མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱ་མཚོ་སྟོང་པ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཨེ་ཌམ་མིན་ཊིན།
སྒྱུར་བ་པོ། ཚེ་རིང་དོན་གྲུབ།

གཟའ་ལྷག་པའི་ཉིན་ཨིན་ཌོ་ནི་ཤཱ་ཡས་འབར་གས་ཀྱི་སྒྲ་དང་ཆབས་གཅིག་རང་བཙན་ཉིན་མོ་སྲུང་གཙི་ཞུས་ཡོད། དེ་ཡང་ཉིན་འདིར་ཨིན་ཌོ་ནི་ཤཱ་ཡའི་ཆུ་བོའི་སྟེང་དུ་ཁྲིམས་འགལ་གྱི་སྒོ་ནས་ཉ་འཛིན་མཁན་རྒྱ་ནག་གི་གྲུ་འགའ་འཛིན་བཟུང་བཙན་འཕྲོག་གིས་འབར་གས་བཏང་ཡོད། རྒྱ་ནག་གིས་ཨིན་ཌོ་ནི་ཤཱ་ཡའི་ས་ཁོངས་བདག་དབང་ལ་རྩོད་གླེང་བྱེད་ཀྱི་མེད་ཀྱང་། རྒྱ་ནག་གི་ཉ་པ་རྣམས་ལ་སེམས་ངལ་ཆེན་པོ་ཡོད། བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་འབྲེལ་གསར་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁོར་ཡུག་སྦག་བཙོག་དང་ཉ་ཚད་ལས་བརྒལ་བ་བཟུང་བའི་རྐྱེན་གྱིས་ཤར་རྒྱ་ནག་རྒྱ་མཚོ་ཐེ་བའི་ས་ཁུལ་འགའ་ཞིག་ནང་ཉའི་ཐོན་ཁུངས་སྟོང་བཞིན་ཡོད་ལ། ཧ་ལམ་ “ཉ་ཁྱོན་ནས་མེད་པའི”གནས་སུ་གྱར་ཡོད་པ་རེད།

དེ་ནི་བཀྲེས་ལྟོགས་ཀྱི་སེམས་ངལ་ཆེ་རུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་ཧ་ཅང་འཇིགས་སུ་རུང་བའི་སྣང་ཚུལ་ཞིག་རེད། ༢༠༡༥ ལོར་འཛམ་གླིང་གི་མཚོ་ཟས་འཛད་སྤྱོད་པ་བརྒྱ་ཆ་ ༣༥ ཙམ་ནི་རྒྱ་ནག་ཆགས་ཡོད། རྒྱ་ནག་གིས་ཨིན་ཌོ་ནི་ཤཱ་ཡའི་ཆུ་བོ་ཚུད་པའི་རྒྱལ་ཁབ་གཞན་པའི་ཆུ་བོའི་ནང་ཉ་འཛིན་ཐབས་བྱེད་པ་ནི་དོན་ངོ་མའི་ཐོག་ནས་ཐབས་ལམ་ཡང་དག་ཅིག་མ་རེད། རྩོད་གཞི་ཆེ་བའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཉའི་ཐོན་ཁུངས་ལ་མཚོན་ནའང་ ༡༩༥༠ ལོའི་ཚད་གཞི་ལས་བརྒྱ་ཆ་ ༩༥ ཙམ་གྱིས་མར་ཆག་ཡོད། གལ་སྲིད་རྒྱ་ནག་གིས་ཨེ་ཤ་ཡའི་ཉའི་ཐོན་ཁུངས་གཞན་རྣམས་ཀྱང་རང་ཉིད་ཀྱི་ཐོན་ཁུངས་དང་ཆ་འདྲ་བའི་ལས་དབང་ཞིག་ཏུ་བསྒྱུར་འདོད་མེད་ན། རང་ཉིད་ཀྱི་མངའ་ཁུལ་ནང་ཡུན་རིང་རྒྱུན་སྐྱོང་ཐུབ་པའི་ཟས་ཀྱི་ཐོན་ཁུངས་ཤིག་ཇི་ལྟར་བསྐྲུན་ཐབས་ཐད་འདུན་པ་དྲག་པོའི་མནོ་བསམ་གཏོང་དགོས།

ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཚུངས་པར་རྒྱ་ནག་གི་ཡོང་འབབ་ཚད་གཞི་གོང་མཐོར་འགྲོ་བ་ནི་ཟས་ཀྱི་སྤུས་ཚད་དང་འབོར་ཚད་གོང་མཐོར་འགྲོ་བ་དང་ཁ་འབྲལ་ཐབས་མེད། མཚོ་ཟས་ནི་དེ་སྔོན་རྒྱལ་ཁབ་མང་དག་ཅིག་གི་ནང་རིན་གོང་ཆེ་བའི་རྒྱས་སྤྲོས་ལོངས་སྤྱོད་ཅིག་ཡིན་ནའང་། དེང་སང་དེ་ནི་ཐ་ན་སྐམ་སའི་མངའ་ཁུལ་དུའང་རྒྱུན་ལྡན་གྱི་ཟས་རིགས་ཤིག་ཏུ་གྱུར་ཡོད། རྒྱ་ནག་ནི་ད་ཆ་འཛམ་གླིང་ནང་གི་མཚོ་ཟས་འཛད་སྤྱོད་པ་དང་ཕྱིར་འདྲེན་བྱེད་མཁན་ཆེ་ཤོས་དེ་ཆགས་ཡོད། དཔལ་འབྱོར་གྱི་ཤུགས་རྐྱེན་ནི་བློ་ཡུལ་ལས་འདས་པ་ཞིག་རེད། ༡༩༧༩ ལོ་ནས་ ༢༠༡༣ ལོའི་བར་རྒྱ་ནག་གི་སྣུམ་འཁོར་གྲུ་གཟིངས་ ༥༥,༠༠༠ ནས་ ༦༩༤,༩༠༥ བར་འཕེལ་ཡོད་ཅིང་། ཉའི་བཟོ་གྲྭའི་ནང་གླས་པའི་ལས་མིའི་ཁ་གྲངས་ས་ཡ་ ༢.༢༥ ནས་ས་ཡ་ ༡༤ ལ་འཕར་ཡོད། དེ་དང་ཆ་མཚུངས་པར་ཉ་པའི་ཆ་སྙོམས་ཡོང་འབབ་ཀྱང་ཟླ་རེར་ཨ་སྒོར་ ༡༥ ཡས་མས་ནས་ ༢,༠༠༠ ལ་ཉེ་བ་འཕར་ཡོད། དེང་སང་ཉའི་བཟོ་གྲྭས་ལོ་རེར་ཨ་སྒོར་ཐེར་འབུམ་ ༢༦༠ ལས་བརྒལ་བ་ཐོན་སྐྱེད་བྱེད་བཞིན་ཡོད་སྟབས། དེ་ནི་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་(GDP)གི་བརྒྱ་ཆ་གསུམ་ཆགས་ཡོད།

འོན་ཀྱང་། ཅི་ཞིག་དགོས་མིན་ལ་མ་ལྟོས་པར་འཕེལ་རྒྱས་དང་ཉ་འཚོལ་སྙེགས་ཀྱི་དོན་དུ་རྒྱ་ནག་གི་ཉ་པས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད། འབྲི་ཆུས་རྒྱ་ནག་གི་གཙང་ཆུའི་ཉ་ཡི་བརྒྱ་ཆ་ ༦༠ མཁོ་འདོན་བྱེད་ཀྱིན་ཡོད་མོད། དེང་སང་འབྲི་ཆུས་ཉ་ཐོན་སྐྱེད་བྱད་ཚད་ ༡༩༥༤ ལོ་དང་བསྡུར་ན་བཞི་ཆའི་གཅིག་ལས་ཉུང་བ་ཆགས་ཡོད་པ་དང་། འབྲི་ཆུའི་ནང་ཉ་རིགས་མི་འདྲ་བ་ ༡༧༠ ཙམ་ཡོད་པ་ལས་མང་ཆེ་བ་ནི་ད་ཆ་རྩ་སྟོང་དུ་འགྲོ་ལ་ཉེ་བ་ཆགས་ཡོད། མཚོ་འགྲམ་གྱི་གནས་སྟངས་ཀྱང་དེ་བཞིན་དུ་ཉམས་ཆག་ཏུ་ཕྱིན་ཡོད། རྒྱ་ནག་གི་ཉ་པ་རྣམས་ཀྱིས་རྒྱ་ནག་གི་ས་ཁོངས་སུ་ཡོད་པའི་མཚོའི་ནང་དུས་རྒྱུན་ལོ་རེའི་རྒྱུན་སྐྱོང་ཐུབ་པའི་ཉ་བཟུང་བའི་ཚད་གཞི་ལས་བརྒྱ་ཆ་ ༣༠ འམ་དེ་ལས་མང་བ་བརྒལ་བཞིན་ཡོད་པ་རྒྱ་ནག་གཞུང་གིས་ངོས་ལེན་བྱས་ཡོད། རྒྱ་ནག་གི་མཚོ་ཟས་ཁྲོམ་རྭ་གང་ཞིག་ཏུ་སྐྱོད་ཀྱང་། ཐོག་མ་ནས་འཛིན་མི་འོས་པ་ངེས་བརྟན་དུ་སོང་ཞིང་། ཚད་གཞི་མ་ལོངས་པའི་ཉ་རིགས་ཆུང་ཆུང་གི་གྲངས་འབོར་ཧ་ཅང་ཆེན་པོ་ཡོད།

༢༠༡༣ ལོ་གཅིག་པུར་རྒྱ་ནག་གཞུང་གིས་ཉའི་ཚོང་གཉེར་ལ་རོགས་སྐྱོར་ཆེད་ཨ་སྒོར་ཐེར་བུམ་ ༦.༥ བཏང་ཡོད་སྟབས། གོང་གི་གནས་སྟངས་འདིའི་ཉེས་པ་ཉའི་བཟོ་གྲྭ་དང་སྲིད་གཞུང་གཉིས་ཀའི་སྟེང་ཡོད། ཧ་ལམ་རོགས་སྐྱོར་མ་དངུལ་ཡོངས་རྫོགས་རིན་གོང་ཁེ་བའི་བུད་རྫས་ཉོ་རྒྱུར་བཏང་ཡོད་སྟབས། དེས་རྒྱ་མིའི་ཉ་པ་རྣམས་ལ་བློ་སྟོབས་སྦྱིན་ཏེ་མཚོ་ཁ་བརྒལ་བ་ཙམ་མ་ཡིན་པར། རྒྱུན་དུ་ཨིན་ཌོ་ནི་ཤཱ་ཡ་ལྟ་བུའི་རྒྱལ་ཁབ་དག་གིས་ཉར་ཚགས་གང་འཚམ་ལེགས་པོ་བྱས་ཡོད་པའི་དམིགས་བསལ་དཔལ་འབྱོར་མངའ་ཁུལ་དག་གི་ནང་དུའང་ཐེ་ཚོམ་མེད་པར་ཧམ་འཛུལ་བྱེད་དུ་བཅུག་ཡོད། དེ་བས་ཚབས་ཆེ་བ་ནི་རྒྱ་མིའི་དམག་དཔུང་གིས་རྒྱའི་ཉ་གྲུ་རྣམས་ལ་འཁྱགས་པ་ནས་ཚུད་པའི་གོ་ལའི་གནས་འཁེལ་མ་ལག་(GPS)བར་གྱི་མཁོ་ཆས་ཡོངས་རྫོགས་མཁོ་སྒྲུབ་བྱ་སྤྱད་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཏེ། ཉ་པའི་བྱ་སྤྱོད་དེ་དག་ཐོག་མངོན་གསལ་གྱིས་བརྒྱུད་སྐུལ་བྱས་ཡོད། དེའི་དམིགས་ཡུལ་ནི་རྒྱ་ཆེ་ཞིང་ཏིང་ཟབ་པའི་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ “ལོ་རྒྱུས་ཆ་ནས་ཉ་འཛིན་ཆོག་པའི་ཐོབ་ཐང་” རྩོད་ལེན་གྱི་གནས་བབས་སྲ་བརྟན་དུ་གཏོང་རྒྱུ་དེ་རེད།

རྒྱ་ནག་དོ་དམ་ལས་ཁུངས་ཀྱིས་སྲིད་གཞུང་གི་ཤོག་ཁག་གཞན་དེ་དག་ཐོག་ཕམ་ཉེས་འབྱུང་བཞིན་པའི་དམག་འཁྲུག་ཅིག་རྒྱག་གི་ཡོད། ༡༩༩༩ ལོའི་ནང་རྒྱ་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཉ་འཛིན་མི་ཆོག་པའི་དུས་བཅད་བཀག་སྡོམ་བྱས་ཡོད། ༢༠༠༢ ལོར་དོ་དམ་ལས་ཁང་དེས་འབྲི་ཆུའི་ཕྱོགས་སུའང་གཅིག་མཚུངས་བཀག་སྡོམ་བྱས་ཡོད། འོན་ཀྱང་ཉའི་ཐོན་ཁུངས་དེ་གཉིས་མུ་མཐུད་ཉམས་ཆག་ཏུ་ཕྱིན་པའི་གནས་སྟངས་དེས་བཀག་རྒྱ་དེ་དག་གི་ནུས་མེད་རང་བཞིན་ཅན་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། དེར་བརྟེན། ༢༠༡༣ ལོར་རྒྱ་རིགས་ཚན་རིག་པ་གཅིག་གིས་དཔལ་འབྱོར་གྱི་ཆ་ནས་གལ་འགངས་ཆེ་བའི་འབྲི་ཆུའི་ནང་ལོ་བཅུ་ཧྲིལ་པོ་ཞིག་གི་རིང་ཉ་འཛིན་རྒྱུ་མཚམས་འཇོག་དགོས་པའི་བསམ་ཚུལ་བཏོན་ཡོད། བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་གིས་བསམ་ཚུལ་དེར་དང་ལེན་བྱེད་རྒྱུའི་གྲ་སྒྲིག་དང་། རྒྱ་ནག་གི་ཉ་གྲུ་རྣམས་ལ་དབྱེ་བཀར་མེད་པར་ཡོངས་རྫོགས་མེད་པ་བཟོ་རྒྱུའི་བསམ་གཞིགས་བྱེད་བཞིན་ཡོད་པའི་བརྡ་ལན་སྤྲད་ཡོད།

ཐབས་ལམ་དེ་གཉིས་ཀ་ཨེ་ཤ་ཡའི་ཉའི་ཐོན་ཁུངས་ལ་དངོས་གྲུབ་ཀྱི་རྒྱུ་ཞིག་ཡིན་ངེས་ཀྱང་། དེ་གཉིས་ནི་ད་ལྟའི་ཆར་མགོ་འཛུགས་ཙམ་རེད། དོན་དམ་པའི་ཁྱད་པར་ཞིག་གཏོད་འདོད་ན་རྒྱ་ནག་གིས་རང་ཉིད་ཀྱི་ཉ་གྲུ་རྣམས་ལས་དམག་དོན་གྱི་ཡོ་ཆས་རྣམས་ཕྱིར་བསྡུ་དང་། ས་ཁམས་ཆབ་སྲིད་ཀྱིས་དོགས་མི་བདེ་བའི་གནས་སྟངས་སློང་བ་ཙམ་དུ་མ་ཟད། སྒྲིག་སྲོལ་དང་སྟངས་འཛིན་མེད་པར་གང་བྱུང་དུ་ཉ་འཛིན་རྒྱུར་བློ་སྟོབས་སྤེལ་བའི་དམག་དཔུང་གིས་མ་དངུལ་བཏང་སྟེ་སྦྱར་བའི་འབུད་རྫས་ཀྱི་རོགས་སྐྱོར་དེ་མཇུག་སྒྲིལ་དགོས་ཀྱི་ཡོད། ཉ་གྲུ་དེ་དག་ནི་ཁོར་ཡུག་ཡུན་གནས་ཐུབ་ཐབས་ལ་དོ་སྣང་དེ་ཙམ་མེད་པའི་དམག་སྤྱི་རྣམས་མ་ཡིན་པར་ཡུལ་མིའི་མཚོ་སྲུང་བ་དང་ཞིང་ལས་དབང་འཛིན་པ་ཚོས་སྟངས་འཛིན་བྱེད་དགོས་པ་རེད།

དེ་དང་ཆ་མཉམ་པའི་དོན་ཆེན་ཞིག་ནི་རྒྱ་ནག་གིས་གཞུང་གི་ལོ་ལྔ་ཚན་གྱི་འཆར་གཞི་ཚུད་པའི་དཔལ་འབྱོར་འཆར་འགོད་ཀྱི་ཡིག་ཆ་དག་གི་ནང་ཉའི་ཐོན་ཁུངས་རྣམས་ཉམས་གསོ་དང་སྲུང་སྐྱོབ་ཀྱི་ལས་དོན་དེ་ནི་ཆུ་གཙང་བཟོ་དང་ཁོར་ཡུག་ལ་ཕན་པའི་བྱ་གཞག་གཞན་རྣམས་དང་ཁ་གསལ་གྱི་སྒོ་ནས་གཅིག་ཏུ་སྦྲེལ་དགོས། དེ་ལྟར་བྱས་ན་ད་གཟོད་པེ་ཅིན་གྱི་ཁ་རླུང་གཙང་བཟོ་དང་ཕྱོགས་མཚུངས་པའི་རྒྱལ་ཁབ་ཀྱི་མངོན་འདོད་ཅིག་ཏུ་འགྱུར་ངེས་རེད།

མངོན་འདོད་དེ་དག་རིམ་པས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་བདག་དབང་རྩོད་ལེན་བྱེད་མཁན་གཞན་རྣམས་དང་ལྷན་དུ་ཕྱོགས་གཉིས་ཐུན་མོང་གི་གན་རྒྱ་དང་། ཨེ་ཤ་ཡའི་རྒྱལ་ཁབ་གཞན་དང་ལྷན་དུ་རྒྱ་ནག་གིས་ད་ལྟའི་ཆར་འབྲེལ་མོལ་བྱེད་བཞིན་པའི་མངའ་ཁུལ་ཕྱོགས་ཡོངས་ཀྱི་དཔལ་འབྱོར་ཚོང་ལས་མཉམ་འབྲེལ་ཐེ་བའི་ཚོང་འབྲེལ་གྲོས་མཐུན་དག་གི་ཐོག་རྒྱ་སྐྱེད་གཏོང་ཐུབ་ངེས་ཤིག་ཆགས་ཡོད། དམིགས་ཡུལ་ནི་ཡུན་གནས་ཐུབ་པའི་མཚོ་ཟས་ཀྱི་བྱ་གཞག་ནང་རྒྱ་ནག་ནི་སྣེ་འཁྲིད་མཁན་ཞིག་དང་། གཅིག་བྱས་ན་ཚོང་རྟགས་ཤིག་ཏུའང་འགྱུར་དགོས་ངེས་ཤིག་རེད། གནད་དོན་དེ་ལམ་ལྷོངས་བྱུང་ན་རྒྱ་ནག་ལ་ཟས་སུ་ཉ་མང་བ་ཉོ་ཐུབ་པ་ཙམ་དུ་མ་ཟད། འགན་ཁུར་ལྡན་པའི་གོ་ལའི་མི་སེར་གྱི་མཚན་སྙན་ཀྱང་ཐོབ་ངེས་པ་རེད།

ཨིན་ཡིག་གི་མ་རྩོམ་དྲ་གནས་ཁ་བྱང་ http://tibet.net/2016/08/chinas-empty-oceans/ ཐོག་གཟིགས་པར་འཚལ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

སྐར་མ ༢༨ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese