མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་སྟེང་བྱིས་པ་སྐྱབས་བཅོལ་བ་ས་ཡ་ ༥༠ ཟིན་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཁང་གིས་སྙན་ཐོ་ཞིག་བཏོན་ཏེ་འཛམ་གླིང་སྟེང་གི་མི་འབོར་སུམ་ཆ་གཅིག་བྱིས་པ་ཆགས་ཀྱི་ཡོད་པ་དང་། བྱིས་པ་སུམ་ཆ་གཅིག་དེའི་ཕྱེད་ཀ་སྐྱབས་བཅོལ་བ་ཆགས་ཀྱི་ཡོད་པ་འཁོད་འདུག

9d22f2d0f44742b03134747cf338ca67ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་ (UNICEF) གིས་ <<རྩ་སློག་>><< Uprooted >>ཅེས་པའི་སྙན་ཐོ་ཞིག་བཏོན་ཏེ། འཛམ་གླིང་ཡུལ་གྲུ་སོ་སོའི་དབུལ་ཕོངས་དང་གནམ་གཤིས་འགྱུར་ལྡོག ལྷག་པར་དུ་ཟིང་འཁྲུག་གི་རྐྱེན་གྱིས། ཉེ་ཆར་འཛམ་གླིང་སྟེང་བྱིས་པ་སྐྱབས་བཅོལ་བ་ས་ཡ་ ༥༠ ཟིན་གྱི་ཡོད་སྐོར་བརྗོད་འདུག

སྙན་ཐོ་འདིའི་ནང་། བྱིས་པ་སྐྱབས་བཅོལ་བ་ས་ཡ་ ༥༠ གྲས་ནས་ས་ཡ་ ༢༨ རྒྱབ་ཁབ་སོ་སོའི་ནང་གི་དྲག་པོའི་ཟིང་འཁྲུག་དང་འཇིག་ཉེན་ལ་གཡོལ་ཏེ་རྒྱལ་ཁབ་གཞན་ནང་བྲོས་བྱོལ་དུ་ཡོང་མཁན་ཡིན་པ་དང་། ད་ལྟའི་བྱིས་པ་སྐྱབས་བཅོལ་བའི་གནས་སྟངས་ལ་གཞིགས་ཚེ། སོ་སོ་སྐྱེས་ས་སྐྱེས་ཡུལ་ནས་ཞི་བདེ་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་ཡོང་མཁན་མི་མང་གི་གྲས་སུ་བྱིས་པ་སྐྱབས་བཅོལ་བའི་གྲངས་འབོར་མུ་མཐུད་འཕེལ་བཞིན་ཡོད་པ་དང་། འཛམ་གླིང་སྟེང་གི་མི་འབོར་སུམ་ཆ་གཅིག་བྱིས་པ་ཆགས་ཀྱི་ཡོད་པ་དང་། བྱིས་པ་སུམ་ཆ་གཅིག་དེའི་ཕྱེད་ཀ་སྐྱབས་བཅོལ་བ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

སྙན་ཐོ་འདིའི་ནང་མུ་མཐུད་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་དོན་ཁང་ (UNHCR) གིས་ན་ནིང་གཅིག་པུར་སི་རི་ཡ་དང་ཨ་ཧྥི་གྷན་ནེ་སི་ཐན་གཉིས་ནས་ཡོང་བའི་བྱིས་པ་སྐྱབས་བཅོལ་བའི་ཕྱེད་ཀ་སྐྱབས་བཅོལ་བའི་ཁོངས་སུ་ཐོ་འགོད་བྱས་ཡོད་པ་དེས། འདས་པའི་ལོ་ངོ་ ༡༠ ནང་བྱིས་པ་སྐྱབས་བཅོལ་བ་ལྡབ་གཅིག་ལྷག་འཕར་འདུག་པ་བསྟན་ཡོད་པ་དང་། བྱིས་པ་སྐྱབས་བཅོལ་བ་ཚོ་ཡུལ་ལུང་སོ་སོའི་ནང་འབྱུང་བཞིན་པའི་འགལ་རྫས་དང་མེ་མདའ། བཙན་གཡེམ་བཅས་ཀྱི་མནར་གཅོད་ཐེབས་ཀྱི་ཡོད་པ་མ་ཟད། ཕ་མ་ཚོས་གླ་ཆ་ཕྲན་བུར་བལྟས་ནས་སོ་སོའི་བྱིས་པ་བཙན་གྱིས་ཁྱིམ་ཚང་གཞན་གྱི་བྲན་གཡོག་ཏུ་གཏོང་བའི་སྡུག་སྦྱོང་གཏོང་གི་ཡོད་སྐོར་སོགས་བཤད་འདུག

སྙན་ཐོ་འདིའི་མཇུག་ཏུ། ད་ལྟའི་བྱིས་པ་སྐྱབས་བཅོལ་བ་ ༥ ཡི་གྲས་ཀྱི་ ༣ ཨེ་ཤེ་ཡ་དང་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ནས་ཡིན་ཞིང་། ད་ཆར་ཨ་རིའི་ལྷོ་བྱང་རྒྱལ་ཁབ་ཁག་ནང་བྱིས་པ་སྐྱབས་བཅོལ་བ་ས་ཡ་ ༦.༣ ཡོད་པའི་ཁྲོད་ཀྱི་ལྔ་ཆའི་གཅིག་ཨ་རི་དང་མེ་སི་ཁོ། ཁེ་ན་ཌ་བཅས་ཀྱི་ནང་འཚོ་སྡོད་བྱས་ཡོད་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཁང་གིས་སྙན་ཐོ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ (UNGA) མ་ཚུགས་སྔོན་ལ་འགྲེམ་སྤེལ་བྱས་ཏེ། ཚོགས་ཆེན་སྟེང་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་མཉམ་འབྲེལ་གྱི་སྒོ་ནས་སི་རི་ཡ་དང་ཡ་མན། ཨ་ཧྥི་གྷ་ནེ་སི་ཐན། ལྷོ་སུ་ཌན་དང་དཀྱིལ་ཤར་ཡུལ་གྲུ་ཁག དེ་བཞིན། ཨ་ཧྥི་རེ་ཁའི་ལྷོ་ནུབ་རྒྱལ་ཁབ་ཁག་བཅས་ཀྱི་ནང་འབྱུང་བཞིན་པའི་ཟིང་འཁྲུག་ཞི་འཇགས་བཟོས་ཏེ། འཛམ་གླིང་སྟེང་གི་ཡུལ་གྱར་བ་དང་སྐྱབས་བཅོལ་བར་འཕྲད་བཞིན་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་ཞུ་རྒྱུར་དམིགས་པ་ཞིག་ཡིན་འདུག

དེ་དང་ཕྱོགས་འབྲེལ། ད་ལྟ་ཊུར་ཀེ་སྤྱི་མཐུན་རྒྱལ་ཁབ་ནང་སི་རི་ཡའི་ཟིང་འཁྲུག་ཁྲོད་ནས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ས་ཡ་ ༣ ལྷག་ཟིན་གྱི་ཡོད་པའི་གྲས་ཀྱི་མང་ཤོས་བྱིས་པ་ཆགས་ཀྱི་ཡོད་པ་མ་ཟད། ལི་བྷ་ནོན་རྒྱལ་ནང་གི་ཡུལ་མི་ ༥ ཡི་གྲས་ཀྱི་གཅིག་སྐྱབས་བཅོལ་བ་ཆགས་ཀྱི་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

ཆུ་ཚོད་ ༡༤ སྔོན་ལ།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པེ་ཊར་པ་ཝེལ་དང་། ཇོར་ཇི་ཡའི་སྲིད་འཛིན་ས་ལོ་མེ་ཛོའུ་ར་བྷི་ཆི་ཝི་ལི་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་གསུམ་ཞི་བདེ་གླེང་སྟེགས་ཐེངས་ ༢༩ པའི་ཐོག་མཉམ་ཞུགས་གནང་། ༢༠༢༥།༡༠།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཟླ་གཅིག་ལྷག་རིང་སྲིད་སྐྱོང་མཆོག་གིས་ཡུ་རོབ་དང་ལྷོ་བྱང་ཨ་མེ་རི་ཁའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག  

ཆུ་ཚོད་ ༡༤ སྔོན་ལ།
མང་ར་རྫོང་དམུ་གེ་ཐང་དུ་མེ་ཤུགས་འཕུར་མདེལ་ཞིག་ལྷུང་ནས་གས་ཐོར་བྱུང་། ༢༠༢༥།༡༠།༡༣ དྲ་ལམ་གྱི་པར།
Mobile App

བོད་མང་ར་རྫོང་དམུ་གེ་ཐང་དུ་འཕུར་མདེལ་ཞིག་ལྷུང་སྟེ་འབར་གས་ཆེན་པོ་བྱུང་།

༢༠༢༥/༡༠/༡༥
Mobile App

རྒྱ་གཞུང་གིས་བོད་ཀྱི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཟེར་བའི་བསམ་བློ་སྤེལ་ཆེད་རྒྱ་ནག་ཏུ་ལྟ་སྐོར་ཁྲིད།

༢༠༢༥/༡༠/༡༤
Mobile App

ཉིན་གསུམ་རིང་གི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ བ་དབུ་འཛུགས་གནང་།

༢༠༢༥/༡༠/༡༤
Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

༢༠༢༥/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese