མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རེར་རྒྱ་རིགས་སྤྲོ་འཆམ་པ་བརྒྱ་ཆ་ ༢༠ རེ་འཕར་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་མང་པོ་འཛུགས་སྐྲུན་བྱས་ཏེ་ ༢༠༢༠ ལོར་བོད་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ལོ་རེར་ས་ཡ་ ༣༥ ཟིན་པའི་རེ་བ་རྒྱག་གི་ཡོད་འདུག

china-has-unveiled-the-new-artel-hotel-in-lulang-as-part-of-its

དེ་རིང་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པར་དམིགས་ཏེ། བོད་ཁུལ་དུ་མགྲོན་ཁང་དང་སྡོད་ཁང་གསར་འཛུགས་ཀྱི་ལས་གཞི་མང་པོ་ཞིག་མགོ་བཙུགས་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༨ པའི་ཟླ་དཀྱིལ་ཙམ་ནང་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཤར་གྱི་ལུ་ལངས་ (Lulang)ཞེས་པའི་ས་ཁུལ་དུ་ཨར་ཊིལ་ (Artel) ཞེས་པའི་ཁང་མིག་ ༡༠༣ ཅན་གྱི་གསོལ་མགྲོན་ཁང་ཆེན་པོ་ཞིག་གསར་འཛུགས་བྱས་ཡོད་འདུག

བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཝང་སོན་ཕིན་ (Wang Songping) ཟེར་བ་ཞིག་གིས། ལོ་རྗེས་མར་བོད་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་བརྒྱ་ཆ་ ༥༠ ལས་བརྒལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་བོད་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༤ འབྱོར་ཡོད་པ་དང་། ད་ལོར་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༢༤ དང་ཕྱི་ལོ་ ༢༠༢༠ ལོར་ས་ཡ་ ༣༥ ཟིན་པའི་རེ་བ་རྒྱག་གི་ཡོད་ལུགས། དེ་བཞིན། ཕྱི་ལོ་ ༢༠༠༦ ལོར་བོད་ཁུལ་དུ་ལྕགས་ལམ་འཛུགས་སྐྲུན་བྱས་པ་ནས་བཟུང་། བོད་ཁུལ་དུ་ལོ་རེར་ཆ་སྙོམས་རིགས་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་ ༢༠ ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་སོགས་བཤད་འདུག

བོད་རིག་པའི་མཁས་པ་ཆོས་ཉིད་དབང་མོ་ (Francoise Robin) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཁུལ་དུ་རིག་གནས་བྱེད་སྒོ་མང་པོ་སྤེལ་བཞིན་པ་དེ་རྒྱ་མི་རིགས་ཀྱི་གླུ་གཞིས་འཁྲབ་སྟོན་དང་། རྒྱ་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ཁྱབ་བསྒྲགས་ཙམ་ཡིན་པ་ལས། དེ་དག་གིས་བོད་མི་རིགས་ཀྱི་རིག་གནས་ལོ་རྒྱུས་གང་ཡང་མཚོན་མི་ཐུབ་དང་། བོད་མི་རེ་ཟུང་གིས་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ཁེ་ལས་གཉེར་བཞིན་ཡོད་ནའང་ཁེ་ལས་དེ་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་འགྲོ་ཐུབ་ཀྱི་མེད་པ་དང་། བོད་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ནང་ལས་ཀ་བྱེད་མཁན་མང་ཤོས་རྒྱ་རིགས་ཡིན་སྟབས། བོད་མི་ཚོར་ཁེ་བཟང་ཉུང་ཉུང་ཞིག་ལས་རག་གི་མེད་སྐོར་སོགས་བརྗོད་འདུག

གནས་ཚུལ་འདིའི་ནང་ད་དུང་། རྒྱ་ནག་གཞུང་གི་དབང་འཛིན་དཔོན་རིགས་ཚོས། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་གནས་མི་མང་བརྒྱ་ཆ་ ༩༠ ཡི་འཚོ་གནས་ཡར་རྒྱས་བཏང་ཡོད་ལུགས་ཤོད་ཀྱི་ཡོད་ཀྱང་། བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་གནས་ཁག་གི་འཚོ་གནས་ཡར་རྒྱས་གང་ཡང་བཏང་མེད་ཚུལ་བཤད་ཡོད་པ་དང་། པེ་ཅིན་གཞུང་ཕྱོགས་ནས་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གིས་བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་བོད་ཁུལ་གྱི་འཚོ་གནས་ཡར་རྒྱས་བཏང་ཡོད་ལུགས་ཤོད་ཀྱི་ཡོད་ཀྱང་། བོད་མི་མང་ཆེ་བས་པེ་ཅིན་གཞུང་གིས་བོད་མིའི་ཆོས་ལུགས་རང་དབང་ལ་དམ་དྲག་བྱས་ཏེ་བོད་མིའི་རིག་གནས་ནང་རྒྱ་ནག་གི་རིག་གནས་བསྲེ་ལྷད་གཏོང་གི་ཡོད་པ་དང་། བོད་ཁུལ་གྱི་རང་བྱུང་ཐོན་ཁུངས་བཤུ་གཞོག་བཏང་སྟེ་རྒྱ་མི་རིགས་བོད་ཁུལ་དུ་གཞིས་སྤོར་བྱེད་པའི་ཁེ་ཕན་ཁོ་ན་སྒྲུབ་ཀྱི་ཡོད་ཚུལ་བཤད་ཡོད་པ་རེད་ཅེས་སོགས་འཁོད་འདུག

གནས་ཚུལ་ལྟར་ན། ལུ་ལངས་ས་ཁུལ་གྱི་གསོལ་མགྲོན་ཁང་དེ་རྒྱ་ནག་གཞུང་འབྲེལ་གྱི་ཚོགས་པ་ཞིག་གིས་བཙུགས་པ་དང་། གསོལ་མགྲོན་ཁང་དེ་གསར་འཛུགས་ཀྱི་ལས་གཞིའི་ཐད་ཁྱོན་རྒྱ་སྒོར་ས་ཡ་ ༢༨༠ འགྲོ་གྲོན་བཏང་ཡོད་ཅིང་། ད་ཆར་གསོལ་མགྲོན་ཁང་དེའི་ནང་ལས་ཀ་བ་ ༤༠ ཡོད་པའི་གྲས་སུ་བོད་རིགས་ཞབས་ཞུ་བ་ ༡༥ ཙམ་ལས་མེད་འདུག གསོལ་མགྲོན་ཁང་དེའི་མགྲོན་པོ་མང་ཆེ་བ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཡིན་ཞིང་། ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་ ༥ ཙམ་ལས་མེད་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ཁུལ་དུ་སྐྱོད་པར་རྒྱ་ནག་གི་ཐོངས་མཆན་ཞུ་དགོས་པ་མ་ཟད། ད་དུང་རྒྱ་ནག་གཞུང་གི་གོ་སྒྲིག་བྱས་པའི་སྣེ་ཤན་པའི་རྗེས་སུ་འབྲང་རྒྱུ་ལས། ཁོ་ཚོར་རང་དབང་གི་སྒོ་ནས་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་བྱེད་པའི་རང་དབང་མེད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༨ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༩ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese