མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭགས་བོད་ཁྱིམ་དུ་ས་སྐྱའི་གདུང་སྲས་འཚམས་གཟིགས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཕྱག་ཚོད་ ༡༠།༣༠ ཐོག ས་སྐྱ་སྒྲོལ་མ་ཕོ་བྲང་གི་འཁོན་གདུང་སྲས་རཏྣ་བཛྲ་མཆོག་ལ་དྭགས་བོད་ཁྱིམ་རྒན་གསོ་ཁང་དང་སློབ་གྲྭ་བཅས་ལ་འཚམས་གཟིགས་དང་། སློབ་ཕྲུག་དང་དགེ་ལས་ཡོངས་ལ་བཀའ་སློབ་བསྩལ་ཡོད།

tibettimes

ཞོགས་པ་ཐོག་མར་རིན་པོ་ཆེ་མཆོག་རྒན་རྒོན་ཚོའི་བཞུགས་གནས་སུ་ཕེབས་ཏེ། འཕགས་པ་ཐུགས་རྗེ་ཆེན་པོའི་གཟུངས་མ་ཎི་ཡིག་དྲུག་གི་ལྗགས་ལུང་གནང་རྗེས། སློབ་གྲྭའི་ཚོམས་ཆེན་དུ་དགེ་ལས་སློབ་ཕྲུག་གཅིག་སྟོང་ལྷག་ལ། དེང་གི་དུས་རབས་ནང་ཡ་རབས་བཟང་སྤྱོད་དགོས་གལ་ཆེ་བའི་བརྗོད་གཞིའི་སྟེང་བཀའ་སློབ་བསྩལ་དོན། མིའི་མི་ཚེའི་ནང་གལ་ཆེན་པོ་མང་པོ་ཡོད་པ་རེད། དེའི་ནང་ནས་གལ་ཆེ་ཤོས་དེ་ཤེས་ཡོན་རེད། ཕྱི་ལོ་ ༡༩༥༩ ལོར་ ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཕེབས་ཏེ། སྤྱིར་མཛད་པ་རླབས་ཆེན་པོ་མང་པོ་ཞིག་བསྐྱངས་ཡོད་པའི་ནང་ནས་བོད་ནས་ཕེབས་པའི་ན་གཞོན་ཚོར་སློབ་གྲྭ་གསར་འཛུགས་བྱ་རྒྱུ་དེ་གལ་ཆེ་ཤོས་སུ་བརྩིས་གནང་བ་རེད། སློབ་གྲྭ་དེ་ཡང་བོད་པའི་སློབ་ཕྲུག་རྣམས་རྒྱ་གར་གྱི་སློབ་གྲྭའི་ནང་གཏང་མི་དགོས་པར་བོད་པའི་སློབ་གྲྭ་ཟུར་བཙུགས་བྱས་ཡོད། དེར་བརྟེན། ཁྱེད་རང་ཚོ་ལོ་ཆུང་ཆུང་གི་སྐབས་ལ་བློ་རྩལ་ཆེན་པོ་ཡོད་སྟབས། དགའ་ཞིང་སྤྲོ་བའི་ངང་ནས་སློབ་སྦྱོང་ལ་དཀའ་ལས་རྒྱག་དགོས། དགའ་སྤྲོའི་བསམ་པ་མེད་པར་ཕ་མ་དང་དགེ་རྒན་གྱིས་སྐུལ་བ་ལ་བརྟེན་ནས་སློབ་སྦྱོང་བྱས་ན། དེ་ཙམ་གྲུབ་འབྲས་ཆེན་པོ་ཡོང་གི་མ་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་ཡ་རབས་བཟང་སྤྱོད་སྐོར་ལ་གསུངས་དོན། གཞན་ལ་རྫུན་མི་སྨྲ་བར་ངག་དྲང་པོ་སྨྲས་ན། གཞན་གྱིས་ཡིད་ཆེས་རྙེད་པ་དང་། ཕ་མ་དང་དགེ་རྒན། རང་ལས་རྒན་པ་སོགས་ལ་བརྩི་བཀུར་བྱེད་དགོས། སློབ་སྦྱོང་བྱེད་དུས་དམིགས་ཡུལ་རྒྱ་ཆེན་པོ་བཟུང་དགོས་པ་དང་མཉམ་དུ་ཡ་རབས་ཀྱི་གོམས་གཤིས་རང་རྒྱུད་ལ་འཇགས་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། སློབ་སྦྱོང་ཡོད་པ་ཙམ་གྱིས་སྤྱི་ཚོགས་ལ་ཕན་ཐོགས་དེ་ཙམ་ཆེན་པོ་བསྒྲུབ་ཐུབ་ཀྱི་མ་རེད། ཉེ་བའི་ཆར་༸གོང་ས་མཆོག་གིས་ང་ཚོའི་ཕ་མེས་ནས་བརྒྱུད་པའི་ཡ་རབས་ཀྱི་གོམས་གཤིས་བཟང་པོ་དེ། ཏོག་ཙམ་ཉམས་ཆག་འགྲོ་ཡི་ཡོད་པའི་བཀའ་སློབ་ཕེབས་ཀྱི་ཡོད། ཚང་མས་དེའི་སྟེང་ལ་ཡིད་གཟབ་བྱ་རྒྱུ་གལ་ཆེན་པོ་འདུག ཅེས་གསུངས་སོང་།

བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྟེང་ལ་བཀའ་སློབ་ཕེབས་དོན། དེང་དུས་ཀྱི་ཤེས་བྱ་སྦྱོང་དགོས་པ་གལ་ཆེན་པོ་རེད། དེ་དང་མཉམ་དུ་རང་རེའི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་རྩ་བ་བོད་ཀྱི་སྐད་དང་ཡི་གེ་ལ་སློབ་སྦྱོང་བྱེད་དགོས་པ་དེ་ལས་ཀྱང་གལ་ཆེ་ཤོས་རེད། སྐབས་རེར་མང་པོ་ཞིག་གིས་བོད་ཀྱི་སྐད་དང་ཡི་གེ་སྦྱངས་ན། མ་འོངས་པར་ལས་ཀ་རག་གི་མ་རེད་བསམ་གྱི་ཡོད། དེ་ནི་ནོར་འཁྲུལ་གྱི་བསམ་བློ་རེད། བོད་ཀྱི་སྐད་དང་ཡི་གེ་དེ་ཞེ་དྲགས་རྒྱ་ཆེན་པོ་རེད། མི་ཚེ་དོན་དང་ལྡན་པ་ཞིག་བྱེད་པར་དམ་པའི་ཆོས་ཤེས་དགོས་ཀྱི་ཡོད། དམ་པའི་ཆོས་ཤེས་པ་བྱེད་པར་བོད་ཀྱི་སྐད་དང་ཡི་གེ་ངེས་པར་དུ་སྦྱང་དགོས་ཀྱི་ཡོད། རྒྱུ་མཚན་ནི་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་མང་པོ་ཞིག་བོད་ཀྱི་སྐད་ཡིག་ནང་ཡོད། སྤྱིར་སངས་རྒྱས་ཀྱི་བཀའ་སྐད་ཡིག་གཞན་གྱི་ནང་ལའང་ཡོད་ཀྱང་། བོད་ཀྱི་སྐད་ཡིག་ནང་ཡོད་པ་ལྟ་བུའི་སྤུས་དག་པོ་དང་། ཁུངས་བཙན་པོ། མཐར་ཕྱིན་པ་ཞིག་སྐད་ཡིག་གཞན་ནང་ཡོད་པ་མ་རེད། ཅེས་གསུངས་སོང་།

དེ་ནས་རིན་པོ་ཆེ་དང་སྟོན་འཁོར་ཆིབས་ཞབས་དང་བཅས་ཉིན་གུང་གི་ཕྱག་ཚོད་ ༢།༣༠ སྟེང་ལ་དྭགས་ཀྱི་གྲོང་ཁྱེར་སླེ་ནས་སྤྱི་ལེ་༨༠ ཙམ་གྱི་སར་ཡོད་པའི་དབྱིབས་དགུར་ཕེབས་ཡོད་འདུག ཐེངས་འདིར་རིན་པོ་ཆེ་མཆོག་ཕྱི་ཚེས་ ༡༦ བར་ལ་དྭགས་སུ་བཞུགས་རྒྱུ་ཡིན་འདུག

གནས་ཚུལ་མཁོ་གཏོང་བ་འགྱུར་མེད་ཚེ་རིང་གིས།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese