མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་ཏེ་ཨེམ་ཆི་གཉིས་ལ་བསྔགས་བརྗོད་གནང་།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་མང་པོ་ཞིག་གིས་ཨེམ་ཆི་རྟ་མགྲིན་དང་ཚེ་བརྟན་རྣམ་གཉིས་ཀྱི་ཕྱག་ལས་ལྷག་བསམ་ལ་བསྟོད་བསྔགས་གནང་སོང་ལ། སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་སྐྱེལ་འདྲེན་སྐབས་སྨན་དང་རླངས་འཁོར་བཅས་པ་བོར་བརླག་ཕྱིན་སྐོར་འཕྲོད་བསྟེན་བཀའ་བློན་གྱིས་གསུངས་སོང་།

3-tibettimesདེ་རིང་ཕྱི་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་སྔོན་མའི་ལས་བསྡོམས་གྲོས་ཚོགས་ནང་སྙན་སེང་ཞུས་རྗེས། སྤྱི་འཐུས་ཚོས་དྲི་བ་དྲིས་ལན་དང་སོ་སོའི་བསམ་ཚུལ་བརྗོད་ཡོད།

སྤྱི་འཐུས་མང་པོ་ཞིག་གིས་བོད་མིའི་སྒྲིག་འཛུགས་བདེ་ལེགས་སྨན་ཁང་གི་བླ་སྨན་ཨེམ་ཆི་ཚེ་བརྟན་ལགས་དང་། སྨན་རྩིས་ཁང་གི་བླ་སྨན་ཨེམ་ཆི་རྟ་མགྲིན་ལགས་རྣམ་པ་གཉིས་ཀྱི་ཕྱག་ལས་དང་། ལྷག་བསམ་སོགས་ལ་ཡི་རངས་སྔགས་བརྗོད་གནང་ཡོད་པ་མ་ཟད། སྤྱི་འཐུས་ཁག་ཅིག་དང་འཕྲོད་བསྟེན་བཀའ་བློན་བཅས་ཀྱིས་ཁོང་རྣམ་པ་གཉིས་ནི། བོད་མི་མང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བྱང་ཆུབ་སེམས་དཔའ་ལྟ་བུ་གཉིས་ཡིན་པ་དང་། ད་ལྟའི་བཙན་བྱོལ་གྱི་གནས་སྟངས་འདིའི་འོག་སྨན་པ་གཞན་དག་ཚོས་ཀྱང་ཁོང་གཉིས་ལ་མིག་དཔེ་ལྟ་དགོས་སྐོར། ཁོང་རྣམ་པ་གཉིས་ལ་བོད་གཞུང་དམངས་གཉིས་ནས་བཀའ་དྲིན་རྗེས་དྲན་གྱི་ངོས་འཛིན་གཟེངས་རྟགས་ཤིག་སྤྲོད་གལ་ཆེ་སྐོར་སོགས་བརྗོད་སོང་།

གཞན། དྲི་བ་དྲིས་ལན་སྐབས་སྤྱི་འཐུས་ཤིག་གིས། ཉེ་ལམ་སྨན་རྩིས་ཁང་ནས་རིན་ཆེན་རིལ་བུ་རླངས་འཁོར་གང་སྐྱེལ་འདྲེན་བྱས་ཏེ་ས་གནས་ཡན་ལག་སྨན་ཁང་དུ་འགྲོ་བའི་ལམ་བར་དུ། ལྡི་ལི་བསམ་ཡས་གླིང་ནས་རིན་ཆེན་རིལ་བུ་དང་རླངས་འཁོར་བཅས་བོར་བརླག་ཕྱིན་པའི་གནས་ཚུལ་བདེན་པ་ཡིན་མིན་དོགས་འདྲི་ཞུས་པའི་ལན་དུ། བཀའ་བློན་མཆོག་གིས་གནས་ཚུལ་དེ་བདེན་པ་ཡིན་སྐོར་དང་། གནས་ཚུལ་དེ་བྱུང་མ་ཐག་ས་གནས་ཉེན་རྟོག་པར་ཞུ་གཏུག་བྱས་པ་བརྒྱུད་རླངས་འཁོར་གཉེན་འགོག་འགན་ལེན་འོག་ཡོད་སྟབས། རླངས་འཁོར་གྱི་མ་གནས་ཧིན་སྒོར་འབུམ་ ༧ མ་ཟིན་ཙམ་རེག་ཡོད་སྐོར་དང་། གནད་དོན་དེར་འཛིན་སྐྱོང་ངོས་ནས་ཞིབ་འཇུག་རིམ་གཉིས་བྱས་ཀྱང་། ཞིབ་འཇུག་སྙན་ཐོ་སྔ་ཕྱི་ཅུང་མི་མཐུན་སྟབས། ད་ཆར་རིམ་པ་གསུམ་པ་འགྲོ་བཞིན་ཡོད་སྐོར་སོགས་གསུངས་སོང་།

འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་འཁོད་པ་ལྟར་ན། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་ ༢༠༡༤ ཟླ་ ༤ པ་ནས་སྨན་བཅོས་རོགས་རིམ་བརྒྱ་ཆ་ ༧༠ སྤྲོད་རྒྱུ་བྱས་རྗེས། འདས་ལོར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཞུགས་མཁན་ ༡༩༦༤༥ བྱུང་ཡོད་པ་དང་། ལས་གཞི་དེའི་འོག་ནད་པར་སྨན་བཅོས་འགྲོ་སོང་བཏང་བ་ཧིན་སྒོར་ ༡༩༣༡༩༨༨༥ ཆགས་ཡོད་འདུག

འདས་ལོར་གཉན་ནད་རེག་དུག་ནད་པ་ ༣༨ ཙམ་ལ་སྨན་བཅོས་འགྲོ་སོང་དང་། སྨན་ཁང་དུ་འགྲོ་སྐྱོད་གླ་ཆ་སོགས་གནང་ཡོད་པ་མ་ཟད། གཉན་ནད་རེག་དུག་སྔོན་འགོག་ཆེད་མང་ཚོགས་ལ་གོ་རྟོགས་སྤེལ་བ་སོགས་ཁྱོན་བསྡོམས་ཧིན་སྒོར་ ༡༤༤༦༠༥༧ གྱི་འགྲོ་སོང་བཏང་ཡོད་འདུག

ལོ་སྔོན་མར་འཕྲོད་བསྟེན་ལས་ཁུངས་ཀྱིས་མ་དང་བྱིས་པ་བུད་མེད་བཅས་ཀྱི་འཕྲོད་བསྟེན་ལས་གཞི་འདྲ་མིན་ཐོག་ཧིན་སྒོར་ ༢༨༠༣༨༩༡ བཏང་ཡོད་འདུག དེ་བཞིན། མཆིན་པའི་གཉན་ཚད་སྔོན་འགོག་ཆེད་ཧིན་སྒོར་ ༦༣༤༣༠༢ ཙམ་གྱི་འགྲོ་སོང་བཏང་ཡོད་པ་དང་། དྷ་རམ་ས་ལའི་ཉེ་འཁྲིས་པཱ་མ་པུར་མཛེ་ནད་གསོ་བཅོས་ཁང་དུ་བོད་མི་མཛེ་ནད་ཅན་ ༦ ཡོད་པར་ཟླ་རེར་ཧིན་སྒོར་ ༢༥༠༠༠ རེ་འབུལ་བཞིན་ཡོད་འདུག

དབང་པོ་སྐྱོན་ཅན་ ༡༡༠ ལ་འཚོ་སྨོན་ཟླ་རེར་ཧིན་སྒོར་ ༡༥༠༠ རེ་ཕུལ་ཏེ་ཁྱོན་བསྡོམས་ཧིན་སྒོར་ ༡༨༥༥༥༠༠ ཙམ་གྱི་འགྲོ་སོང་བཏང་ཡོད་འདུག

ད་ལོར་ཊི་བྷི་རིམ་པ་གཉིས་པའི་ནད་པ་ ༢༣༠ དང་། རིམ་པ་གསུམ་པའི་ནད་པ་ ༦༡ བཅས་ལ་སྨན་བཅོས་བྱས་ཡོད་པ་དང་། ཁྱོན་བསྡོམས་ཊི་བྷི་ནད་པའི་ཐད་ཧིན་སྒོར་ ༤༨༥༢༢༡༤ ཙམ་བཏང་ཡོད་འདུག

དྷ་ས་ཁུལ་དུ་མྱོས་རྫས་ངན་གོམས་ཅན་ ༡༢ དང་། ལྡེ་ར་རྡུན་ཁུལ་དུ་ ༥ ། སྦིར་ཁུལ་དུ་ ༣ ། སྦེལ་ཀོབ་དང་ཀོ་ལི་གྷལ་ཁུལ་དུ་ ༤ བཅས་ཁྱོན་ ༢༤ ཙམ་ལ་བདག་སྐྱོང་སྨན་བཅོས་བྱས་ཡོད་འདུག་ལ། ལོ་སྔོན་མར་ཁྱོན་བསྡོམས་མྱོས་རྫས་ངན་གོམས་ཐད་འགྲོ་སོང་ཧིན་སྒོར་ ༡༠༦༥༨༣༨ བཏང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་ཆབ་སྲིད་ཀྱི་གནད་དོན་བྱུང་རིགས་ལ། ཆབ་སྲིད་བཙོན་ཟུར་དང་ཆབ་སྲིད་འབྲེལ་ཆགས། ཆབ་སྲིད་འབྲེལ་ཡོད་བཅས་རིགས་གསུམ་ཡོད་པ་ལྟར། འདས་ལོར་ཆབ་སྲིད་བཙོན་ཟུར་ ༩ དང་། འབྲེལ་ཆགས་ ༡༦ ། འབྲེལ་ཡོད་ ༣ བཅས་བསྡོམས་མི་གྲངས་ ༢༨ ལས་དགོན་པ་གྲྭ་ཚང་ཁག་ཏུ་ཡོད་པའི་གྲྭ་བཙུན་རིགས་ལ་ཟླ་རེར་ཧིན་སྒོར་ ༡༠༠༠ རེ་དང་། ཚོགས་པ་སྐྱིད་སྡུག་ཁོངས་བསྡད་དེ་ཁང་གླ་སྤྲོད་མི་དགོས་པའི་རིགས་ལ་ ༣༥༠༠ ། གཞན། རང་འཚོར་བརྟེན་ཏེ་ཁང་གླ་སྤྲོད་དགོས་པའི་རིགས་ལ་ ༦༠༠༠ བཅས་གནང་བཞིན་ཡོད་པ་མ་ཟད། ཆབ་སྲིད་བཙོན་ཟུར་ཚོར་འཕྲོད་བསྟེན་སྨན་བཅོས་འགྲོ་སོང་བརྒྱ་ཆ་ ༡༠༠ དང་། འབྲེལ་ཆགས་ཚོར་བརྒྱ་ཆ་ ༨༠ ། འབྲེལ་ཡོད་ཚོར་བརྒྱ་ཆ་ ༥༥ བཅས་ཀྱི་རོགས་སྐྱོར་གནང་ཡོད་འདུག ཁྱོན་ཆབ་སྲིད་དང་འབྲེལ་བ་ཡོད་རིགས་ཀྱི་འཚོ་སྣོན་དང་སྨན་བཅོས་བཅས་ཀྱི་ཆེད་དུ་ཧིན་སྒོར་ ༢༢༨༦༣༠༧ བཅས་ཀྱི་འགྲོ་སོང་བཏང་ཡོད་འདུག

སྤྱི་འཐུས་ཚོའི་གླེང་གཞི་ཆེ་ཤོས་གཅིག་མི་མང་གི་གཙང་སྦྲ་དང་འཕྲོད་བསྟེན་སྔོན་འགོག་སྐོར་རེད་ལ། འཕྲོད་བསྟེན་བཀའ་བློན་གྱི་དཀའ་ངལ་ཆེ་ཤོས་གཅིག་ས་གནས་ཁག་ཏུ་སྨན་པ་དང་སྨན་ཞབས་རེག་གི་མེད་སྐོར་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese