མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་འོག་གི་སློབ་ཕྲུག་བརྒྱ་ཆ་ ༢༥།༨༦ ཕྱི་མི་ཆགས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་འཐུས་ཚོའི་དོགས་འདྲི་དང་གླེང་གཞི་ཆེ་ཤོས་དག་ནི། བྱང་ཨ་རིའི་གཟའ་མཇུག་སློབ་དེབ་དང་། བོད་སློབ་འཛིན་ཚོགས་འོག་གི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་སྐོར། ཤེས་ཡོན་སྲིད་བྱུས། རིགས་གཅིག་རྐང་འཛིན། ཉམས་ཐག་ཕྲུ་གུ་གསུམ་ཡན་ལ་སློབ་ཡོན་རོགས་སྐྱོར་སོགས་རེད།

TibetTimes-CTA

ཁ་སང་ཕྱི་དྲོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གྲོས་ཚོགས་ནང་། ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་ཡོད་པ་དང་། དེའི་རྗེས་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་བསྡོམས་ཤོག་ངོས་ ༥༨༧ ཡོད་པའི་ཐོག་ཞིབ་འཇུག་བྱས་པའི་སྙན་ཐོ་སྙན་སེང་ཞུ་རྗེས། དེ་རིང་ཉིན་ཧྲིལ་བོར་སྤྱི་འཐུས་རྣམ་པ་དང་ཤེས་རིག་བཀའ་བློན་བར་དྲི་བ་དྲིས་ལན་དང་སོ་སོའི་དགོངས་འཆར་གསུངས་ཡོད།

ཤེས་རིག་གི་ལས་བསྡོམས་ནང་འཁོད་པ་ལྟར་ན། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་འོག་རང་སྐྱོང་སློབ་གྲྭའི་སྡེ་ཚན་ལྔ་ཡོད་པའི་ནང་ཁྱོན་སློབ་གྲྭ་ ༦༧ དང་དགེ་ལས་ ༢༠༧༢ ། སློབ་ཕྲུག་ ༡༩༥༢༦ བཅས་ཡོད་འདུག རྒྱ་གར་དབུས་བོད་སློབ་འཛིན་ཚོགས་འོག་གི་སྔོན་འགྲོའི་སློབ་གྲྭ་ ༣༣ དང་། གཞི་རིམ་འོག་མིའི་སློབ་གྲྭ་ ༤ བཅས་ཁྱོན་སློབ་གྲྭ་ ༣༧ རྩིས་ལེན་ཟིན་པ་དང་། མི་འགྱངས་བར་གཞི་རིམ་འོག་མའི་སློབ་གྲྭ་ ༥ དང་། གཞི་རིམ་བར་མའི་སློབ་གྲྭ་ ༥ རྩིས་ལེན་བྱ་རྒྱུ་གཏན་འཁེལ་ཡོད་འདུག

ད་ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༧ གྱི་སློབ་མ་ ༡༣༤༧ ཙམ་འཛུལ་ཞུགས་བྱས་ཏེ་རྒྱུགས་འཕྲོད་མཁན་ ༡༢༡༧ ཙམ་བྱུང་སྟབས། སྤྱི་ཡོངས་ཀྱི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༠་༣༤ ཆགས་ཡོད་པ་དང་། རྒྱལ་ཡངས་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད། བཙན་བྱོལ་བོད་མིའི་སློབ་གྲྭ་ ༢༨ ཀྱི་སློབ་མ་ ༡༥༩༧ ཙམ་འཛུལ་ཞུགས་བྱས་ཏེ་རྒྱུགས་འཕྲོད་མཁན་ ༡༤༠༧ ཙམ་བྱུང་སྟབས། སྤྱི་ཡོངས་ཀྱི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༨་༡༠ ཆགས་ཡོད་འདུག

བོད་སློབ་འཛིན་སྐྱོང་ཚོགས་པའི་ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ ༣༣༥ དང་། སམ་བྷོ་ཊའི་སློབ་གྲྭ་ཁག་ནང་ནང་ ༣༩། བལ་ཡུལ་ནང་ ༡༡༢༡ ། དྷ་ས་བོད་ཁྱིམ་སློབ་གྲྭ་ཁག་ནང་ ༡༧༡༨། མ་སུ་རི་བོད་ཁྱིམ་སློབ་གྲྭ་ཁག་ནང་ ༧༥ བཅས་ཡོད་པ་དང་། ཁྱོན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ ༣༡༨༨ ཡོད་ཅིང་། དེ་ཤེས་རིག་འོག་གི་སློབ་ཕྲུག་ཡོངས་ཀྱི་བརྒྱ་ཆ་ ༡༦།༣ ཆགས་ཀྱི་ཡོད་པ་དང་། བོད་སློབ་འཛིན་སྐྱོང་ཚོགས་པའི་ནང་རྒྱ་གར་སློབ་ཕྲུག་བརྒྱ་ཆ་ ༡༠ ངེས་པར་དུ་འཇོག་དགོས་སྟབས། ཤེས་རིག་འོག་གི་སློབ་ཕྲུག་ཁྱོན་ཡོངས་ལས་བོད་པ་མ་ཡིན་པའི་ཕྱི་མིའི་སློབ་ཕྲུག་བརྒྱ་ཆ་ ༢༥།༨༦ ཆགས་ཡོད་འདུག

ད་བར་རིགས་གཅིག་རྐང་འཛིན་པ་ ༤༣ ལ་སློབ་ཡོན་ཕུལ་ཡོད་པ་དང་། དེ་དག་ལས་ ༢ སློབ་མཐར་ཕྱིན་ཏེ་ཕྱག་འཁྱེར་ཕུལ་ཡོད་པ་དང་། ད་ལྟ་སློབ་སྦྱོང་བྱེད་མུས་ ༡༥ དང་། སློབ་མཐར་ཕྱིན་ཆེད་མཐའ་མའི་ངག་རྒྱུགས་ལ་སྒུག་སྡོད་པ་ ༡༠། འདས་གྲོངས་ཕྱིན་པ་ ༡། ཆེད་རྩོམ་ཚད་གཞི་མ་ལོན་པ་ ༡། བསྐྱར་ཞིབ་དགོས་པ་ ༡། ཕྱིར་འཐེན་བྱས་པ་ ༡། ཆེད་རྩོམ་འབུལ་རྒྱུ་ལྷག་ཡོད་མཁན་ ༡། གཞན། རིགས་གཅིག་རྐང་འཛིན་པ་ ༡༡ ཙམ་གྱིས་མཇུག་སྐྱོང་མ་ཐུབ་པར་ད་ཆར་གར་སོང་ཆ་མེད་ཆགས་ཡོད་འདུག ན་ནིང་དང་ད་ལོ་གཉིས་ལ་རིགས་གཅིག་རྐང་འཛིན་པའི་སློབ་ཡོན་ཕུལ་མེད་ཚུལ་ཤེས་རིག་བཀའ་བློན་མཆོག་གིས་གསུངས་སོང་།

ད་ལོ་ནས་བོད་ཁྱིམ་སློབ་གྲྭ་ཁག་གཉིས་ནང་གི་འཛིན་གྲྭ་དང་པོ་ནས་བཟུང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་མགོ་བཙུགས་ཡོད་པ་དང་། ༢༠༡༥ ལོའི་ཟླ་ ༡༠ པའི་ནང་དྷ་རམ་ས་ལའི་བོད་ཁྱིམ་དང་ཤེས་རིག་བར་ཚོགས་འདུ་ཚོགས་པ་དང་། ༢༠༡༥ ལོའི་ཟླ་ ༡༡ པའི་ནང་མ་སུ་རི་བོད་ཁྱིམ་དང་ཤེས་རིག་བར་ཚོགས་འདུ་ཚོགས་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཤེས་ཡོན་ཚོགས་ཆུང་གི་སྙན་ཐོའི་ནང་དོན་ཁག་ལག་བསྟར་བྱེད་ཕྱོགས་གོ་བསྡུར་བྱས་ཏེ། ༢༠༡༦ ལོའི་ཟླ་ ༡ ནས་བོད་ཁྱིམ་གཉིས་ཀྱི་འཛིན་གྲྭ་དང་པོར་ལག་བསྟར་བྱ་རྒྱུ་དང་། དེ་ནས་ལོ་རིམ་སོང་ལྟར་འཛིན་གྲྭ་གཉིས་པ་གསུམ་པ་ལག་ལེན་བསྟར་རྒྱུ་གཏན་འཁེལ་བྱས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྲུ་གུ་གསུམ་ཡན་ལ་སློབ་ཡོན་རོགས་སྐྱོར་ཞུ་རྒྱུའི་སྲིད་བྱུས་ལྟར། ཤེས་རིག་ལས་ཁུངས་ཀྱིས་ ༢༠༡༤ ཟླ་ ༧ ཚེས་ ༡ ནས་ཕྲུ་གུ་གསུམ་ཡན་སྐྱེས་མ་ཐག་ནས་ཟླ་རེར་ཧིན་སྒོར་ ༥༠༠ རེ་དང་། ཕྲུ་གུ་དེ་ལོ་ ༦ ལ་སླེབས་སྐབས་བོད་ཁྱིམ་གཉིས་དང་སམ་བྷོ་ཊ་གང་རུང་ལ་སློབ་འཇུག་བྱ་རྒྱུ། མཐོ་སློབ་ལ་ཡིག་རྒྱུགས་གཏོང་སྐབས་བརྒྱ་ཆ་ ༦༠ ལོན་ན་སློབ་ཡོན་ནར་གཏོང་བྱ་རྒྱུ་དང་། དེའི་སྟེང་སྒོར་ ༡༠༠༠༠ སྤྲོད་རྒྱུ་ཡིན་འདུག གཞན། ༢༠༡༤ ཟླ་ ༧ ཚེས་ ༡ གི་གོང་དུ་སྐྱེས་པའི་ཕྲུ་གུ་དག་ལ་ཧིན་སྒོར་ ༣༠༠ རེ་དང་། འཛིན་རིམ་ ༦ པ་ནས་བོད་ཁྱིམ་གཉིས་ནང་གཏོང་རྒྱུ། མཐོ་སློབ་ཏུ་སྐྱོད་སྐྱབས་ཡིག་རྒྱུགས་བརྒྱ་ཆ་ ༦༠ ལོན་ན་སློབ་ཡོན་སྤྲོད་རྒྱུ་དང་། དེའི་སྟེང་ཧིན་སྒོར་ ༡༠༠༠༠ སྤྲོད་རྒྱུ་སོགས་གཅིག་གྱུར་ཡིན་འདུག

ཤེས་རིག་ལས་ཁུངས་ཀྱིས་ད་ལོ་བྱ་དགའ་ཕྱག་འཁྱེར་སྤྲད་པའི་ཁྲོད། ད་ལོར་འཛིན་རིམ་བཅུ་གཉིས་ཀྱི་ཚན་རིག་དང་སྒྱུ་རྩལ། ཚོང་རིག་བཅས་ཀྱི་སྐར་གྲངས་རྩེར་སོན་སློབ་མ་གསུམ་རེ་བཅས་ཁྱོན་སློབ་མ་ ༩ ལ་དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་གཟེངས་བསྟོད་ཕྱག་འཁྱེར་གནང་ཡོད་པ་དང་། བོད་ཡིག་ལ་ཆེ་མཐོང་ཡོང་ཆེད་སློབ་གྲྭ་སོ་སོའི་ལོ་འཁོར་ཡིག་རྒྱུགས་ནང་འཛིན་རིམ་ ༦ ནས་ ༡༡ བར་གྱི་བོད་ཡིག་རྩེར་སོན་སློབ་མ་དག་ལ་ཧིན་སྒོར་ ༥༠༠ རེ་དང་གཟེངས་བསྟོད་ཕྱག་འཁྱེར་གནང་ཡོད་འདུག

སློབ་གྲྭ་ཁག་ཏུ་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་བོད་ཡིག་གི་རྩོམ་ཡིག་འགྲན་བསྡུར་ཞིག་གནང་སྟེ། རྩོམ་ཡིག་ཕུལ་བྱུང་གསུམ་ལ་ཧིན་སྒོར་ ༡༥༠༠ རེ་དང་། ལེགས་གྲས་ལྔ་ལ་གཟེངས་བསྟོད་ཕྱག་འཁྱེར་རེ་སྤྲད་ཡོད་འདུག དེ་བཞིན། བོད་ཡིག་གི་ཡིག་གཟུགས་འགྲན་བསྡུར་གནང་སྟེ་རྩེད་ཕུད་གསུམ་ལ་བྱ་དགའ་ཧིན་སྒོར་ ༥༠༠ རེ་དང་། ལེགས་གྲས་ལྔ་ལ་ལེགས་གསོལ་ཕྱག་འཁྱེར་སྤྲད་ཡོད་འདུག

སློབ་ཡོན་རོགས་སྐོར་གནང་བ་ཁག་གི་ཁྲོད། ད་ལོ་མཐོ་སློབ་ཀྱི་སློབ་ཡོན་ཞུ་མཁན་ ༤༠༦ བྱུང་སྟེ་ཁྱོན་ཧིན་སྒོར་ ༢༠༣༠༠༠༠༠ ཙམ་བགྲོ་འགྲེམས་ཞུས་ཡོད་པ་དང་། སྔར་ལོ་ནས་མུ་མཐུད་སློབ་ཡོན་འཐོབ་བཞིན་པ་ ༥༨༤ བཅས་ད་ལྟ་ཁྱོན་སློབ་མ་ ༩༩༠ ལ་སློབ་ཡོན་སྤྲོད་བཞིན་ཡོད་འདུག ད་ལོར་ཕྱི་རྒྱལ་རོགས་ཚོགས་ཁག་དང་བོད་རིགས་བཅས་ནས་སློབ་ཡོན་རོགས་དངུལ་ཁྱོན་ཧིན་སྒོར་ ༢༤༡༥༢༦༧༠ ཙམ་རེག་ཡོད་འདུག

ཉེ་བའི་གཙུག་ལག་རབ་འབྱམས་པ་ ༩ དང་འབུམ་རམས་པ་ ༥ བཅས་ལ་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་འབུལ་བཞིན་ཡོད་པ་དང་། ཏཱ་ལའི་བླ་མའི་དགེ་རྩ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ ༡༠༠ ། གཙུག་ལག་རབ་འབྱམས་པ་ ༥ བཅས་ཁྱོན་སློབ་མ་ ༡༠༥ ལ་སློབ་ཡོན་སྤྲད་ཡོད་པ་དང་། དེའི་སྟེང་སྔར་ལོ་ནས་སློབ་ཡོན་མུ་མཐུད་ཞུ་མཁན་ ༧༨ བཅས་ཁྱོན་སློབ་མ་ ༡༨༣ ཙམ་ལ་སློབ་ཡོན་སྤྲོད་བཞིན་ཡོད་འདུག

འདི་ལོར་བལ་ཡུལ་དུ་མཐོ་རིམ་སློབ་ཕྲུག་ ༡༥ ལ་སློབ་ཡོན་སྤྲད་ཡོད་འདུག ས་ར་མཐོ་སློབ་ཏུ་ཉེ་བའི་གཙུག་ལག་རབ་འབྱམས་པ་ ༡༥ དང་། གཙུག་ལག་རབ་འབྱམས་པ་ ༢ བཅས་ཁྱོན་སློབ་མ་ ༡༧ ལ་སློབ་ཡོན་སྤྲད་ཡོད་འདུག ཡིག་འབྲེལ་གྱི་ལམ་ནས་ཤེས་ཚད་གོང་སྤེལ་གཏོང་ཆེད་དགེ་རྒན་ ༡༢ དང་སྲི་ཞུ་ལས་བྱེད་ ༡༠ ། འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་ ༧ བཅས་ཁྱོན་སློབ་མ་ ༢༩ ལ་སློབ་ཡོན་སྤྲད་ཡོད་འདུག

ཕྱི་རྒྱལ་སློབ་གྲྭ་ཁག་ཏུ་བཏང་བའི་སྐོར་ལ། དབྱིན་ཡུལ་གྱི་མཐོ་སློབ་ཅིག་ཏུ་སློབ་མ་ ༢ བཏང་ཟིན་ཡོད་པ་དང་། གཞན་སློབ་མ་ ༢ དང་དགེ་རྒན་ ༢ བཅས་གཏོང་འཆར་ཡོད་འདུགཨ་རིར་སློབ་མ་ ༩ བཏང་ཟིན་ཡོད་པ་དང་། གཞན་སློབ་མ་ ༢ གཏོང་འཆར་ཡོད་འདུགགཞན། ཀོ་རི་ཡར་སློབ་མ་ ༡ བཅས་བཏང་ཡོད་འདུག

ད་ལྟའི་ཆར་ཤེས་རིག་འོག་གི་སློབ་གྲྭ་ཁག་ནང་ལྟ་གྲུབ་དགེ་རྒན་ ༣༧ ཙམ་ཡོད། ‘ལྟ་གྲུབ་དགེ་རྒན’ ཞེས་པ་འདི་སྔར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ ‘ཆོས་དགེ’ ཟེར་བ་དེ་ཡིན་པ་དང་། ༧གོང་ས་མཆོག་གིས་ཁོང་ཚོར་ཆོས་དགེ་ལབ་ན་མི་འགྲིག་པར་ལྟ་གྲུབ་སློབ་དཔོན་ཟེར་དགོས་ཚུལ་ཡང་ཡང་གསུངས་པར་བརྟེན་ཏེ། ཉེ་ལམ་ཤེས་རིག་ལས་ཁུངས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཏེ་ལྟ་གྲུབ་དགེ་རྒན་ཞེས་བཏགས་ཡོད་པ་རེད།

སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཡིག་ལ་དོ་སྣང་ཏོག་ཙམ་ཆེ་རུ་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་འཐོན་བཞིན་ཡོད་སྐོར་བརྗོད་སོང་ལ། དེ་བཞིན། ཤེས་རིག་བཀའ་བློན་མཆོག་གིས་ཀྱང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཡིག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་སྐོར་དང་། ལོ་ཤས་གོང་ཤེས་རིག་གི་ལས་བྱེད་ཅིག་སློབ་གྲྭ་ཁག་ཏུ་སྐོར་སྐྱོད་གནང་བ་དང་། ད་ལོ་བསྐྱར་དུ་སྐོར་སྐྱོད་གནང་སྐབས་མཐོང་ཚུལ་མ་འདྲ་བ་གཙོ་བོ་དེ་སློབ་ཕྲུག་ཚོ་བོད་ཡིག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། བོད་ཡིག་དགེ་རྒན་རྣམ་པ་ཚོའི་མགོ་བོ་ཡང་ཅུང་ཡར་མགྱོགས་ཐུབ་ཙམ་བྱུང་ཡོད་སྐོར་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. thupten says:
    ལོ་ 10 སྔོན།

    ཤེས་བཀའ་བློན་གྱིས་ནོར་བ་ངེས་ལེན་མི་བྱེད་པར་ཁ་ཕར་གཡར་ཐབས་ཀྱི་བྱེད་སྤྱོད་ལ་བལྟས་ཡོང་ན་ད་དུང་མུ་མཐུད་མས་ཤེས་རིགས་ལས་ཁུང་གིས་ནོར་འཁྲུལ་ཚབས་ཆེན་བཟོ་ངེས་བ་ཐག་གིས་ཆོད་སོང།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 10 སྔོན།

    སྤྱི་འཐུས་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱི་གསུངས་བཤདདེ་ལ་རྒྱབ་སྐྱོར་དང་ཡི་རངས་བྱེད་ཀྱིན་ཡོད། བོད་ནས་ཡོང་མཁན་ནང་གི་བོད་ཡིག་གི་ཚད་མཐོན་པོའི་རིགས་དེ་དག་སྒེར་གཅོད་པ་འགའ་ཡིས་དབང་ཤེད་ལ་བརྟེན་ནས་བདག་པོ་མ་རྒྱབ་པ་དེ་བོད་སྤྱི་བའི་རྩ་དོན་དམ་བཙན་བྱོལ་ནང་གི་བོད་སྐད་ཡིག་གི་འཕེལ་རྒྱས་ལ་གྱོང་གུད་ཆེན་པོ་བཟོས་ཡོད་པ་དངོས་ཡོད་དུ་འདོད། དེ་མིན་སྤྱི་འཐུས་རེ་ཟུང་གིས་མི་རིགས་རང་གི་སྲོག་རྩ་ཡི་ཆེད་དུ་དགོངས་ཚུལ་འདྲ་མིན་གསུངས་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཤེས་རིག་བཀའ་བློན་མཆོག་གིས་ལན་ཐེབ་ལ་མ་ཐེབ་པར་གཞིག་ན་བཙན་བྱོལ་ནང་དུ་ར་སྐད་ལུག་སྐད་ཤོད་མཁན་སོན་རྩ་ཁྲི་གཅིག་ལྷག་བསྐྱེད་སྲིང་བྱེད་ཀྱིན་པ་དང་ད་དུང་ཟབ་སྦྱོང་མང་པོ་བྱས་ཡོད་ཁུལ་གསུངས་སོང་། ཡིན་ནའང་མི་རིགས་རང་གི་སྐད་དང་ཡི་གེ་ལ་ཕན་པའི་ཟབ་སྦྱོང་ཞིག་གནང་ཡོད་པ་གསུངས་རྒྱུ་མེད་པ་འདྲ། དེ་མིན་བཙན་བྱོལ་གཞུང་གི་གཞུང་ཞབས་ལས་བྱེད་གྲངས་བཞི་བརྒྱ་ལྔ་བརྒྱ་ག་ཚོད་ཡོད་ཀྱང་དེའི་ནང་ན་བོད་སྐད་གཙང་མ་ཤོད་མཁན་གཅིག་ཀྱང་མེད་པ་རེད་ཅེས་ན་ཐལ་དྲག་མེད་པར་འདོད། མི་གྲངས་འདི་དག་ལ་དམིགས་སུ་བཀར་ནས་བཤད་དགོས་པ་ནི་བཙན་བྱོལ་བ་ཡོང་གི་དམིགས་དཔེ་ལྟ་ས་ཡིན་པས། ཐབས་སྐྱོ་བ་དང་ཡ་ང་བའི་གནས་སྟངས་འདིའི་བོད་ནང་གི་སྤུན་ཟླ་ཚོས་བཙན་བྱོལ་བར་བཅོལ་བའི་རེ་བ་དང་ཡིད་ཆེས་བརླག་འགྲོ་བའི་རྒྱུ་རུ་འགྱུར་བ་དངོས་ཡོད་དུ་འདོད་ཀྱིན་པས། དགྲ་དགའ་སྤྱད་དང་གྲོགས་སྡུག་བྱེད་ཀྱི་གནང་སྟངས་འདི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese