མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པདྨ་ཚེ་བརྟན་ལཊ་ལ་གཅར་རྡུང་བཏང་སྟེ་སྨན་ཁང་དུ་གཡུཊ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཟི་ལིང་གནམ་ཐང་གི་ཉེན་རྟོག་པས་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་འཛིན་བཟུང་གཅར་རྡུང་བཏང་སྟེ་སྨན་ཁང་དུ་གཡུགས་ཡོད་འདུག

13579690_1062673523814731_382662506_oབོད་ནང་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་མཚན་མོར། པདྨ་ཚེ་བརྟན་ལགས་རྒྱ་ནག་པེ་ཅིན་ནས་ཟི་ལིང་གྲོང་ཁྱེར་གྱི་གནམ་གྲུ་འབབ་ཚིགས་སུ་འབྱོར་ཡོད་པ་དང་། གནམ་གྲུ་འབབ་ཚིགས་ནས་དྲུད་སྒམ་ལྷག་སྟེ་ཕྱིར་ལེན་དུ་འགྲོ་སྐབས། གནམ་ཐང་གི་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་ཉེས་མིང་འོག གནམ་ཐང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་གནམ་ཐང་མངག་གཏོང་ཁང་དུ་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཟི་ལིང་གི་བཀག་ཉར་ཁང་ཞིག་ཏུ་བཅུག་སྟེ་འདྲི་རྩད་གཅར་རྡུང་བཏང་བར་བརྟེན། ཕྱི་ཚེས་ ༢༧ ཉིན་ཁོང་མགོ་ཡོམ་འཁོར་བ་དང་བྲང་གཟེར་བ། ཡན་ལག་སྦྲིད་པ་སོགས་བྱས་ནས་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་པར་བརྟེན། བཀག་ཉར་ཁང་ནས་ཟི་ལིང་གི་སྨན་ཁང་ཞིག་ཏུ་བསྐྱལ་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཁོང་ལ་གཅར་རྡུང་དྲག་པོ་བཏང་བར་བརྟེན་ལུས་སྟེང་དུ་སྔོག་ཐིག་མང་པོ་ཡོད་པ་མ་ཟད། རྨ་ཤུལ་ཚབས་ཆེན་བཟོས་ཡོད་འདུག

བོད་ནང་དུ་ཡོད་པའི་ཁོང་གི་ལས་རིགས་གཅིག་པ་ཞིག་གིས། དྲུད་སྒམ་ཞིག་ལེན་དུ་ཕྱིན་ན་སྤྱི་པའི་སྒྲིག་ལམ་ལ་གཏོར་བརླག་བཏང་བ་ཡིན་ནམ། བཀག་ཉར་གྱིས་གཅར་རྡུང་བཏང་སྟེ་སྨན་ཁང་དུ་སྐྱེལ་དགོས་པ་རེད་དམ། ང་ཚོར་ངེས་པར་དུ་འགྲེལ་བཤད་གསལ་པོ་ཞིག་རྒྱག་དགོས། ཉེ་བའི་ལོའི་ནང་ཁོང་གིས་རྒྱལ་ཕྱི་ནང་གི་གློག་བརྙན་གྱི་སྡིངས་ཆའི་ཐོག་ནས་གཟེངས་རྟགས་མང་པོ་བླངས་ཏེ་མཚོ་སྔོན་གྱི་ཆེད་དུ་ཁྱབ་བསྒྲགས་བྱ་བ་ཤིན་ཏུ་མང་པོ་གནང་ཡོད་པ་རེད། ཡིན་ནའང་། ད་ལན་གནམ་གྲུ་ཐང་གི་ཉེན་རྟོག་པས་ཁོང་ལ་གུས་མེད་རྩུབ་སྤྱོད་འདི་འདྲ་སྤེལ་བ་དེར་གཟོད་སྒོམ་དང་བསམ་ཤེས་བྱེད་ཐབས་མེད། ཅེས་བརྗོད་འདུག

13576517_1062674047148012_664434357_nདེ་རིང་རྒྱ་ནག་གློག་བརྙན་འཁྲབ་འཁྲིད་མཐུན་ཚོགས་ནས་འབྲེལ་ཡོད་ལས་ཁུངས་ལ་སྤྲད་པའི་ཁོང་གི་སྐོར་གྱི་རེ་སྐུལ་ཞུ་ཡིག་ཅིག་བཀྲམ་པའི་ནང་། ཟི་ལིང་གནམ་ཐང་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཉིན་གྲངས་ ༤ འགྲོ་ཡི་ཡོད་ཀྱང་གཞུང་འབྲེལ་གྱི་ཐོག་ནས་དངོས་སུ་བརྡ་ཁྱབ་གང་ཡང་སྤེལ་མེད་སྟབས། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གློག་བརྙན་འཁྲབ་སྟོན་པའི་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་མི་སྣས་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། མཐུན་ཚོགས་ཀྱི་ངོས་ནས་རང་ཁོངས་ཚོགས་མིར་སྲུང་སྐྱོབ་བྱ་རྒྱུ་དེ་གཞི་རྩའི་འོས་འགན་ཡིན་ལ། གནད་དོན་འདིའི་འབྱུང་རྐྱེན་དང་བརྒྱུད་རིམ་བཅས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པས། འབྲེལ་ཡོད་ལས་ཁུངས་ནས་གནམ་ཐང་ཉེན་རྟོག་པས་རྩུབ་སྤྱོད་སྤེལ་བའི་རྒྱུ་མཚན་དང་། ཉེན་རྟོག་པས་ཁྲིམས་གཞི་ལག་བསྟར་བྱེད་སྐབས་དྲག་ཤུགས་དང་ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་བའི་གནད་དོན་བྱུང་ཡོད་མེད་བཅས་ཀྱི་ཐད་ཡོངས་ཁྱབ་ཀྱི་བརྡ་ལན་ཞིག་སྤྲོད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ལུགས་དང་། ཁོང་གི་སྐུ་གཟུགས་མི་བདེ་བའི་གནས་ཚུལ་བྱུང་བར་སེམས་ཁྲལ་ཧ་ཅང་ཆེན་པོ་ཡོད་པས་ཁོང་མྱུར་ཏུ་དྲག་སྐྱེད་ཡོང་བ་དང་། གནད་དོན་དྲང་བདེན་དང་འོས་འཚམ་གྱིས་ཐག་གཅོད་ཡོང་བའི་རེ་བ་ཡོད་སྐོར་བཅས་བརྗོད་འདུག

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    དྲང་བདེན་གྱི་ཐག་གཅོད་ཡོང་བར་འབོད་སྐུལ་ཞུ།

    Reply
  2. གྲགས་པ། says:
    ལོ་ 10 སྔོན།

    ཞིན་ལང(新浪)གསར་འགྱུར་གྱི་མྱུར་འཕྲིན་བོད་འགྱུར་མ།
    2016-06-30 དར་སྲོལ་གསར་མ།
    ཞིན་ལང༼新浪༽མགྱོགས་འཕྲིན།
    2016/06/29
    འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཟི་ལིང་གནམ་ཐང་གི་ཉེན་རྟོགས་པས་བཙན་ཁྲིད་བྱས་པའི་དོན་རྐྱེན་པོད་འཕྲིན་ག་གེ་མོའི་སྟེང་གསལ་བསྒྲགས་བྱས་མུར།མགྱོགས་མྱུར་སྒོས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།དོན་རྐྱེན་བྱུང་རྗེས་ཞིན་ལང་མགྱོགས་འཕྲིན་སྒོས་ཆེད་དམིགས་ཀྱིས་གང་དེ་བཀག་ཉར་བྱེད་སར་ཐུག་འཕྲད་དུ་འགྲོ་མྱོང་བའི་ཁུ་ཁུ༼བརྫིས་མིང༽ལ་བཅར་འདྲི་བྱས།ཁུ་ཁུས་བཤད་རྒྱུར”དོན་འདི་མི་འགའ་ཤས་ཀྱིས་ཤེས་པ་མ་གཏོགས་ཕྱི་ལ་བསྒྲགས་མེད།རྒྱུ་མཚན་ནི་མ་གཞི་གནམ་ཐང་གི་བདེ་སྲུང་བ་དང་ཁོ(པད་མ་ཚེ་བརྟན)་གཉིས་དབར་གྱི་དོན་དག་ཞིག་ཡིན་མོད།གནས་ཚུལ་ཛ་དྲག་ཏུ་གྱུར་ཚེ་ངོ་བོ་འགྱུར་འགྲོ་བར་དོགས་པ་ཡིན།”མིག་སྔར་ཟི་ལིང་ཉེན་རྟོགས་ཕྱོགས་ཀྱིས་དོན་འདིའི་ཐད་གསལ་ཁ་གང་ཡང་བཏོན་མེད།
    དོན་རྐྱེན་གྱི་བརྒྱུད་རིམ།
    ཟླ་དྲུག་པའི་ཚེས་ཉེར་དྲུག་གི་ཆུ་ཚོད་བརྒྱད་ཡས་མས་སུ་པད་མ་ཚེ་བརྟན་ལགས་པེ་ཅིང་ནས་ཟི་ལིང་ཚའོ་ཅ་པོ་གནམ་ཐང་དུ་འབྱོར།འབབ་ཚིགས་ནས་སྒོར་འབུད་སྐབས་རྒྱབ་ཁུག་ཅ་ལག་ལེན་སར་བརྗེད་སོང་བ་དྲན་པ་དང་།ཁོས་ལས་བྱེད་མི་སྣ་བཙལ་ནས་རྒྱབ་ཁུག་ལེན་དགོས་པའི་བསམ་ཚུལ་བཏོན་པ་ན།ཕ་རོལ་བས”ཁྱོད་སྒོར་སོང”ཞེས་དང་ལེན་མ་བྱས།དེ་ནས་ཁོས་གནམ་གྲུའི་པཱ་སེ་ལས་བྱེད་མི་སྣ་ལ་བསྟན་ནས་དངོས་པོ་ཁོའི་ཡིན་པ་གསལ་བཤད་བྱས།ལས་བྱེད་པས”ཁྱོད་ལ་པཱ་སེ་ཡོད་ཀྱང་རྫིག་པོ་བྱེད་རྐྱང་མེད”ཅེས་བཀག ཁོས་མུ་མཐུད་དུ་གསལ་བཤད་བྱ་རྩིས་བྱས་པ་ན་དེ་ཚོས་གནམ་ཐང་གི་མངགས་གཏོང་ཁང་ལ་བརྡ་བཏང་།
    སྐབས་དེར། པད་མ་ཚེ་བརྟན་ལེན་པར་འོངས་བའི་མི་གཉིས་ཀྱིས་ཀྱང་ལས་བྱེད་པར་ཁ་ཏ་བྱས། བརྒྱུད་རིམ་ཁྲོད་དུ་ལས་བྱེད་མི་སྣས་ཀྱང་ཁུག་མ་ཕྱིར་སྤྲད་པ་དང་། བསུ་མ་བྱེད་མཁན་གྱིས་ཀྱང་ཉེན་རྟོགས་པར” སྐྱོན་ཆེ་ཅན་མི་འདུག ང་ཚོ་བུད་འགྲོ”ཞེས་བཤད། འོན་ཀྱང་ཉེན་རྟོགས་ཕྱོགས་ཀྱིས་པད་མ་ཚེ་བརྟན་ངེས་པར་འཛིན་གཟུང་བྱ་དགོས་པའི་རྣམ་འགྱུར་བསྟན།
    བསུ་མ་བྱེད་མིས་ཉེན་རྟོགས་པར་ཁ་ཏ་ཅི་ལྟར་བྱས་ཀྱང་མ་ཉན་པར་དུས་ཐོག་དེར་ཁོ་ལ་ལག་སྒྲོག་བརྒྱབ་སྟེ་ཉེ་འཁོར་གྱི་མངགས་གཏོང་ཁང་དུ་ཁྲིད་པ་དང་ཞོགས་པའི་ཆུ་ཚོད་བཞི་ལྔའི་བར་དུ་འདྲི་གཅོད་བཏང་། ཁོ་ཚོས་པད་མ་ཚེ་བརྟན་ཀྱིས་སྤྱི་བའི་སྒྲིག་སྲོལ་ལ་གཏོར་བརླག་བྱས་པར་བཤད་ལ། པད་མ་ཚེ་བརྟན་ལ་སྐད་ཆ་བཤད་སྐབས” ཁྱོད་ཚོ་གནས་ལུགས་ཤེས་ཀྱང་ཁ་ལ་མི་ཉན་པའི་མི་འདི་དག་ནི་ང་ཚོའི་དམིགས་འཛུགས་ས་ཡིན”ཞེས་བཤད། ༼པད་མ་ཚེ་བརྟན་གྱི་མིང་ནས་མ་བཟུང་།༽
    ཁུ་ཁུས་བཤད་རྒྱུར”པད་མ་ཚེ་བརྟན་གྱིས་ཕ་རོལ་བོ་ལ་ལག་མ་འགུལ་བར་མ་ཟད། འགོག་རྒོལ་ཀྱང་བྱས་མེད”ཟེར། ཁོས་ཡང་བསྐྱར་བཤད་རྒྱུར། “ཉེན་རྟོགས་པ་དག་སླེབས་སྐབས་སྤྱིར་ན་སྐད་ཆ་ལབ་འོས་མོད། ཁོ་ཚོས་ཅི་ཡང་མ་དྲིས་ལ། ཅི་ཡང་མ་ལབ་པར་ཐད་ཀར་ལག་སྒྲོག་བརྒྱབ་པ་དང་། ཁྱིམ་མི་ལའང་བརྡ་མ་བརྒྱབ་པས། ཁྱིམ་མིས་ད་ལ་ཐུག་གི་བར་དུ་གནས་ཚུལ་ལ་ཤེས་རྟོགས་བྱུང་མེད།”ཟེར།
    ཉིན་དེའི་དགོང་མོར། བསུ་མ་བྱེད་དུ་སོང་བའི་མི་ཞིག་གིས་ཁུ་ཁུ་ལ་ཁ་པར་བཏང་བ་དང་། ཚེས་ཉེར་བདུན་ཉིན་མལ་ཐུལ་དང་མལ་གདན་ཁྱེར་ནས་མངགས་གཏོང་ཁང་ལ་བལྟ་རུ་སོང་། མངགས་གཏོང་ཁང་གི་ལས་རེས་ཁང་གི་སྒོར་པད་མ་ཚེ་བརྟན་དང་སྐར་མ་གསུམ་ཙམ་ལ་ཐུག་འཕྲད་བྱས། ཁོས་བཤད་རྒྱུར”པད་མ་ཚེ་བརྟན་ལ་ལག་སྒྲོག་བརྒྱབ་པ་ཤིན་ཏུ་ནས་དམ་ཞིང་། རྨ་ཁ་མང་པོ་འདུག”ཟེར།
    ཉེན་རྟོགས་པས་ཁུ་ཁུ་སོགས་ལ་བཤད་རྒྱུར” པད་མ་ཚེ་བརྟན་ལ་རོ་སྟོད་འཚང་བ་དང་། མགོ་བོ་ན་བ་སོགས་ཀྱི་གནས་ཚུལ་མངོན་པས་སྨན་ཁང་དུ་འགྲོ་དགོས་ཟེར། ” ཁུ་ཁུས་ཕྱིར་དྲན་བྱས་དོན”ཁོ་ཚོས་བཤད་རྒྱུར་ཁྱོད་ཚོ་རང་ཉིད་སྨན་ཁང་དུ་སོང་ཟེར། ནང་དོན་ནི་ཁྱིམ་མིས་སྨན་པར་སྟོན་དགོས་པ་དང་། སྨན་ཁང་དུ་སོང་རྗེས་ཁྱོད་ཚོ་རང་གི་དོན་དག་ཡིན། བརྟག་དཔྱད་བྱས་ཚར་རྗེས་ངེས་པར་མུ་མཐུད་དུ་བཀག་ཉར་བྱ་དགོས། ཁོ་ཚོའི་སྐད་ཆའི་ནང་དོན་དེ་འདྲ་རེད། འགན་གང་ཡང་འཁུར་གྱི་མི་འདུག”ཟེར།
    འཁྲབ་ཁྲིད་པའི་ད་ཡོད་གནས་ཚུལ།
    ཁུ་ཁུས་བཤད་པ་ལྟར་ན”པད་མ་ཚེ་བརྟན་གྱི་སྙིང་ཁམས་ཧ་ཅང་མི་བདེ་བར་མ་ཟད། རོ་སྟོད་ཀྱང་འཚང་གི་འདུག མདང་དགོང་ཁྲག་ཚད་ལ་བརྟག་དཔྱད་བྱས་དུས་ཁྲག་ཚད་མཐོ་ཤོས200དང་དམའ་ཤོས60མན་དུ་འདུག་ལ་ཁྲག་གནོན་ཀྱང་ཇེ་མཐོར་སོང་འདུག ལག་པའི་རུས་པ་སྦྲིད་འདུག སྨན་པའི་བཤད་པ་ལྟར་ན་ཁོའི་རྒྱབ་དང་ཕྲག་པའི་རུས་ཚིགས་སྙི་མོ་ལ་རྨས་སྐྱོན་བཟོས་འདུག་ཟེར། མཚན་མོར་གཉིད་མི་ཁུགས་ལ་རྒྱབ་ཁེན་དུས་ཧ་ཅང་ན་ཟུག་སྐྱེ་ཡི་འདུག “ཟེར།
    རྒྱུས་ལོན་པ་ལྟར་ན། ཟི་ལིང་གནམ་ཐང་གི་ཉེན་རྟོགས་པས་པད་མ་ཚེ་བརྟན་སྲིད་འཛིན་བཀག་ཉར་ཉིན་ལྔ་བྱ་འཆར་ཡོད་ལ། བཀག་ཉར་ཡི་གེ་སོགས་ཡོད་མེད་ཤེས་མ་སོང་། མིག་སྔར་པད་མ་ཚེ་བརྟན་ཉིན་གཉིས་ལ་བཀག་ཉར་བྱས་ཟིན་པ་དང་། སྨན་ཁང་ནས་བུད་རྗེས་ད་དུང་ཉིན་གསུམ་ལ་མུ་མཐུད་དུ་བཀག་ཉར་བྱ་དགོས། ཁུ་ཁུས་བཤད་རྒྱུར”པད་མ་ཚེ་བརྟན་པེ་ཅིང་དུ་གཏན་སྡོད་བྱས་ཡོད་པ་དང་། ཐེངས་འདིར་ཟི་ལིང་དུ་ཡོང་དོན་ནི་ད་བརྙན་འཁོར་གསར་བ་ཞིག་འགྲེམས་སྤེལ་བྱེད་ཆེད་ཡིན། དེའི་ཆེད་དུ་ཁོས་ཕྱི་རྒྱལ་གྱི་སྐུ་མགྲོན་མང་པོ་ཞིག་བོས་ནས་འགྲེམས་སྤེལ་བྱ་འགུལ་སྤེལ་རྩིས་ཡོད་ལ། ཞོར་ལ་ཁོ་ཚོ་ཁྲིད་ནས་མཚོ་སྔོན་གྱི་ལྗོངས་གནས་ཁག་ལ་ལྟ་སྐོར་བྱ་རྩིས་ཡོད། དོན་འདིར་རྐྱེན་བྱས་བྱ་བ་གང་ཡང་མ་འགྲུབ་ཅིང་། སྐུ་མགྲོན་ཁག་ད་དུང་ཟི་ལིང་དུ་བསྡད་ཡོད།”ཟེར།
    དོན་རྐྱེན་རྗེས་ཀྱི་ཉིན་གསུམ་པར་ད་གཟོད་པོད་བདག་གིས་པོད་འཕྲིན་སྟེང་བཀྲམ་པ་རེད། གནས་ཚུལ་འདིའི་ཐད་ལ་ཁུ་ཁུས་བཤད་རྒྱུར”དོན་འདི་མི་འགའ་ཤས་ཀྱིས་ཤེས་པ་མ་གཏོགས་ཕྱི་ལ་བསྒྲགས་མེད། རྒྱུ་མཚན་ནི་མ་གཞི་གནམ་ཐང་གི་བདེ་སྲུང་བ་དང་ཁོ(པད་མ་ཚེ་བརྟན)གཉིས་དབར་གྱི་དོན་དག་ཞིག་ཡིན་མོད། གནས་ཚུལ་ཛ་དྲག་ཏུ་གྱུར་ཚེ་ངོ་བོ་འགྱུར་འགྲོ་བར་དོགས་པ་ཡིན། “ཟེར། འཁྲབ་ཁྲིད་པའི་ཕྱོགས་ནས་དོན་འདི་ཁྲོམ་བསྒྲགས་གཏང་རྩིས་མེད་མོད། འོན་ཀྱང་། གནས་ཚུལ་དྲ་ལམ་ཁག་དུ་ཁྱབ་ཚར། པད་མ་ཚེ་བརྟན་གྱིས་དོག་དག་སྤྱི་འབྲེལ་དྲ་ལམ་ཁག་དུ་ཁྱབ་པའི་གནས་ཚུལ་ཤེས་མེད་ལ། སྨྱན་གཟིགས་ཁག་ནས་དོ་སྣང་བྱེད་ཀྱིན་པའང་ཚོར་མེད། ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱིས་ཀྱང་དོན་འདིའི་ཐད་གསལ་བསྒྲགས་སྤེལ་ཏེ། དོན་དག་དྲང་གཞག་དང་བདེ་བླག་སྒོས་ཐག་གཅོད་བྱ་དགོས་པའི་རེ་བ་བཏོན། (གསར་འགོད་པ། ལུའུ་ཞའེ་ཐིན)

    Reply
  3. ལྷོ་བ། says:
    ལོ་ 10 སྔོན།

    བོད་ཀྱི་དུས་བབ་ཚང་གིས་དུས་ཐོག་ལ་གསར་འགྱུར་ཆ་ཚང་བ་སྤེལ་བར་ཐུགས་རྗེ་ཆེ། ཁ་སང་གནས་ཚུལ་འདིའི་སྐོར་དམ་དུམ་ཞིག་ངོ་དེབ་ནང་ནས་མཐོང་མ་ཐག་ཨེ་བདེན་ནམ་སྙམ་སྟེ་ཡིད་མ་ཆེས་པ་ཞིག་བྱུང་ཡང་། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདིའི་སྐོར་མགོ་རྐ་ཚང་བའི་གནས་ཚུལ་གསལ་བོ་སུ་གཅིག་གིས་ཀྱང་སྤེལ་མི་འདུག གང་ལྟར་དུས་བབ་ཚང་ལ་ཐུགས་རྗེ་ཆེ། རྒྱ་ནག་གཞུང་གིས་འབུར་འཇོམ་གཏོང་བཞིན་པའི་ཐ་ཤལ་གྱི་བྱ་སྤྱོད་འདི་རིགས་དུས་ཐོག་ལ་ཁྱབ་སྤེལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླེང་སློང་བྱས་ཏེ་རྒྱ་ནག་གཞུང་ངོ་ཚར་གཏོད་རྒྱུ་གལ་ཆེན་པོ་རེད་མ་གཏོགས་མེ་སྟག་ཕུ་ཐུང་ནང་གིས་རྩོད་རྒྱུར་རྩིས་རྒྱག་གི་ཡོད་པ་རེད།

    Reply
  4. ཤར་མདའ། says:
    ལོ་ 10 སྔོན།

    སྦྱིར་པདྨ་ཚེ་བརྟན་ལ་རྒྱ་ནག་གིས་བཅར་རྡུང་བཏང་བ་འདི་ནི་བོད་མི་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་མེད་པར་སྒྲུབ་པའི་སྒྲུབ་བྱེད་ཡག་ཤོས་ཞིག་ཆགས་ཡོད། གང་ཡིན་ཟེར་ན་རྒྱལ་ཁབ་གང་ཞིག་ནས་གནམ་ཐང་ཕྱི་ལོག་ལ་ཐོན་ཙམ་ནས་ཅ་དངོས་བརྗེད་དེ་ཕྱིར་ལེན་དུ་འགྲོ་མི་ཆོག་པས་ཁྲིམས་གང་དུ་ཡོད་འདི་ལྟར་བུའི་གནས་སྟངས་ལ་བལྟས་ན་བོད་མི་ཚོ་ལ་མི་རིགས་དབྱེ་འབྱེད་ཀྱིས་བྱ་བ་སྒྲུབ་ཀྱིན་ཡོད་པ་གསལ་བོ་རེད། གང་ཡིན་ཟེར་ན་རྒྱའི་མི་རིགས་ཤིག་གི་ཅ་དངོས་གནང་ཐང་ནས་ལྷག་ཏུ་སོང་ན་ཕྱིར་ལེན་དུ་འགྲོ་ན་བཅར་རྡུང་གཏོང་སྲིད་དམ་དེ་ནི་དཔེ་མེད་པ་ཞིག་རེད་དེ་འདྲ་སོང་ཙང་ངེས་པར་བོད་མི་ཚོས་མཁྱེན་དགོས་པ་དང་གསལ་ལམ་ཁག་ཏུ་གནས་ཚུལ་འདི་སྤེལ་དགོས་པ་གལ་ཆེན་རེད། མ་ཟད་ད་དུང་དེ་ལས་ལྷག་པའི་འཇིགས་སྣང་ཞིག་ཡོད་པ་སྨད་ཁང་དུ་སྨན་བཅོས་བྱེད་སྐབས་ཟབ་ཟབ་གནང་དགོས་པ་རེད་མ་གཏོང་བྱ་ངན་འདྲ་མིན་སྤེལ་ནས་རྗེས་མ་གཟུགས་ཕུང་བདེ་མོ་མེད་པ་དང་བློ་རིག་དྭངས་མོ་མེད་པ་སོགས་ངན་གཡོ་འདྲ་མེན་བྱེད་ངེས་རེད་དེའི་ཐད་ངེས་པར་ཐུགས་བསམ་བཞེས་དགོས་པ་རེད་དྲན་ནས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese