མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་སྲིད་འཛིན་ལས་ཡུན་གཉིས་པར་བོད་དོན་སེལ་དགོས་ངེས་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་བཀའ་ཤག་གི་ཚོགས་ཁང་ནང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཉིན་གསུམ་གྱི་སྔོན་ལ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག དེང་གི་རྒྱ་ནག་ཆབ་སྲིད་དཔལ་འབྱོར་གྱི་འགྱུར་ལྡོག་དང་འབྲེལ་ཏེ་མ་འོངས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་ཡོད་སྐོར་གསུངས་སོང་།

ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་གསུངས་དོན། ཉིན་གཉིས་ཀྱི་སྔོན་ལ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༨ པ་དེ་ཚོགས་ཚར་བ་རེད། དེ་སྔ་བཀའ་ཤག་སྐབས་བཅུ་བཞི་པས་ཐེངས་ ༦ ཚོགས་པ་རེད། བཀའ་ཤག་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་དང་པོ་རེད། སྲིད་ཇུས་འགྲོ་སྟངས་ཀྱི་ཐོག་ནས་ཚང་མས་མཁྱེན་པའི་ལོ་རེར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་རེ་འཚོགས་ཀྱི་ཡོད་པ་མ་ཟད། མཚམས་རེར་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་བརྟེན་ཏེ་ཚང་མས་མ་འཁྱེན་པའི་ཐོག་ནས་ཀྱང་ཚོགས་འདུ་ཧྲག་བསྡུས་ཐེངས་གཅིག་གཉིས་འཚོགས་ཀྱི་ཡོད། ད་ལོའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་གྱི་རྐྱེན་པས། ལྷག་གཅིག་དང་ཕྱེད་ལྷག་རིང་ཚོགས་ཐུབ་ཡོད་པ་མ་རེད།

དུས་རྒྱུན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་ཐོག་བགྲོ་གླེང་ལྷུག་པོ་ཞེ་དྲགས་ཡོང་གི་ཡོད་སྟབས། དེས་ཕན་ཐོགས་ཞེ་དྲགས་འདུག ཉེ་ཆར་ཨ་རིའི་འོས་བསྡུ་དང་འབྲེལ་བའི་ཐོག་ནས་ཡིན་ན་རེད། ཨ་རྒྱ་གཉིས་དབར་གྱི་འབྲེལ་ལམ་ཡོང་སྟངས་དང་། ཨ་རི་དང་རྒྱ་ནག་གཉིས་བར་འབྲེལ་བ་ག་འདྲ་ཡོང་གི་འདུག ཨ་རི་དང་རྒྱ་ནག་གི་གནད་ཡོད་མི་སྣ་མཇལ་འཕྲད་བྱུང་བའི་སྐབས་ལ་བོད་དོན་ཐོག་བཀའ་མོལ་ག་རེ་གནང་ཡོད་མེད་དང་། དེ་བཞིན། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་དང་། དམིགས་བསལ་ཉེ་ཆར་དབྱིན་ཇིའི་མི་མང་ནས་འོས་ཤོག་གི་ལམ་ནས་དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་ནས་ཕྱིར་འཐོན་རྒྱུའི་ཐག་ཆོག་བྱུང་བར་བརྟེན་ཏེ། མ་འོངས་པར་དབྱིན་ཇི་དང་རྒྱ་ནག་བར་འབྲེལ་བ་ག་རེ་ཡོང་མིན། དེ་དང་འབྲེལ་ཏེ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་འདྲ་ཡོང་མིན། ཉེ་ཆར་རྒྱ་གར་རྡུལ་ཕྲན་མཚོན་ཆའི་ཚོགས་པའི་ནང་གི་འཐུས་མིར་ལངས་རྒྱུར་འབད་འབད་བརྩོན་བྱས་ཡོད་ཀྱང་། རྒྱ་ནག་གིས་ངོ་རྒོལ་བྱས་པར་བརྟེན་ཏེ། རྒྱ་དཀར་ནག་གཉིས་བར་ག་རེ་ཆགས་ཡོད་མེད་དང་། དེ་ལ་བརྟེན་ཏེ་བོད་དོན་སྐོར་ལ་ག་རེ་ཆགས་མིན། ཉི་ཧོང་དང་རྒྱ་ནག་བར་དང་། ཐའེ་ཝན་དང་རྒྱ་ནག་བར་དེ་དག་སྤྱི་ཡོངས་ཐོག་བགྲོ་གླེང་བྱས་ཏེ། ད་ལྟ་བོད་ཀྱི་གནས་སྟངས་གང་དུ་བསླེབས་ཡོད་པ་རེད། མ་འོངས་པར་ག་བར་འགྲོ་རྒྱུ་རེད་སོགས་ལ་བགྲོ་གླེང་བྱས་པ་ཡིན། གང་ཡིན་ཟེར་ན། རྒྱལ་སྤྱི་རང་བཞིན་ཅན་གྱི་ཆབ་སྲིད་ལྟ་གྲུབ་དང་རྒྱལ་ཞེན་ཅན་གྱི་ཆབ་སྲིད་ལྟ་གྲུབ་དང་། གུ་ཡངས་ཅན་གྱི་ཆབ་སྲིད་ལྟ་གྲུབ་དང་མཁྲེགས་འཛིན་ཅན་གྱི་ཆབ་སྲིད་ལྟ་གྲུབ་བར་འགལ་ཟླ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་རེད། མཁས་པ་མང་པོ་ཞིག་གིས་རྒྱལ་སྤྱི་རང་བཞིན་གྱི་ལྟ་གྲུབ་དང་གུ་ཡངས་ཅན་གྱི་ལྟ་གྲུབ་དེ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་ཉམས་མྱོང་གི་ཐོག་ནས་བསླེབས་པ་ཞིག་རེད་ཟེར་གྱི་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས་སོགས་རྒྱལ་སྤྱིའི་མཐུན་ཚོགས་མང་པོ་ཞིག་བཙུགས་པ་རེད། ཡིན་ནའང་རྒྱལ་སྤྱི་ཅན་གྱི་ལྟ་གྲུབ་ཉམས་པ་དང་། རྒྱལ་ཞེན་ཅན་གྱི་ལྟ་གྲུབ་ཤུགས་ཆེ་རུ་འགྲོ་བ་དང་། གུ་ཡངས་ཅན་གྱི་ལྟ་གྲུབ་ཉམས་པ་དང་། མཁྲེགས་འཛིན་ཅན་གྱི་ལྟ་གྲུབ་ཤུགས་ཆེ་རུ་ཕྱིན་ན། དམག་ཆེན་དང་པོ་དང་གཉིས་པའི་གནས་སྟངས་ལྟར་བོད་དོན་དེའང་ཁྱོན་ཡོངས་ནས་རྒྱལ་ཁབ་རང་བཞིན་གྱི་ག་རེ་ཆགས་སྲིད་པ་རེད།

ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་ནས་ཕྱིར་བུད་པའི་དབྱིན་ཇི་དང་རྒྱ་གར། རྒྱ་ནག་དང་ཨ་རི་སོགས་རྒྱལ་ཁབ་གང་ཡིན་ཡང་དེ་འདྲ་འབྱུང་སྲིད་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་ཡང་སྔོན་མ་དམག་ཆེན་དང་པོ་གཉིས་པའི་སྐབས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ལྟར་ཡིན་མིན་དང་། གལ་སྲིད་ཡིན་ནའང་བོད་ཀྱི་གནད་དོན་དེ་རྒྱ་ཆེ་ས་ནས་ག་བར་ཡོད་མེད། བོད་དང་རྒྱལ་ཁབ་གཞན་དག་བར་གྱི་འབྲེལ་བ་ག་འདྲ་ཡོད་མེད་སོགས་ཀྱི་སྐོར་ལ་བགྲོ་གླེང་ཆ་ཚང་ཞིག་བྱས་པ་རེད། དེ་དག་ཐོག་བགྲོ་གླེང་གནང་བ་ཡིན་ན། དམིགས་བསལ་བཀའ་ཤག་ནང་འཆར་ལས་གནང་མཁན་ཚོར་བསམ་བློ་གཏོང་སྟངས་དང་འཆར་གཞི་གཏོང་སྟངས་ཐད་ཧ་ལས་པའི་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེར་བརྟེན། རྒྱལ་ཁབ་ག་འདྲ་ཞིག་ཡིན་ནའང་འབྲེལ་མཐུད་ཚོགས་ཆུང་ (Task Force) འཛུགས་ཀྱི་ཡོད་པ་རེད། ཚོགས་ཆུང་དེའི་བགྲོ་གླེང་ལྷུག་པོ་བྱུང་བ་ཡིན་ན། མ་འོངས་པར་རྒྱ་ནག་དང་རྒྱལ་སྤྱི་དང་འབྲེལ་བའི་གནས་ཚུལ་ཆེ་ཆུང་ག་འདྲ་ཞིག་བསླེབ་པ་ཡིན་ནའང་། བསམ་བློའི་ཐོག་ནས་གྲ་སྒྲིག་གང་ལ་གང་འཚམ་ཡོང་བར་ཧ་ལས་པའི་ཕན་ཐོགས་ཡོང་གི་རེད།

དེའི་ནང་ནས་ཀྱང་དམིགས་བསལ་ང་ཚོས་བཀའ་བསྡུར་གནང་ཡུལ་དེ་རྒྱ་ནག་ནང་འགྱུར་ལྡོག་ཆེན་པོ་ག་རེ་འགྲོ་བཞིན་འདུག ཉེ་བའི་ཆར་ནས་ཞི་ཅིན་ཕིན་གྱིས་དབང་ཆ་ཆ་ཚང་འཛིན་བཞིན་འདུག དམིགས་བསལ་དམག་གི་ཐོག་ནས་དབང་ཆ་བཟུང་སྟེ། དམག་སྤྱིའི་གོ་གནས་གཙོས་པའི་དམག་སྒར་གྱི་འགྲོ་ལུགས་འགྲོ་སྟངས་ཐོག་འགྱུར་བ་ཆེན་པོ་བཏང་པ་རེད། དེར་བརྟེན། ཞི་ཅིན་ཕིན་གྱིས་ཏང་སྲིད་དམག་གསུམ་གྱི་དབང་ཆ་བཟུང་བར་བརྟེན་ཏེ། རྒྱ་ནག་ནང་གི་གནད་དོན་ཆེ་ཁག་ཐོག་འགྱུར་བ་ཆེན་པོ་གཏོང་ཐུབ་ཀྱི་འདུག ཡིན་ནའང་ཕྱོགས་གཞན་ཞིག་ནས་བལྟས་ན། ལྟ་བ་མཁྲེགས་པོའི་ཐོག་ནས་འགྱུར་བ་འགྲོ་རྒྱུ་ཡིན་པའི་བཟོ་འདྲ་བོ་ཞིག་འདུག ཉེ་ཆར་བོད་ནང་གསེར་རྟ་དགོན་ཆེན་ནང་ལོ་རེར་དགེ་འདུན་པ་དང་མི་སྐྱ་ཉུང་དུ་གཏོང་གི་ཡོད་པ་རེད། དེ་བཞིན། བོད་ཀྱི་གློག་བརྙན་བཟོ་མཁན་པདྨ་ཚེ་རྟེན་ལགས་ལྟ་བུ་ཡིན་ནའང་གློ་བུར་འཛིན་བཟུང་བྱས་པ་རེད། ཁོང་ལ་མཚོན་ན་རྒྱ་ནག་ནང་དང་རྒྱལ་སྤྱིའི་ཐོག་ན་སྙན་གྲགས་ཆེན་པོ་ཞེ་དྲགས་རེད། ཡིན་ནའང་ཁོང་གློ་བུར་དུ་འཛིན་བཟུང་བྱས་ཏེ་སྨན་ཁང་ནང་འགྲོ་དགོས་པ་བྱུང་བ་རེད། དེ་སྔ་རྒྱ་ནག་གི་ཁོར་ཡུག་ཐོག་བྱས་རྗེས་ཆེན་པོ་རེད་ཟེར་ནས་གཟེངས་རྟགས་ཕུལ་བ་དེ་འདྲ་རྗེས་སུ་ནག་ཉེས་བཙུགས་ཏེ་བཙོན་ཁང་དུ་ལྷག་པའི་གནས་ཚུལ་བྱུང་ཡོད།  དེ་བཞིན་ཚོང་པ་སྙན་གྲགས་ཅན་དེ་འདྲ་ལའང་གཟེངས་རྟགས་ཕུལ་ཏེ་རྗེས་སུ་འཛིན་བཟུང་བྱས་ཡོང་དུས་བོད་མི་རིགས་ལ་དབྱེ་འབྱེད་བྱེད་ཀྱིན་ཡོད་པ་དང་། མཁྲེགས་འཛིན་སྲིད་བྱུས་མུ་མཐུད་གནས་ཀྱི་ཡོད་པ་གསལ་བོ་རེད། རྒྱ་ནག་གཞུང་གི་ཕུགས་ཀྱི་སྲིད་ཇུས་ག་རེ་ཡིན་པ་དང་ལག་བསྟར་ག་རེ་བྱེད་ཀྱིན་འདུག་དེ་དག་ལ་བལྟས་ཡོང་ན། བོད་རྒྱ་ཞི་མོལ་སྐུ་ཚབ་ཕེབས་ཐུབ་དང་མ་ཐུབ་ཐོག་གོ་བསྡུར་ཡོང་གི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་དང་འབྲེལ་ཏེ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གྲོགས་པོ་པདྨ་མཁའ་འགྲོ་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་དུ་བདམས་འཐོན་བྱུང་བར་འཚམས་འདྲི་གནང་དོན། ཚང་མས་མཁྱེན་གསལ་ལྟར། ༧གོང་ས་མཆོག་ལ་དད་གུས་ཞུ་མཁན་དང་བོད་པར་ཤ་ཞེན་ཡོད་མཁན་པདྨ་མཁའ་འགྲོ་ལགས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འཁོད་གནང་བ་རེད། དེ་ང་ཚོ་ཚང་མ་དངོས་གནས་སྤོབས་པ་སྐྱེ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། ཁོང་གི་ཡབ་དམ་པ་རྡོ་རྗེ་མཁའ་འགྲོ་ལགས་བོད་དོན་ཐོག་ཧ་ལས་པའི་ཤ་ཞེན་ཡོད་མཁན་ཞིག་དང་། ༧གོང་ས་མཆོག་ལ་དད་གུས་བརྩི་བཀུར་ཡོད་མཁན། ཕྱི་ལོ་ ༢༠༡༢ ལོའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གནང་མཁན་ཞིག་ཡིན་པ་དང་། བོད་ཀྱི་མཐའ་མཚམས་དང་འབྲེལ་བའི་ཐོག་ནས་ཨ་རུ་ནཱ་ཅལ་མངའ་སྡེ་གལ་ཆེན་པོ་ཞེ་དྲགས་ཡིན་སྟབས། ང་རང་སྒེར་ངོས་ནས་དགའ་པོ་ཞེ་དྲགས་བྱུང་སོང་ལ། ང་རང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡིན་པའི་ཆ་ནས། ཁོང་ལ་སྙིང་ཐག་པ་ནས་འཚམས་འདྲི་ཡོད་ལ། ཁོང་གིས་ཕྱག་ལས་ག་རེ་གནང་བ་ཡིན་ནའང་བྱ་བ་ལམ་འགྲོ་ཡོང་བ་ཤོག་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

དྲི་བ་དྲིས་ལན་སྐབས་སུ་གསར་འགོད་པས་མ་འོངས་ལོ་ ༥ ནང་བོད་རྒྱ་འབྲེལ་མོལ་གནང་ཐུབ་པའི་ལས་འཆར་གསར་བ་ག་རེ་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་གིས། ཁ་ཤས་ཤིག་གིས་བོད་རྒྱ་འབྲེལ་མོལ་གནང་གི་ཡོད་པ་མ་རེད་ཅེས་ཤོད་ཀྱི་ཡོད་ནའང་ངས་དུས་རྒྱུན་ཞུས་བསྡད་ཡོད་པ་ལྟར། བོད་རྒྱ་ཞི་མོལ་གྱི་གནད་དོན་དེ་རང་བཞིན་གྱིས་གསང་བ་ཟེར་ན་རེད། ནང་ཁུལ་གྱི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་རེད། དེ་སྔ་བཀའ་ཤག་གི་འབད་བརྩོན་ག་རེ་གནང་ཡོད་པ་དེ་ལས་ལྷག་མེད་ནའང་དེ་ནང་བཞིན་བྱས་ཏེ་འགྲོ་བཞིན་ཡོད་ཅེས་ཐག་ཆོད་པོའི་སྒོ་ནས་བཤད་ཐུབ་ཀྱི་ཡོད། ཞི་མོལ་ལས་དོན་ཚོགས་ཆུང་ནང་ད་ལྟ་ག་རེ་བྱུང་ཡོད་མེད་ཆ་ཚང་ཞུས་པ་ཡིན་ན། ཚང་མས་དེ་ག་རང་རེད་གསུང་གི་ཡོད་པ་རེད། མ་འོངས་ལོ་ ༥ དེ་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་གནད་འགག་ཆེན་པོ་ཞེ་དྲགས་རེད། ཞི་ཅིན་ཕིན་སྲིད་འཛིན་སྐབས་གཉིས་པ་ཆགས་ཡོད་པ་དང་། འཛམ་གླིང་གི་འགྲོ་སྟངས་ལྟར། ཨ་རིའི་སྲིད་འཛིན་སྐབས་གཉིས་པའི་སྐབས་སུ་སོ་སོའི་ལོ་རྒྱུས་དང་འབྲེལ་བའི་བྱས་རྗེས་ཟེར་ན་རེད། ནམ་རྒྱུན་ལག་པ་མ་འཆང་བ་དེ་འདྲའི་ཐོག་ལག་པ་འཆང་ཡོད་པ་རེད། དཔེར་ན། ཨ་རིའི་སྲིད་འཛིན་གྱིས་ཁུ་བྷ་དང་ཨེ་རན་མཉམ་དུ་འབྲེལ་བ་བྱས་པ་རེད། ཞི་ཅིན་ཕིན་གྱིས་ཀྱང་སྲིད་འཛིན་གྱི་ལས་ཡུན་གཉིས་པའི་སྐབས་སུ་གནད་དོན་གལ་ཆེན་ཁག་གི་ཐོག་སྲིད་ཇུས་གུ་ཡངས་ཀྱི་ཐོག་ནས་ལག་པ་འཆང་ཐབས་བྱས་པ་ཡིན་ན། བོད་དོན་ཐོག་གནང་དགོས་ངེས་ཤིག་ཆགས་ཡོད་པ་རེད། གང་ཡིན་ཟེར་ན། ཞིན་ཅང་ནང་གི་གནས་སྟངས་དེ་བོད་ནང་གི་གནས་སྟངས་ལས་ཛ་དྲགས་པ་མེད་ནའང་དེ་ནང་བཞིན་གྱི་རེད། ཡིན་ནའང་སུ་དང་མཉམ་དུ་བཀའ་མོལ་གནང་རྒྱུ་དང་ཇི་ལྟར་གནང་རྒྱུའི་ཐོག་བཀའ་མོལ་ཞིག་འགྲོ་བསྡད་ཡོད་པ་རེད། དེ་བཞིན། ཐའེ་ཝན་ཡིན་ནའང་ཚའེ་ཡིན་ཝན་སྲིད་འཛིན་དུ་བསྐོས་ཚར་བ་རེད། རྒྱ་ནག་གཞུང་གིས་གཞུང་འབྲེལ་གྱི་འབྲེལ་ལམ་ཆད་ཡོད་ཟེར་གྱི་ཡོད་པ་རེད། དེར་བརྟེན་ཐའེ་ཝན་གྱི་མི་རབས་གསར་བའི་ལྟ་བ་འཁྱེར་སྟངས་དང་། སློབ་གྲྭའི་ནང་སློབ་སྦྱོང་བྱེད་སྟངས་ཡོངས་རྫོགས་རང་བཞིན་གྱིས་རྒྱ་ནག་གཞུང་དང་བར་ཐག་རིང་དུ་འགྲོ་གི་མེད་ནའང་། ཐག་ཉེ་རུ་འགྲོ་རྒྱུ་དེ་གནས་སྐབས་རིང་དཀའ་ལས་ཁག་པོ་མེད་འགྲོ་བསམ་གྱི་འདུག ཧོང་ཀོང་ནང་ ༢༠༡༧ ལོར་སྤྱི་ཁྱབ་འོས་བསྡུ་བྱ་དགོས་ཀྱི་ཡོད་པ་རེད། མི་མང་ནང་རང་བཞིན་གྱིས་རང་དབང་དམངས་གཙོ་བེད་སྤྱོད་མཁན་ཤུགས་ཆེ་རུ་ཡོང་གི་རེད། བོད་ལྟ་བུ་ཡིན་ནའང་༧གོང་ས་མཆོག་གི་སྐུ་ཚབ་མཉམ་དུ་བཀའ་མོལ་གནང་སྟེ་གནད་དོན་སེལ་ཐུབ་པ་ཡིན་ན། ཞི་ཅིན་ཕིན་དང་རྒྱ་ནག་གཞུང་གི་རླབས་ཆེན་གྱི་བྱས་རྗེས་ཆགས་ཀྱི་ཡོད་པ་རེད། ཏུན་ཞོ་ཕིན་ཁོ་རང་ཡིན་ནའང་ཆབ་སྲིད་ཀྱི་དབང་ཆ་ཆ་ཚང་བླངས་ཚར་བའི་རྗེས་ལ་བོད་དོན་དང་ཐའེ་ཝན་སོགས་ལ་ལག་པ་འཆང་པ་རེད། ཅང་ཙེ་མིན་གྱིས་སྲིད་འཛིན་སྐབས་གཉིས་སྐབས་སུ་ང་ཚོའི་སྐུ་ཚབ་ཕེབས་པ་རེད། ཡིན་ནའང་དེ་ལྟར་ཡོང་གི་རེད་ཅེས་བཤད་ཐུབ་པ་མ་རེད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡

མཆན། 4

  1. Mangtso says:
    ལོ་ 10 སྔོན།

    ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གྲོགས་པོ་པདྨ་མཁའ་འགྲོ་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་དུ་བདམས་འཐོན་བྱུང་བར་འཚམས་འདྲི་གནང་དོན། ཚང་མས་མཁྱེན་གསལ་ལྟར། ༧གོང་ས་མཆོག་ལ་དད་གུས་ཞུ་མཁན་དང་བོད་པར་ཤ་ཞེན་ཡོད་མཁན་པདྨ་མཁའ་འགྲོ་ལགས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འཁོད་གནང་བ་རེད། དེ་ང་ཚོ་ཚང་མ་དངོས་གནས་སྤོབས་པ་སྐྱེ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། ???✍
    རེད་ཡང་ཉིན་གཅིག་ཁོང་ལྐོག་བསད་གཏོང་གི་རེད།། ཨ་ནི་སྤོབས་པ་སྐྱེ་ས་ཉུང་ཉུང་ཆགས་ཀྱི་རེད།། བོད་རེ་བས་ཕུང་ཕུང་་་ པ་རེད་་་ བློ་བདེ་པོ་འདུག་ད་་་་་་

    Reply
  2. པ་སངས་བླ་མ་ says:
    ལོ་ 10 སྔོན།

    བོད་རྒྱ་འབྲེལ་མོལ་གནང་ཐུབ་མེན་ལས་འཆར་གསར་བ་ཐོག་ལ་བསལ་བཤད་མ་གནང་ན་ཡག་གི་རེད
    ནད་ཚབས་ཆེན་ཕོག་ཉིན་ཨེམ་ཆི་མེད མི་འགངས་ཆེན་ཤི་ཉིན་བླ་མ་མེད གསར་འགོད་པའི་དྲི་བ་ལ་དྲིས་ལན་མེད

    Reply
  3. ཀླུ་སྨྱོན་པ། says:
    ལོ་ 10 སྔོན།

    ལྷག་གཅིག་དང་ཕྱེད་ལྷག་ཟེར་བ་དེའི་ག་རེ་དོན་རེད།།

    Reply
  4. snaggy says:
    ལོ་ 10 སྔོན།

    རྫུམ་གཏམ་ཁོ་ན་རེད། ད་ལྟ་མ་འཇོན་དུས་རྗེས་མ་ཞིག་ལ་རེ་བ་བྱེད་པ་བློ་སེང་གིས་ལྟ་གྲུབ་རེད། སྔོན་མའི་སྲིད་སྐྱོངས་སྐབས་སུ་༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་བྱེད་ཀི་ཡིན་ཟེར་ནས་སྐད་ཅོར་རྒྱབ་ཡོད་ཀྱང་། ད་ལྟའི་ཆར་སྐད་ཆ་དེ་དག་ཁོག་པའི་ནང་ལ་ཐིམ་ཡོད། ད་ལྟའི་འདི་ལྟའི་ཁ་བདེ་ལྕེ་རྐྱང་རྐྱང་བྱེད་ནས་བོད་མི་རྣམས་མགོ་འཐོམ་བཅུག་སྟེ། རང་གི་ཁྱིམ་གཞི་དང་རང་གི་ཆེད་དུ་ཨ་མི་རི་ཀར་ཁང་པ་ཡག་པོ་ཞིག་ཉོས། བོད་དོན་ཁ་ལ་ཁྱེར་ནས་དོན་དུ་ཁྱིམ་མའི་ཆེད་དུ་དངུལ་བག་ཁུག་གང་བསགས་རྒྱུ་དེ་ནི་ཁྱོའི་ལས་ཀ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese