མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེངས་འདིའི་ཚོགས་དུས་ཐོག་བཀའ་སྤྱི་གཉིས་ལ་ཞུ་འབོད་གནང་མཁན་ཚོགས་པ་གཉིས་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་རིང་ནས་ཉིན་གྲངས་ ༩ རིང་འཚོགས་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒོ་ཆེན་མདུན་དུ། དཔལ་རྒྱལ་བ་ཇོ་ནང་པ་ཚོས་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་ཞུ་འབོད་ཡིག་ཆ་ཕུལ་ཡོད་པ་དང་། དེ་བཞིན་བོད་མིའི་ཆིག་སྒྲིལ་ཚོགས་པས་ཡོངས་གླིང་སློབ་གྲྭའི་རྙོག་གླེང་དེ་ངེས་པར་དུ་ཐག་གཅོད་ཐེར་འདོན་གཙང་མ་བཟོ་དགོས་པའི་ཞུ་འབོད་ཡིག་ཆ་རྣམས་བཀའ་སྤྱི་གཉིས་ལ་ཕུལ་སོང་བ་དང་། གནད་དོན་ཐག་གཅོད་མ་བྱུང་ཚེ་མུ་མཐུད་ཞུ་འབོད་ལས་འགུལ་སྤེལ་རྒྱུ་ཡིན་ལུགས་རྗོད་ཀྱི་འདུག

Screen Shot 2016-09-20 at 11.59.12 AM copyདཔལ་རྒྱལ་བ་ཇོ་ནང་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་བོད་ཀྱི་ཆོས་བརྒྱུད་ཁག་དང་འདྲ་མཉམ་གྱི་ཐོབ་ཐང་ཆ་ཚང་ཐོབ་པའི་ཞུ་སྙན་ཤོག་ངོས་གཉིས་ཅན་ཞིག་ཕུལ་ཡོད་པའི་ནང་། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་རང་གཞུང་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་ཆོས་བརྒྱུད་སྤྱི་མཚུངས་ལྟར་ཐོབ་ཐང་འདྲ་མཉམ་ཐོབ་འོས་ཐོབ་རྒྱུར་རེ་སྐུལ་ཐེངས་མང་ཞུས་པ་མ་ཟད། ཁྲིམས་མཐུན་ཞུ་འབོད་ལས་འགུལ་སྔ་ཕྱི་བྱས་ཀྱང་དོན་མཐུན་བདག་སྤྲོད་མ་བྱུང་བ་དང་། ད་ལན་རྒྱལ་སྤྱིའི་དཔལ་རྒྱལ་བ་ཇོ་ནང་བའི་སྐུ་ཚབ་ལྷན་ཚོགས་ཐེངས་དང་པོ་བསྐོང་འཚོགས་ཀྱིས་སྐབས་བཅུ་དྲུག་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཤེས་འཇོན་གཉིས་ལྡན་གྱི་འཐུས་མི་གང་མང་ཕེབས་ཡོད་སྟབས། ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་གཞན་དང་འདྲ་མཉམ་གྱི་ཐོབ་ཐང་ཆ་ཚང་ཐོབ་ཆེད་དུ་ཞུ་སྙན་ཕུལ་རྒྱུར་སྤྱི་མོས་ཐག་གཅོད་བྱུང་། དགོངས་མངའ་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་བ་ཆོས་དད་རང་དབང་ཞེས་པར། “ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན”ཞེས་གསལ་བ་ལྟར། སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་དཔལ་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་དང་འདྲ་མཉམ་ངང་ཁྲིམས་མཐུན་ཐོབ་ཐང་ངེས་གནང་ཡོང་བར་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་སོགས་བཀོད་འདུག

Screen Shot 2016-09-20 at 1.35.45 PM copyགཞན་ཡང་། བོད་མིའི་ཆིག་སྒྲིལ་ཚོགས་པས་ཞུ་སྙན་ཤོག་ངོས་ ༢༠ ཅན་ཞིག་ཕུལ་ཡོད་པའི་ནང་། བོད་མིའི་ཆིག་སྒྲིལ་ཚོགས་པའི་ངོས་ནས་ད་ལོའི་ཕྱི་ཟླ་ ༥ ཚེས་ ༢༠ དང་ཕྱི་ཟླ་ ༩ པའི་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ནང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་དྷ་ས་ཡོངས་གླིང་སློབ་གྲྭ་སྤྱི་རྒྱུ་སྒེར་བདག་གི་རྙོག་གླེང་དེ་གཙང་མ་བཟོས་རྒྱུའི་ཞུ་ཡིག་ཕུལ་ཡོད་ལ། བསྐྱར་དུ་ཕྱི་༨ ཚེས་ ༢༨ ཉིན་དྲན་སྐུལ་གྱི་ཚུལ་དུ་ཞུ་ཡིག་ཐེངས་གཉིས་པ་ཕུལ་བར། ཕྱི་ཟླ་ ༩ ཚེས་ ༥ ཉིན་ཚོགས་དྲུང་ལས་ཁུངས་ནས་བོད་མིའི་ཆིག་སྒྲིག་ཚོགས་པར་འབྱོར་ལན་གནང་དོན་ ༼གནད་དོན་འདིའི་སྐོར་སྔོན་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་བཅད་ཕྲ་གནང་ཟིན་པ་ཞིག་ཡིན་པར་བརྟེན། གྲོས་ཚོགས་ནང་གླེང་སློང་བྱེད་ཆོག་པ་ཙམ་ལས་ཐག་གཅོད་གནང་ཐབས་མེད་༽ཅེས་གསུངས་པར་བོད་མིའི་ཆིག་སྒྲིལ་ཚོགས་པའི་ཚོགས་མི་དང་། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་ ༢༦༦༠ ཡོངས་ནས་བློ་ཕམ་ཤིན་ཆེ། ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་ལོ་ལྟར་ཐད་གཏོང་གི་ལམ་ནས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་སུ། སྤྱི་རྒྱུ་སྒེར་བདག་དང་ལྐོག་ཟ་རུལ་སུངས་ཀྱི་ལབ་གླེང་ཡོང་མུས་ལགས་ན། གནད་དོན་འདིའི་རིགས་གཙང་སེལ་མ་བྱུང་ཚེ། མ་འོངས་པར་བོད་མིའི་ཆིག་སྒྲིལ་ཚོགས་པའི་ངོས་ནས་མུ་མཐུད་ལས་འགུལ་སྤེལ་རྒྱུ་དང་གྲོས་ཚོགས་ནང་གླེང་སློང་ཡོང་རྒྱུ་ལས་མ་འདས། ཞེས་བརྗོད་འདུག

ཞུ་སྙན་དེའི་ནང་བོད་མིའི་ཆིག་སྒྲིལ་ཚོགས་པའི་དྲི་གཞི་ཁག་ཅིག་བཀོད་ཡོད་པ་ནི། དང་པོ། སྤྱི་འཐུས་དམ་འབུལ་སྐབས་སུ་སྤྱི་འཐུས་མི་ངོ་ནས་༧གོང་ས་མཆོག་དང་མཆོག་གསུམ་དཔང་དུ་བཙུགས་ཏེ་དྲང་བདེན་དང་ལྷག་བསམ་གཡོ་བ་མེད་པར་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དགོངས་དོན་བཞིན་ཁས་ལེན་དམ་བཅའ་བཞེས་པ་མ་ཡིན་ནམ། གཉིས་པ། བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དོན་ཚན་ ༣༨ སྤྱི་འཐུས་འོས་ཆོས་ཀྱི་ནང་གསེས་ཨང་ ༥ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ། ཞེས་འཁོད་ཡོད་པས། སྤྱི་འཐུས་ཟླ་བ་ཚེ་རིང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཕྲ་དེ་ནག་ཉེས་ཁོངས་སུ་མ་གཏོགས་པ་ཡིན་ནམ། གསུམ་པ། གོང་བཞིན་དོན་ཚན་ ༧ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ། ཞེས་པར་སྤྱི་འཐུས་ཟླ་བ་ཚེ་རིང་གིས་ཡོངས་གླིང་སློབ་གྲྭ་སྤྱི་རྒྱུ་སྒེར་བདག་བྱས་པ་དེ་དངུལ་དངོས་ཀྱི་ཁེ་ཕན་ཡོད་པའི་ཁོངས་སུ་གཏོགས་པ་མ་ཡིན་ནམ། བཞི་བ། གོང་བཞིན་དོན་ཚན་ ༣༨ པའི་ནང་གསེས་ཨང་ ༨ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ། ཅེས་པར་སྤྱི་འཐུས་ཟླ་བ་ཚེ་རིང་གིས་གོང་གསལ་དོན་ཚན་གསུམ་དང་འགལ་བཞིན་དུ་སྤྱི་འཐུས་འོས་མི་ནང་མཉམ་ཞུགས་གནང་བ་དེ་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་ལས་འགལ་བ་མ་ཡིན་ནམ། ལྔ་བ། གོང་གི་དོན་ཚན་ལྟར་སྤྱི་འཐུས་ཀྱི་འོས་ཆོས་མ་ཚང་བཞིན་དུ་སྤྱི་འཐུས་ཀྱི་འོས་མར་འདེམས་བསྐོ་བྱ་དགོས་དོན་གྱི་གནད་དོན་གང་ལ་ཐུག་པ་ཡིན་ནམ། དྲུག་པ། ཡང་ན་བཙན་བྱོལ་བོད་མི་ཆིག་འབུམ་ལྔ་ཁྲི་ལྷག་ཙམ་ནང་སྤྱི་འཐུས་ཟླ་བ་ཚེ་རིང་མ་གཏོགས་པའི་འོས་ཆོས་ཚང་བའི་གང་ཟག་གཅིག་ཀྱང་མེད་པ་ཡིན་ནམ། བདུན་པ། མང་གཙོ་ཀ་བ་གསུམ་ལས་ཁྲིམས་ཞིབ་ལྷན་ཁང་གིས་བཅད་ཕྲ་བཏང་བའི་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་གི་གནད་དོན་གཙང་སེལ་བཟོ་མ་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་པ་ཡིན་ནམ། བརྒྱད་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཕྲ་དེར་མང་གཙོ་ཀ་བ་གསུམ་གྱི་ལས་ཀྱི་སྣེ་མོ་བ་རྣམས་ནས་ངོས་ལེན་མེད་པ་ཡིན་ནམ། དགུ་བ། གལ་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཕྲ་དེར་མང་གཙོ་ཀ་བ་གསུམ་གྱི་ལས་ཀྱི་སྣེ་མོ་རྣམས་ནས་ངོས་ལེན་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ལམ་བརྒྱུད་ནས་བོད་མི་མང་ཚོགས་ལ་སྤྱི་རྒྱུ་སྒེར་བདག་པ་ཞེས་ནག་ཉེས་ཅན་གྱི་གང་ཟག་ཞིག་ཡིན་པ་གསལ་འདོན་བྱ་མ་ཐུབ་པ་གང་ཡིན་ནམ། ཞེས་དང་།

ཡང་ཞུ་སྙན་དེའི་མཇུག་ཏུ། སྤྱི་འཐུས་ཟླ་བ་ཚེ་རིང་གི་རྙོག་གླེང་དེ་ངེས་པར་དུ་ཐག་གཅོད་ཐེར་འདོན་གཙང་བཟོ་ཐུབ་པར། བཀའ་སྤྱི་གཉིས་ནས་གྲོས་མོལ་ལྷུག་པོ་གནང་སྟེ། དྷ་ས་ཡོངས་གླིང་སློབ་གྲྭ་མི་མང་གི་ཡིན་ན། དུས་བཀག་ནང་ཤེས་རིག་ལས་ཁུངས་སུ་རྩིས་སྤྲོད་དགོས་པ་དང་། ཡང་ན་སྤྱི་འཐུས་ཟླ་བ་ཚེ་རིང་ལ་བདག་པ་ཡིན་ན། ད་ནས་བཟུང་རྙོག་གླེང་མི་ཡོང་བའི་ཆེད་དུ་དཀར་ནག་གམ་བཟང་ཐག་ངན་ཐག་གི་དབྱེ་བའི་མཚམས་བཅད་དེ། གྲོས་ཚོགས་དེ་གའི་ཐོག་གཙང་སེལ་གྱིས་མང་ཚོགས་ལ་ཡོངས་ཁྱབ་གསལ་བསྒྲགས་གནང་རྒྱུའི་གུས་འབངས་དང་བླངས་སྐད་ཕྲིན་བོད་མིའི་ཆིག་སྒྲིལ་ཚོགས་མི་ ༤༧༠ གཙོས་པའི་གཞན་མཚན་རྟགས་འཁོད་པའི་བོད་མི་ཁྱོན་ ༢༦༦༠ ལྷག་ཡོངས་ནས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. ཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅།་གང་ཡིན་ཡང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་། བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་མཁན་
    ཉུང་ཤས་སུ་ཡིན་ལ་སྒོ་གསུམ་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་།
    དེའི་རྒྱབ་ཏུ་སུ་ཡོད་མིན་། རྒྱབ་ལྗོངས་ཀྱི་གནས་ཚུལ་ངེས་པར་དུ་རྟོགས་དགོས་པ་བརྗེད་མི་རུང།

    Reply
  2. བཟོད་པ། says:
    ལོ་ 10 སྔོན།

    བོད་མིའི་ཆིག་སྒྲིལ་ཚོགས་པ་ཞེས་པ་དེ་ཅི་འདྲ་ཞིག་ཡིན་ནམ་ཞེད་ན་དེ་ནི་སྐད་འཕྲིན་ཚོགས་པ་ཞིག་དང་། སྐད་འཕྲིན་དེའི་ནང་བགྲོ་གླེང་གཙོ་བོ་༸གོང་ས་མཆོག་དང་དབུ་མའི་ལམ་མཁས་དབང་ཟབ་གདོང་རིན་པོ་ཆེ་བཅས་ལ་ཟུར་ཟ་དང་ངན་སྨྲས་སྐྱོན་བརྗོད་དང་། གོང་སྨྲོས་དེ་དག་དང་འབྲེལ་བ་ཆེ་བའི་གང་ཟག་ལ་སྐྱོན་བརྗོད་ཁོ་ན་བྱ་སའི་སྐད་འཕྲིན་ཚོགས་པ་ཞིག་དང་། ཚོགས་པ་དེའི་ནང་དོལ་རྒྱལ་རྗེས་འབྲངས་པ་དང་རྒྱ་དམར་གྱི་རྒྱུགས་ཁྱི་གང་འཚམས་ཞིག་ཡོད་པ་ཡིན། ཁྱེད་རང་ཐུགས་ཡིད་མ་ཆེས་ན་སྐད་འཕྲིན་དེར་གཟིགས་ཞིབ་ལ་ཕེབས་ན་མཁྱེན་ངེས།

    Reply
  3. ཐོས་པ་དགའ། says:
    ལོ་ 10 སྔོན།

    བོད་མིའི་ཆིག་སྒྲིལ་ཚོགས་པ་ཟེར་པ་འདིས་བོད་མིའི་ཆིག་སྒྲིལ་ཕན་པའི་ལས་ཀ་གང་ཡང་བྱས་མེད། ད་རེས་ཟླ་བ་ཚེ་རིང་ཁྲིམས་ལ་སྦྱར་རྒྱུ་ཡིན་ལབ་ནས་ཁམས་རིགས་མང་དག་ཅིག་གིས་སྐད་འཕྲིན་ནང་ཚོགས་པ་བཙུགས་དངུལ་བསྡུས། དེ་འདྲ་བྱེད་དོན་དེ་བོད་མིའི་ཆིག་སྒྲིལ་ལ་ཕན་པའི་བྱ་བ་གང་ཡང་མ་རེད། ནང་ཁུལ་གྱི་མཐུན་ལམ་ལ་གཏོར་བཤིག་བཏང་བ་རང་རེད།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 10 སྔོན།

    ཡང་མིན་ན་ཆོས་བརྒྱུད་ཁག་གི་སྤྟི་འཐུས་མེད་པ་བཟོ་བའམ་དེ་མིན་དཔལ་རྒྱལ་བ་ཇོ་ནང་གཅིག་པོའི་ཐོབ་ཐང་སྣང་མེད་དུ་མི་འཇོག་མི་རུང་བར་འདོད་པས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese