ་ལ་སྦྱོང་བ་མཐར་ཕྱིན་ཐུབ་པའི་དམིགས་ཡུལ་འཛིན་གྱི་འདུག སྔོན་མ་ང་ཚོའི་དགོན་པའི་ནང་འདོན་ཕྱག་ལེན་འདྲ་སྦྱངས་ཏེ་གྲོང་ཆོག་ཏུ་འགྲོ་མཁན་མ་གཏོགས་བཤད་གྲྭར་འགྲོ་མཁན་ཉུང་ཉུང་རེད། ཡིན་ནའང་། དེང་སང་གྲྭ་བའི་བརྒྱ་ཆ་ ༨༠ དེ་བཤད་གྲྭའི་ནང་འགྲོ་ཡི་ཡོད་པ་རེད་ཅེས་དང་།

བོད་ནང་དུ་གྲྭ་བ་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པའི་སྐོར་ནས་ཁོང་གིས། སྔོན་མ་དང་བསྡུར་ན་དེང་སང་གྲྭ་བ་བྱེད་མཁན་ཏོག་ཙམ་ཉུང་ཉུང་རེད། དཔེར་ན། ང་རང་ལྟ་བུ་ཡིན་ན། ངའི་ཁྱིམ་ལ་བུ་གསུམ་ཡོད་པ་དང་། ང་དང་ངའི་འོག་མ་བུ་ངེད་གཉིས་ཆུང་དུས་ནས་གྲྭ་བ་བྱས་པ་རེད། དེང་སང་ཆུང་དུས་ནས་གྲྭ་བ་བྱེད་མཁན་ཉུང་ཉུང་འདྲ་ཆགས་ཏེ། ཕ་མ་ཚང་མས་སོ་སོའི་བྱིས་པ་ཆུང་ཆུང་སྐབས་ནས་སློབ་གྲྭར་གཏོང་གི་འདུག ཕ་མ་ཁ་ཤས་ལ་སོ་སོའི་བུ་གྲྭ་བ་བྱེད་པའི་དམིགས་ཡུལ་ཡོད་པ་ཡིན་ནའང་དང་པོ་སློབ་གྲྭར་གཏོང་གི་ཡོད་པ་དང་། སློབ་གྲྭར་སོང་ནས་རྒྱ་ཡིག་དང་ཨང་རྩིས། དབྱིན་ཡིག་སོགས་ཡག་པོ་སྦྱངས་རྗེས་གྲྭ་བ་བྱས་ན་ཡག་པོ་ཡོད་པ་རེད་བསམ་པའི་དམིགས་ཡུལ་ཞིག་འཛིན་གྱི་ཡོད་ས་རེད། ཡང་ཁ་ཤས་ཀྱིས་གྲྭ་བ་བྱས་ན་དོན་དག་མི་འདུག དེ་ལས་སློབ་གྲྭར་བཏང་སྟེ་ལས་བྱེད་པ་ཆགས་ན་ཡག་པོ་འདུག་བསམ་མཁན་ཡང་ཡོད་ས་རེད། ཅེས་བརྗོད་བྱུང་།

ཁོ་ཚོའི་དགོན་པའི་ནང་ལོ་བཅོ་བརྒྱད་མ་སོན་བར་དུ་གྲྭ་བ་བྱེད་མི་ཆོག་པའི་ཁྲིམས་དེ་ལག་བསྟར་བྱེད་ཀྱི་ཡོད་མེད་དྲིས་པར། ཁྲིམས་དེ་དགོན་པ་ཚང་མར་ཡོད་པ་ཞིག་རེད། ང་ནང་བསྟན་སློབ་གྲྭའི་ནང་ལོ་ ༡༠ ལ་བསྡད་པ་དང་། དེའི་རིང་གོང་རིམ་གྱི་མི་སྣ་དེ་འདྲ་ཐེངས་གཉིས་གསུམ་ཞིག་ལ་ང་ཚོའི་སློབ་གྲྭ་རུ་ལྟ་རུ་བསླེབས་སོང་། སྐབས་དེར་ང་ཚོའི་སློབ་གྲྭའི་ནང་གི་ལོ་ན་ ༡༨ མ་ལོན་པའི་གྲྭ་བ་རྣམས་ཁང་པ་ཞིག་གི་ནང་དུ་འཛུལ་ནས་གབ་བསྡད་པ་རེད། སྤྱིར་བཏང་གྲྭ་བ་ག་ཚོད་ཡོད་མེད་ཀྱི་བསྡོམས་གྲངས་དེ་གོང་རིམ་ལ་སྤྲད་དགོས་ཀྱང་། གྲྭ་བ་རེ་རེའི་ལོ་ཚད་ཕལ་ཆེར་སྤྲོད་དགོས་ཀྱི་མེད་པ་འདྲ་གསལ་པོ་གསལ་པོ་ཞིག་ཤེས་མ་སོང་། གང་ལྟར་ལོ་བཅོ་བརྒྱད་མ་སོན་པ་ཚོ་དགོན་པའི་ནང་དུ་བསྡད་ན་ཁྲིམས་འགལ་ཆགས་ཀྱི་ཡོད་པ་རེད་ཅེས་ཟེར།

གྲྭ་བའི་ལག་ཁྱེར་ཟེར་བ་དེ་ག་རེ་ཡིན་པ་དང་། དེ་བཟོ་བར་ཆ་རྐྱེན་ག་རེ་ཚང་དགོས་དྲིས་པར་ཁོང་གིས། ལག་ཁྱེར་དེ་དགོན་པའི་ནང་དུ་སྡོད་ཆོག་པའི་གྲྭ་བ་ཚོ་ལ་ཡོད་པ་རེད། ལག་ཁྱེར་དེ་བཟོ་བར་གྲྭ་བ་རང་ཉིད་ཀྱི་པར་ཞིག་དང་སྐྱེས་ལོ་སོགས་དགོས་པ་རེད། སྤྱིར་བཏང་ང་ཚོའི་ནང་ལོ་ ༡༨ མ་ལོན་པའི་གྲྭ་བ་མང་པོ་ཡོད་པ་དང་། ཁོ་ཚོར་ལག་ཁྱེར་དེ་མེད་པའི་རྐྱེན་གྱིས་ཁྲིམས་ཀྱི་ཐོག་ནས་དགོན་པའི་ནང་འདུག་ཆོག་གི་ཡོད་པ་མ་རེད། ཡིན་ནའང་། གྲྭ་ཆས་གྱོན་ནས་གྲོང་པའི་ནང་བསྡད་པ་ཡིན་ན་སྐྱོན་ཡོད་པ་མ་རེད་ཅེས་ཟེར།

རྒྱ་གཞུང་གིས་ལོ་ན་བཅོ་བརྒྱད་མ་སོན་པར་བསྙད་དེ་དགོན་པ་ནས་ཕུད་པའི་གྲྭ་བ་ཚོའི་ནང་ལོ་བཅོ་བརྒྱད་ཟིན་རྗེས་ཕྱིར་དགོན་པ་རུ་ཡོང་མཁན་ཡོད་མེད་དྲིས་པར་ཁོང་གིས། ང་ཚོ་ནང་བསྟན་སློབ་གྲྭ་ལྟ་བུར་མཚོན་ན། སློབ་འབྲིང་མཐར་ཕྱིན་རྗེས་དགོན་པར་ཡོང་ནས་གྲྭ་བ་བྱེད་མཁན་གཉིས་གསུམ་ཞིག་ཡོད་པ་དང་། ཁོ་ཚོས་དཔེ་ཆར་བལྟས་ན་ཧ་ཅང་ཡག་པོ་འདུག གང་ལྟར་རིག་གནས་ཀྱི་ཁ་ཕྱོགས་འདྲ་པོ་དེ་མི་འདྲ་བ་གཉིས་ལ་ཕྱིན་ཡོད་པ་རེད། དང་པོ་སྤྱི་ཚོགས་ཀྱི་སློབ་གྲྭར་སོང་བ་དང་། དེ་ནས་ནང་བསྟན་ལ་སློབ་སྦྱོང་བྱེད་སྐབས་དཔེ་ཆར་ལྟ་སྟངས་དེ་དཔེ་ཡག་པོ་འདུག ངས་དེ་ཡག་པོ་རེད་བསམ་གྱི་འདུག དཔེར་ན། གསེར་རྟ་སྒར་གྱི་མཁན་པོ་བསོད་དར་རྒྱས་དང་ཚུལ་ཁྲིམས་བློ་གྲོས་ལྟ་བུ་ཡིན་ན། སྔོན་མ་སློབ་ཆེན་དང་ཡང་ན་སློབ་འབྲིང་མཐར་ཕྱིན་རྗེས་དགོན་པར་ཡོང་སྟེ་དཔེ་ཆར་བལྟས་བ་རེད། སློབ་ཆེན་དང་སློབ་འབྲིང་སོགས་ག་རེ་མཐར་ཕྱིན་ནས་ཡོང་བ་ཡིན་ནའང་དཔེ་ཆར་ཡག་པོ་ལྟ་མ་ཐུབ་ན་གྲུབ་འབྲས་ཅི་ཐོན་རྒྱུ་ཡོད་པ་མ་རེད། དཔེ་ཆར་ཡག་པོ་ལྟ་ཐུབ་ན་ཁོང་ཚོར་རྨང་གཞི་ཡག་པོ་ཡོད་སྟབས་དཔེ་ཡག་པོ་འདུག་ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

སྐར་མ ༥༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

ཆུ་ཚོད་ ༢༤ སྔོན་ལ།
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣
མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

༢༠༢༦/༠༩/༢༢
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

༢༠༢༦/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese