མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་ལས་རིམ་ལ་བསྐྱར་བཅོས་དང་འབྲེལ་བའི་སྙིང་གཏམ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་དབང་རྒྱལ།

ལབ་གླེང་ལུང་པ་གང་བྱུང་བའི་འདི་ལོའི་འོས་བསྡུའི་ལས་རིམ་གྱི་བྱུང་འབྲས་སུ་འོས་བསྡུའི་ལས་རིམ་ལ་བསྐྱར་བཅོས་གཏོང་དགོས་པའི་གནས་སུ་གྱུར་ཡོད།   དེ་ཡང་འོས་བསྡུའི་སྐབས་རང་རེའི་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་གྱི་ཚོར་བ་ཤུགས་ཆེ་སླེབས་སྟབས་ལྷ་བླ་ཡང་དགོངས་པ་འཁྲུག་སྟེ་བཀའ་ཚ་པོ་ཐེངས་འགའ་གནང་དགོས་བྱུང་ཡོད། སྤྱིར་འདིའི་རིགས་གནང་དགོས་དོན་མེད་གང་ལགས་ཟེར་ན། བོད་སྤྱི་པའི་དོན་དུ་ཕྱག་ལས་གནང་མཁན་འདབ་ཤོག་གཉིས་ལྡན་ཙམ་དུ་མ་ཟད། འཇོན་ཐང་ཆེ་བ་དང་ལྷག་བསམ་གྱིས་ཕྱུག་པ་ཞིག་འོས་འདེམས་གནང་རྒྱུར་དམིགས་ཀྱི་ཡོད་ཀྱང་། མཁྲེགས་བཟུང་བྱེད་མཁན་ཁག་གཅིག་གིས་ཡིག་རྨོངས་དང་ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་རྣམས་བེད་སྤྱོད་ཀྱིས་རང་རེའི་སྤྱི་ཚོགས་ལ་ཕན་ཡོན་གང་ཡོད་ལ་མ་བལྟོས་པར་སྒེར་གི་འདོད་པ་ལ་བལྟས་ཏེ་ནོར་འཁྲུལ་བཟོ་ཡི་འདུག་སྙམ། གང་ལྟར་རང་ཅག་རྣམས་ལ་འོས་བསྡུའི་ལས་རིམ་ལ་བསྐྱར་བཅོས་ཡོང་སླད་བསམ་འཆར་འབུལ་རྒྱུའི་གོ་སྐབས་ཤིག་ཤར་བ་དེ་ནི་ལེགས་པའི་ཆ་གཅིག་རེད། བོད་མི་མང་སྤྱི་འཐུས་རྣམ་པས་དགོངས་པ་ཆེ་བཞེས་ཀྱིས་ལས་གཞི་འདི་བརྩམས་གནང་བར་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཤམ་དུ་བྲིས་པ་རྣམས་གུས་པས་འགྱུར་བ་དང་བསྐྱར་བཅོས་ཇི་དགོས་སྐོར་བརྗོད་རྒྱུ་ཡིན་ལ། འགྱུར་བ་དང་བསྐྱར་བཅོས་གང་དགོས་ཀྱི་བསམ་འཆར་སོ་སོས་ཡིག་ཐོག་ནས་འབུལ་ཐབས་གནང་ན་ཟླ་འདིའི་ཟླ་མཇུག་བར་གོ་སྐབས་ཡོད་པས་དོ་འཁུར་བླངས་ཏེ་སྤྱི་ལྷན་དུ་འབུལ་དགོས་སོ།

དོན་ཚན་དང་པོ། འོས་བསྡུ་ཐེངས་གཉིས་ལ་གནང་མི་དགོས་པར་ཐེངས་གཅིག་གི་ཐོག་ནས་འགྲིག་པ་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་ཡང་འཛམ་གླིང་ནང་སྲིད་འཛིན་དང་སྲིད་བློན་གྱི་འོས་བསྡུ་མང་པོ་གནང་གི་ཡོད་ཀྱང་ཐེངས་གཉིས་ལ་འོས་བསྡུ་བྱེད་མཁན་བཙན་བྱོལ་བོད་མི་ལས་གཞན་སུ་ཡང་མེད། དེས་ཕྱོགས་གཅིག་ནས་སྐྱབས་བཅོལ་གྱི་གཞུང་ཞིག་ཡིན་པས་རྒྱུན་ལྡན་ནས་དངུལ་དངོས་སོགས་དཀོན་ལུགས་གསུང་བཞིན་དུ་འགྲོ་གྲོན་འཕར་མ་ཞིག་བཏང་གནང་གི་ཡོད།   གཉིས་ནས་མི་མང་ཚོས་ཐོག་མ་ནས་རང་གི་འདོད་མོས་ཡོད་པའི་འོས་མི་དེར་འོས་བླུགས་ཀྱི་ཡོད་པ་ལས། སྔོན་འགྲོར་བློ་ལ་མི་འགྲོ་བའི་འོས་མི་ཞིག་ལ་འོས་བླུགས་པ་དང་དངོས་གཞིར་འོས་འཚམ་གྱི་འོས་མི་ཞིག་ལ་འོས་བླུགས་པ་དེ་འདྲ་བྱེད་ཀྱི་མེད། ཕྱོགས་མཚུངས་སྲིད་སྐྱོང་གི་འོས་བསྡུ་དང་སྤྱི་འཐུས་ཀྱི་འོས་བསྡུ་གཉིས་ཁ་ཁ་གནང་ན་ལེགས་ཚུལ་གསུང་མཁན་ཁག་ཅིག་ཡོང་བཞིན་ཡོད། གལ་སྲིད་དེ་འདྲ་གནང་བ་ཡིན་ན་དངུལ་མེད་པའི་གསུང་སྐད་ཤོར་བཞིན་དུ་འོས་བསྡུ་ཁག་གཉིས་ལ་འགྲོ་སོང་གཏོང་དགོས་འཁེལ་ན་དངུལ་འབོར་ཆེན་ཞིག་དང་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་འགྲོ་བ་ལས་གཞན་དགེ་མཚན་གང་ཡང་མ་མཐོང་། ཡང་སྤྱི་འཐུས་ཀྱི་འོས་བསྡུ་ནི་སྲིད་སྐྱོང་གི་འོས་བསྡུ་དང་མི་འདྲ་བར་དོ་དབྱིངས་དེ་ཙམ་ཆེན་པོ་གནང་གི་མེད་པ་གསལ་པོ་རེད། བྱས་ཙང་སྤྱི་འཐུས་ཀྱི་འོས་བསྡུ་ལོགས་སུ་བྱེད་པ་ཡིན་ན་འོས་བླུག་མཁན་གྱི་བརྒྱ་ཆ་ཉུང་དུ་འགྲོ་རྒྱུ་ཡིན་པ་སྨོས་མེད་རེད། གང་ལྟར་ཡང་། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་གཅིག་གནང་བའི་རྗེས་སྲིད་སྐྱོང་དུ་སུ་ཞིག་ལ་འོས་མཐོ་ཤོས་ཐོབ་པའི་འོས་མི་དེར་དགོས་ངེས་ཀྱི་ཆ་རྐྱེན་ཚང་མིན་ཞིབ་གཤེར་རྗེས་འོས་ཐོབ་པར་ངོས་འཛིན་དང་།   གལ་ཏེ་ཆ་རྐྱེན་ཚང་མེད་ན་དེའི་རྗེས་ཀྱི་འོས་གྲངས་མཐོ་ཤོས་ཐོབ་མཁན་དེར་ཆ་རྐྱེན་ཚང་ཡོད་ན་འོས་ཐོབ་པར་གསལ་བསྒྲགས་བསྐྱངས་རྒྱུའི་ལམ་སྲོལ་གསར་གཏོད་མཛད་གནང་ཡོང་བ་ཞུ། སྤྱི་འཐུས་ཀྱི་འོས་བསྡུ་ཡང་དེ་ལྟར་གནང་སྟེ་ཕེབས་པ་ཡིན་ན་དངུལ་དང་དུས་ཚོད། འོས་བསྡུའི་བརྒྱ་ཆ་མཐོ་བ་ཡོང་རྒྱུ་བཅས་ཀྱི་དགེ་མཚན་སྣ་ཚོགས་ཡོད།

དོན་ཚན་གཉིས་པ། ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་པ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ཡང་མང་གཙོའི་ལམ་ལུགས་དང་མི་མཐུན་པར། གྲྭ་བཙུན་རྣམས་ལ་འོས་ཐེངས་གཉིས་རེ་དང་། སྐྱ་བོ་རྣམས་ལ་ཐེངས་གཅིག་ལས་མེད་པས། འདྲ་མཉམ་མེད་པ་དེ་མང་གཙོའི་ལམ་སྲོལ་དང་མི་མཐུན་པའི་གནས་བབ་ཅིག་རེད། བོད་མིའི་སྒྲིག་འཛུགས་ལ་ཁྲལ་ནི་སེར་སྐྱ་ཚང་མས་གཅིག་མཚུངས་འབུལ་བཞིན་ཡོད། ཞོར་དུ་བསམ་ཚུལ་གཞན་ཞིག་ཞུས་ན། སེར་མོ་བ་རྣམས་ནི་འཇིག་རྟེན་གྱི་བྱ་བ་སྤང་སྟེ་ཐར་པའི་ལམ་ལ་ཞུགས་མཁན་ཡིན་སྟབས། འོས་བསྡུའི་ལས་རིམ་ནི་འཇིག་རྟེན་གྱི་བྱ་གཞག་ཞིག་ཡིན་པས་སེར་མོ་བ་རྣམས་དེའི་ཐོག་ཐེ་བྱུས་མ་གནང་ན་སོ་སོའི་དམིགས་ཡུལ་དང་མཐུན་པ་ཡོང་གི་ཡོད་སྙམ། རྒྱུ་མཚན་འདི་ལ་བརྟེན་ནས་འབྲུག་རྒྱལ་ཁབ་ནང་སེར་མོ་བ་རྣམས་ཀྱིས་འོས་བླུགས་གི་མེད་པ་ཀུན་ནས་མཁྱེན་གསལ་རེད། གལ་ཏེ་གྲྭ་བཙུན་ནང་ངེས་པར་དུ་སྲིད་དོན་གྱི་ལས་གཞིའི་ནང་འཛུལ་ཞུགས་གནང་བློ་ཡོད་ཚེ་ཆོལ་ཁའི་ཁོངས་ནས་སེར་མོ་བ་ཁག་ཅིག་འོས་འདེམས་ཡོང་བཞིན་ཡོད་པ་ལྟར་ཆོལ་ཁའི་ཁོངས་ནས་འགྲན་བསྡུར་གྱི་ཐོག་ནས་ཕེབས་ཚེ་མང་གཙོའི་འགྲོ་ལུགས་དང་མཐུན་པས་དེར་སུས་ཀྱང་དགག་པ་རྒྱབ་མཁན་མེད།

 དོན་ཚན་གསུམ་པ། སྤྱིར་འོས་བསྡུ་དང་འབྲེལ་བའི་གསལ་བསྒྲགས་རྣམས་འོས་བསྡུ་ལས་ཁུངས་ཀྱིས་འཆར་གཞི་དང་ལྡན་པའི་ཐོག་ནས་སྔོན་ཚུད་ནས་གནང་གི་ཡོད་ཀྱང་གསལ་བསྒྲགས་ཁག་གཅིག་ཕྱིས་དྲག་པ་དེ་འདྲ་ཡོང་གི་ཡོད། དེས་འོས་མི་བྱེ་བྲག་པ་གཅིག་བཀག་ཐབས་གནང་རྒྱུའི་དམིགས་ཡུལ་བཟུང་ཡོད་པའི་དོགས་པ་སློང་བ་དེ་འདྲ་བྱུང་ཡོད། གསལ་བསྒྲགས་གང་འདྲ་ཞིག་ཡིན་ཡང་སྐབས་མཚམས་དང་ཕྱིས་དྲག་པ་མ་ཡིན་པར་ཉུང་མཐར་ཟླ་བ་གཅིག་གམ་བདུན་ཕྲག་གཉིས་སྔོན་ལ་གསལ་བསྒྲགས་གནང་ཚར་བ་དགོས་གལ་ཆེ།   འོས་བསྡུ་ཆེན་མོའི་གསལ་བསྒྲགས་དེ་མཉུང་ཐར་ཟླ་བ་དྲུག་སྔོན་ལ་གསལ་བསྒྲགས་གནང་ཚར་བ་དགོས་གལ་ནི་སྨོས་ཅི་དགོས། གུས་པས་བསམ་པར་ཕྱི་ཟླ་དགུ་པའི་ནང་འོས་བསྡུའི་གསལ་བསྒྲགས་བསྐྱངས་ཏེ་ཕྱི་ཟླ་བཞི་པའི་གཟའ་ཉི་མ་དང་པོར་འོས་བསྡུ་གནང་ན་སུད་ཚོང་བ་ཚང་མ་གཞིས་ཆགས་སོ་སོར་འཁོར་ཏེ་དུས་ཚོད་ཀྱི་ཆ་ནས་འཚམ་པོ་ཡོད་པ་ཞིག་མཐོང་། འདི་འདྲ་ཞིག་བྱུང་ན་འོས་མི་ཚོར་ཟླ་བ་དྲུག་རིང་ཁྱབ་བསྒྲགས་གནང་རྒྱུའི་དུས་ཚོད་གང་འཚམ་ཞིག་ཐོབ་ཀྱི་ཡོད།

དོན་ཚན་བཞི་པ། འོས་མིའི་འགྲོ་སོང་གི་ཚད་གཞི་བཟོས་གནང་བ་དེ་ནི་དངོས་ཡོད་ཐོག་ལག་ལེན་དུ་འཁེལ་ཐབས་མེད་པ་ནི་ཚང་མས་ཤེས་གསལ་རེད། གཉིས་ནས། ཚད་གཞི་དེ་འདྲ་བཟོས་གནང་ན་ཐོག་མར་རྒྱ་གར་གཞུང་ལ་ཁྲལ་སྤྲོད་ཀྱི་ཡོད་མེད་གཟིགས་དགོས་ཀྱི་ཡོད་པ་རེད། གང་ལ་ཟེར་ན། འབུམ་བརྒྱད་འགྲོ་སོང་གཏོང་གི་ཡིན་ན་ཁྲལ་སྤྲོད་དགོས་ངེས་ཀྱི་གྲས་སུ་ཚུད་ཀྱི་ཡོད་ལ། དངུལ་འབོར་ཆེན་དེ་གཅིག་པུ་མ་ཡིན་པར་རྒྱུ་དངོས་ཇི་ཡོད་རྣམས་ཁྱབ་བསྒྲགས་གནང་སྟེ་དེ་གཞིར་བཟུང་ཁྲལ་ཡང་གཙང་སྤྲོད་གནང་ཡོད་པ་ཁ་གསལ་དགོས་ཡོད། རང་རེའི་འོས་མི་ཚོས་དེ་ལྟར་གནང་དགོས་ཀྱི་མེད་ཀྱང་རྒྱ་གར་དཔྱ་ཁྲལ་ལས་ཁུངས་ནས་ཞིབ་གཤེར་གནང་ཚེ་འོས་མི་རྣམས་ཁྲིམས་འགལ་ཆགས་རྒྱུ་ཡིན་པ་གདོན་མི་ཟ། རྒྱུ་མཚན་དེ་སོགས་ལ་བརྟེན་ནས་འགྲོ་སོང་གི་ཚད་གཞི་དེ་མེད་པ་བཟོས་གནང་ན་དགེ་མཚན་དུ་མཐོང་།

དོན་ཚན་ལྔ་པ། འོས་བསྡུའི་གྲངས་གཤེར་གྲུབ་རྗེས་གསལ་བསྒྲགས་གནང་ཕྱོགས་ཐད་སྤྱི་ཡོངས་ནས་གང་ལེགས་བྱུང་ཡོད་ཀྱང་། ས་གནས་ཁག་གཅིག་ནང་དེའི་ཐོག་སྒྲིག་གཞིའི་གོ་དོན་མི་ཤེས་པ་དེ་འདྲ་ཡང་ཡོད་པ་གུས་པས་ཤེས་བྱུང་། དཔེར་ན་ས་གནས་ཤིག་ཏུ་གྲངས་གཤེར་ཚར་ཡོད་ཀྱང་གཞིས་འགོ་དེས་ཆུ་ཚོད་ཉི་ཤུ་རྩ་བཞི་ཟིན་ཚར་མ་སོང་བས་ད་ལྟ་གསལ་བསྒྲགས་བྱེད་ཀྱི་མིན་ཞེས་གསུངས་བྱུང་། ངོས་ནས་སྒྲིག་གཞི་བསྐྱར་དུ་གཟིགས་དང་གསལ་བསྒྲགས་ཆུ་ཚོད་ཉི་ཤུ་རྩ་བཞི་འགྱང་མེད་གསལ་བསྒྲགས་གནང་དགོས་ཞེས་བཀོད་ཡོད་ལུགས་བཤད་ཀྱང་གསན་འཇོག་གནང་མ་བྱུང་། འོས་བསྡུ་ལས་ཁུངས་ནས་འོས་བསྡུ་དང་འབྲེལ་བའི་ཕྱག་ལས་གནང་མཁན་རྣམས་ལ་འགྲོ་སོང་ཆེན་པོ་བཏང་སྟེ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དེ་ཆུད་ཟོས་སུ་འགྲོ་ཡི་མེད་འགྲོ་སྙམ་བྱུང་། གསལ་བསྒྲགས་དང་འབྲེལ་བའི་གནད་དོན་གཞན་ཞིག་ནི། བྱང་ཨ་རིའི་འོས་བསྡུའི་གསལ་བསྒྲགས་དེ་བདུན་ཕྲག་གཅིག་ཙམ་འགོར་གྱིན་ཡོད་པ་དེ་དོན་དག་སྣ་ཚོགས་ཐོག་དགོངས་པ་བཞེས་དགོས་པ་ཡིན། དང་པོ་འོས་སྒམ་བོར་བརླག་ཤོར་མི་སྲིད་པ་མིན། གཉིས་པ་གྲངས་གཤེར་མ་གནང་པར་ཉིན་མང་པོར་ཉར་གནང་བས་མི་མང་ནང་དོགས་པ་སློང་གཞིར་འགྱུར་བཞིན་ཡོད། གསུམ་ནས་ཉིན་མང་པོ་འགོར་བས་ཚགས་ཚུད་མེད་པའི་རྣམ་པ་ཞིག་ཡོང་བཞིན་ཡོད།

 དོན་ཚན་དྲུག་པ། སྤྱི་འཐུས་ཚོགས་གཙོ་འོས་འདེམས་སྐབས་འོས་ཐེངས་གསུམ་བླུགས་རྗེས་འོས་མི་གཉིས་དབར་སུ་ལའང་རྒྱལ་ཁ་མེད་པའི་གནས་སྟངས་བྱུང་ཚེ་ལོ་གཉིས་དང་ཕྱེ་ཀ་རེའི་ཚོགས་གཙོར་གསལ་བསྒྲགས་གནང་སྲོལ་དེ་མ་ཡིན་པར། བཀོད་མི་ཐུབ་པའི་འོས་མི་གཉིས་པོ་ཕྱིར་འཐེན་གནང་སྟེ་འོས་མི་གསར་པའི་ཐོག་འོས་བསྡུ་གནང་ནས་ཚོགས་གཙོ་བསྐོ་ཐབས་གནང་ན་དགེ་མཚན་ཆེ་བར་མཐོང་། ད་ལྟའི་ལམ་སྲོལ་ལ་འོས་མི་གཉིས་དབར་དུས་ཡུན་ལོ་ལྔ་དེ་ཕྱེད་ཀ་ཕྱེད་ཀ་གནང་སྲོལ་དེ་མང་གཙོའི་ལམ་སྲོལ་དང་མི་མང་གི་མངོན་འདོད་དང་མི་མཐུན་པ་ཞིག་རེད།

མཐའ་དོན། གོང་དུ་བྲིས་པའི་གནད་དོན་རྣམས་དངོས་ཡོད་ཕྱག་བསྟར་དང་དོན་ཕན་ལྡན་པ་ཇི་ཙམ་ཡོད་མེད་མི་ཤེས་ཀྱང་བསམ་ཚུལ་དེ་དག་རང་རེའི་སྤྱི་ཚོགས་སྙིང་བཅངས་དང་། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བྲིས་པ་ཞིག་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 7

  1. བསྟན་འཛིན་ཉིན་བྱེད། says:
    ལོ་ 9 སྔོན།

    ཤེས་ཡོན་དང་ལྷག་བསམ་གྱིས་ཕྱུག་པའི་བོད་ཀྱི་མཛངས་མའི་གོ་སྒྲིག་པ་སྐུ་ཞབས་བློ་དབང་ལགས་ནས་འོས་བསྡུའི་སྒྲིག་གཞིའི་བསྐྱར་བཅོས་ཀྱི་དགོངས་འཆར་ལྷུར་ལེགས་གནང་འདུག་པས་དགའ་བསུ་ཞུ་བཞིན་ཡོད། ཁོང་གིས་འདོན་གནང་མཛད་པའི་དགོངས་འཆར་རྣམས་ཕྱག་བསྟར་གནང་ཚེ་ངེས་པ་དོན་གྱིས་ཕན་འབྲས་འཐོན་རྒྱུ་ཡིན་མ་གོར་མ་ཆག མུ་མཐུད་དཔྱད་རྩོམ་དེ་རིགས་སྤེལ་བའི་འབོད་སྐུལ་ཞུ་གི་ཡོད། བཀྲིས་བདེ་ལེགས། ཚེ་རིང་། ནད་མེད། བོད་རྒྱལ་ལོ།།

    Reply
  2. བསྟན་པ། says:
    ལོ་ 9 སྔོན།

    གནད་ལ་འཁེལ་བའི་དགོངས་ཚུལ་གནང་འདུག ཐུགས་རྗེ་ཆེ།
    ད་ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་སྐབས་ས་གནས་འགོ་འཛིན་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ཅིག་ནས་འོས་བསྡུའི་ལས་དོན་ལ་འགན་མ་ཁུར་བའམ། ཡང་ན་སྒྲིག་གཞིའི་དགོངས་དོན་མ་རྟོག་པ་གང་ཡིན་ཆ་མ་མཚལ་ཡང་། གང་ལྟར་འོས་བསྡུ་ཆེན་མོའི་ལས་རིམ་ནང་སྒྲིག་འགལ་གང་འཚམ་གནང་སོང་། དཔེར་ན། ཨོ་སི་ཊི་ལེ་ཡ་ནས་སྔོན་འགྲོའི་འོས་བསྡུའི་སྐབས་ས་གནས་འོས་བསྡུའི་འགན་འཛིན་(དོན་གཅོད་སྐུ་ངོ་)གྱིས་འོས་སྒྲིག་དགོངས་དོན་ལས་འགལ་བའི་འོས་བཤེར་དང་མཇུག་བསྡོམས་ཁྱབ་བསྒྲགས་སོགས་བྱས་ཡོད་ལ། དེ་བཞིན་དངོས་གཞིའི་འོས་བཤེར་ལ་གླེང་རྙོག་བྱུང་གཤིས་དབུས་འོས་བསྡུ་ལས་ཁུངས་ཀྱི་བཀོད་ཁྱབ་ཕེབས་ཏེ། འོས་གྲངས་བསྐྱར་བཤེར་གནང་དགོས་བྱུང་ཡོད་པ་སོགས་ལ་གཞིགས་ན། འབྱུང་འགྱུར་གནས་ཚུལ་དེ་རིགས་མི་ལྷག་སླད། ས་གནས་འོས་བསྡུའི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་ལ་འོས་བསྡུའི་ལས་དོན་དང་འབྲེལ་བའི་གཟབ་སྦྱོང་དང་འོས་བསྡུའི་ལས་རིམ་སྐབས་དབུས་ནས་སྟངས་འཛིན་བཀའ་ཁྱབ་ནན་འདྲོངས་དགོས་ངེས།

    Reply
  3. གཟི་མིག་དགུ་པ། says:
    ལོ་ 9 སྔོན།

    བློ་བཟང་དབང་རྒྱལ་གྱི་རང་རེའི་སྤྱི་ཚོགས་ལ་དོ་སྣང་དང་གོ་རྟོགས་ཡོད་པའི་ཐོག་ནས་འགན་འཁྱེར་ནས་ཁོང་གི་བསམ་ཆར་རྣམས་གྲོས་ཚོགས་སུ་ཕུལ་བ་དང་བོད་ཀྱི་དུས་བབ་ཐོག་འདོན་སྤེལགནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། བསམ་འཆར་ཚང་མ་ཧ་ཅང་གི་ཡག་པོ་འདུག་རྒྱབ་སྐྱོར་གཙང་མ་ཡོད། ཁོང་གི་གསུང་བ་རྣམས་དངོས་གནས་རང་རང་རེའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བདང་དུས་དང་མཉམ་དུ་འགྲོ་རྒྱུར་བསམ་ཚུལ་གསུང་བ་ཞིག་རེད་འདུག སྤྱི་འཐུས་རྣམས་པས་ཀྱང་བསམ་འཆར་དེ་དག་ལ་རྒྱབ་བསྐྱོར་གྱིས་ཏེ་ལག་བསྟར་གནང་ཐབས་གནང་གལ་ཆེ།

    Reply
  4. སྨུག་པ། says:
    ལོ་ 9 སྔོན།

    དགོངས་ཚུལ་ཡག་པོ་གསུང་འདུག ཐུགས་རྗེ་ཆེ།
    དེང་སྐབས་ང་ཚོས་དོན་ཚན་གཉིས་པ་ལ་ལྷག་པར་དུ་ཡིད་གཟབ་བྱ་དགོས་འདུག རྒྱུ་མཚན་ནི། ཆོས་བརྒྱུད་སྤྱི་འཐུས་རྣམ་པ་སྤྱིར་བཏང་ཆོས་བརྒྱུད་སོ་སོའི་སྐུ་ཚབ་ལྟ་བུའི་རྣམ་པའི་སྒོ་ནས་ཡོང་བ་ཡིན་ནའང་། དོན་དུ་ཆོལ་ཁའི་སྤྱི་འཐུས་ལྟ་བུ་ཆགས་འགྲོ་ཡི་ཡོད་པ་གསལ་པོ་ཡིན་པས། འདིའི་ཕྱོགས་ལ་ངེས་པར་དུ་དགོངས་པ་བཞེས་ཚད་ལ་སླེབས་འདུག རབ་བྱུང་ན་གོང་གི་བསམ་འཆར་བཞིན་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་པ་དང་། དེ་མ་བྱུང་ན་ཆོས་བརྒྱུད་སྤྱི་འཐུས་ལ་ཆོས་བརྒྱུད་སོ་སོའི་ཁོངས་ནས་སྟངས་འཛིན་གནང་ཐུབ་པ་ཞིག་དགོས་འདུག དེ་མིན་དེང་སང་གི་ཆོས་བརྒྱུད་སྤྱི་མཐུས་མང་ཆེ་བ། ཕྱི་སྟོན་པའི་མནབ་བཟའ་གྱོན་ཡང་། ནང་བསམ་པར་གཞན་ཕན་དང་སྤྱི་སེམས་མེད་པར་ཞེན་ཁོག་དང་། མཁྲེགས་འཛིན། དཀྲུགས་ཤིང་། དབང་ཆ་འཐབ་རྩོད་བྱ་བར་སྡིག་པ་མིག་བཙུམས་བྱེད་མཁན་ཤ་སྟག་ཆགས་ཡོང་གི་འདུག བྱེད་སྤྱོད་འདིའི་བག་ཆགས་ཀྱིས་མི་མང་པོ་ཞིག་གི་བསམ་པར་ད་ཆོས་བརྒྱུད་སྤྱི་འཐུས་མ་ཡོང་ན་ཡག་པོ་འདུག་བསམ་གྱི་ཡོད་པ་རེད།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 9 སྔོན།

    དོན་ཚན་གཉིས་པ་དེ་ལ་ངོས་ལེན་ཞུ་ཐུབ་ཐབས་མི་འདུག དེ་བྱས་ན་ད་ལྟའི་བོད་ཀྱི་གནད་དོན་དེ་གཙོ་བོ་དགེ་འདུན་པའི་འགོ་ཁྲིད་ནས་འགྲོ་གི་ཡོད་པ་རྣམ་གསལ་ལགས་ན། དེ་ལྟ་བུའི་སེམས་ཤུགས་དེ་ཆགས་ཡང་འགྲོ་རྒྱུ་ལས་གཞན་གང་ཡང་མེད་པས་དེ་དོན་དགོངས་འཇགས་ཞུ།

    Reply
  6. ཕུན་ཚོགས་རབ་གསལ། says:
    ལོ་ 9 སྔོན།

    བློ་བཟང་དབང་རྒྱལ་གྱི་བསམ་འཆར་ཡོངས་ལ་རྒྱབ་སྐྱོར་ཡོད། ལྷག་པར་ཆོས་བརྒྱུད་སྤྱི་འཐུས་སྐོར་ལ་བསམ་འཆར་ཆེན་པོ་ཡོད།
    ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཀྱི་དགོས་མཁོ་ལ་བརྟེན་ནས་ཆབ་སྲིད་ཀྱི་ལས་དོན་ལས་བགྲེས་ཡོལ་ཕེབས་ཡོད་པས། ད་ཆོས་ལུགས་ཀྱི་སྤྱི་འཐུས་ཀྱང་དེ་མཚུངས་ཀྱིས་བསྒྱུར་བཅོས་དགོས་པར་མཐོང་།

    ཆོས་བརྒྱུད་སྤྱི་འཐུས་ཀྱི་ལམ་སྲོལ་ལ་ནོར་འཁྲུལ་ཆེན་པོ་འགའ་ཤས་ཡོད་དེ།
    ༡། མི་གཅིག་ལ་འོས་གཅིག་གི་མང་གཙོའི་ལྟ་གྲུབ་དང་འགལ་བ།
    ༢། སྐྱ་བོ་རྣམས་ལ་ཆོས་བརྒྱུད་ཡོད་ཀྱང་ཆོས་བརྒྱུད་སྤྱི་འཐུས་འདེམས་དབང་མེད་པ།
    ༣། གྲྭ་བཙུན་མིན་པ་དང་། ལྷག་པར་ཆོས་དང་རིག་གཞུང་ལ་རྒྱུས་མངའ་གཏན་ནས་མེད་པ་མ་ཟད་བོད་སྐད་ཀྱང་ཡག་པོ་མི་ཤེས་པའི་མི་སྐྱ་རྒྱ་རི་བུ་ཕྲུག་ལྟ་བུའང་ཆོས་བརྒྱུད་སྤྱི་འཐུས་སུ་ལངས་ཆོག་པ།
    ༤། རིས་མེད་ཆོས་བརྒྱུད་ཁག་གི་གྲྭ་བཙུན་ལ་ཆོས་བརྒྱུད་སྤྱི་འཐུས་འདེམས་དབང་མེད་པ།
    ༥། མ་འོངས་པར་ཇོ་ནང་སོགས་ནང་པའི་ཆོས་བརྒྱུད་ཁག་དང་། བོད་པ་ཁ་ཆེ་དང་ཡི་ཤུ་ཆོས་ལུགས་པ་སོགས་ཀྱིས་ཀྱང་སྤྱི་འཐུས་ཀྱི་ཞབས་སྟེགས་སའི་སྐྱོན་གནད་ཡོད་པ།
    ༦། ཆོས་བརྒྱུད་སྤྱི་འཐུས་རེ་ཟུང་གི་བྱ་སྤྱོད་ལ་བརྟེན་ནས་དགེ་འདུན་པ་དམངས་ལ་ལྟ་སྟངས་དང་ཤུགས་རྐྱེན་ངན་པ་བཟོ་བ་སོགས། གལ་ཆེའི་རྒྱུ་མཚན་མང་པོ་ཡོད་པས། འོས་བསྡུའི་སྒྲིག་གཞི་འགྱུར་བ་གཏོང་བ་དང་ལྷན། དེ་དང་འབྲེལ་བའི་བཅའ་ཁྲིམས་ལ་བསྐྱར་བཅོས་དགོས་མཁོ་གང་ཡོད། ཚོགས་ཆུང་གིས་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ལ་སྙན་གསན་དགོས་པར་མཐོང་།

    Reply
  7. ཁང་ཆུང་དཀར་པོ་ says:
    ལོ་ 9 སྔོན།

    བསམ་ཚུལ་ཧ་ཅང་ཡག་པོ་འདུག། དམིགས་བསལ་དོན་ཚན་དང་པོ་དང་གཉིས་པ་གཉིས་འབྱུང་འགྱུར་འོས་བསྡུ་ལྷན་ཁང་ནས་ཕྱག་བསྟར་གནང་ཐུབ་ན་བོད་སྤྱི་པའི་དམང་གཙོ་གོང་འཕེལ་སླད་ཐུགས་འཕན་ཧ་ཅང་ཆེ་བར་དོན་མི་གཟའ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese