མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་མི་སེར་ལེན་མཁན་མང་དུ་ཕྱིན་ན་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གསལ་བོ་བཟོ་དགོས་ཆགས་ངེས་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་བསྡོམས་ཐོག་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་པར་དགག་བྱ་གནང་གི་མེད་ཀྱང་། རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་མཁན་མང་དུ་ཕྱིན་ན་བོད་མིའི་སྒྲིག་འཛུགས་ནས་སྲིད་བྱུས་གཏན་འབེབས་གནང་དགོས་པ་ཞིག་ཆགས་རྒྱུ་ཡིན་སྐོར་གསུངས་སོང་།

IMG_0137དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ལས་ཉིན་མཐའ་མར། ཐེངས་འདིའི་ཚོགས་དུས་ཐོག་གླེང་སློང་བྱུང་བའི་གནད་དོན་གཙོ་བོ་ཁག་ཅིག་གི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ལན་འདེབས་གསལ་བཤད་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་ད་ལན་གྱི་གྲོས་ཚོགས་ནང་སྤྱི་འཐུས་རྣམ་པས་ཆ་ཤས་ལེན་སྟངས་སྐོར་ལ་དགོངས་ཚུལ་གསུངས་དོན། ཉིན་དགུའི་རིང་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་ཆ་ཤས་ལེན་སྟངས་དང་། བོད་ནང་གི་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་སྒང་ལ་ཆ་ཤས་ལེན་ཡོང་དུས་གཏིང་ཟབ་པོ་དང་དོན་དག་ཡོད་པ། དངོས་གནས་སློབ་གསོ་ལེན་ཆོག་པའི་དགོངས་པ་བྱུང་སོང་ཞེས་ཉིན་དང་པོ་རང་ནས་ཞུས་ཡོད་ལ། དེ་རིང་ཉིན་ ༩ པར་བསྐྱར་དུ་དོ་སྣང་དང་ཚོར་སྣང་ག་རེ་བྱུང་སོང་ཞུས་ན། ད་ལན་གྱི་གྲོས་ཚོགས་ནང་སྤྱི་འཐུས་གསར་པ་ ༢༣ དང་། རྙིང་པ་ ༢༢ ཡོད་ལ། ད་ལན་དངོས་གནས་ཆ་མཚུངས་བ་ཞིག་ཕེབས་འདུག་བསམ་པ་བྱུང་། གཞི་རྩའི་སྐྱབས་གནས་དགེ་འདུན་གྱི་སྡེ་ཞེས་ཆོས་བརྒྱུད་ཁག་གི་སྐུ་ཚབ་ཡོད་པའི་ཐོག བུད་མེད་ཀྱི་སྐུ་ཚབ་ཀྱང་བཅུ་གཅིག་བཅུ་གཉིས་ཤིག་ཕེབས་ཡོད་པ་ལྟར། བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྐོར་ལ་ད་ལན་ཆ་ཤས་ལེན་མཁན་མང་ཙམ་བྱུང་བ་དེ་ཡར་རྒྱས་ཀྱི་རྣམ་པ་རེད་བསམ་གྱི་འདུག དེ་བཞིན་བོད་ནས་གསར་དུ་འབྱོར་མཁན་ཚོ་ཡིན་ནའང་། གྲོས་ཚོགས་ནང་གསར་འབྱོར་ལ་ཐོབ་ཐང་ཡོད་མེད་སྐོར་ད་ལན་བགྲོ་གླེང་བྱུང་ཡོད་ལ་བྱུང་དགོས་པ་ཞིག་ཀྱང་རེད། གསར་དུ་འབྱོར་མཁན་ཡིན་ནའང་བརྒྱ་ཆ་མཐོན་པོ་ཡིན་པ་དང་། དེའི་ནང་ནས་ཀྱང་ད་ལན་སྐབས་ ༡༥ པའི་བཀའ་ཤག་ནང་ལོ་ ༢༠ ཡི་མཚམས་སུ་གསར་དུ་འབྱོར་མཁན་ཞིག་བཀའ་བློན་དུ་བསྐོ་བཞག་བྱས་ཡོད་པ་དང་། དེའང་བཀའ་ཤག་དང་སྲིད་སྐྱོང་ནས་ལོ་ ༢༠ མཚམས་སུ་བཀའ་ཤག་གི་འཛིན་སྐྱོང་རྩ་ཆེ་ཤོས་འདིའི་ནང་གསར་འབྱོར་གྱི་སྐུ་ཚབ་ཅིག་དགོས་ཀྱི་འདུག་ཅེས་བསམ་བློ་བཏང་སྟེ་བསྐོས་བཞག་པ་ཞིག་ཡིན། དམིགས་བསལ་གྱིས་ད་ལན་དོ་སྣང་ཡག་པོ་ཞིག་ག་རེ་བྱུང་སོང་ཞུས་ན། དེ་སྔོན་གཞིས་ཆགས་སྐོར་ནས་གསུང་ཡོང་དུས། གཞིས་ཆགས་ཁག་ནང་བཞུགས་མཁན་སྤྱི་འཐུས་རེ་གཉིས་ཤིག་ལས་མེད་ཀྱང་། ད་ལན་གཞིས་ཆགས་ཁག་ནང་བརྟན་འཇགས་ཀྱིས་བཞུགས་མཁན་རང་ནས་སྐུ་ཚབ་མི་ཉུང་བ་ཞིག་ཕེབས་ཡོད་སྟབས། གཞིས་ཆགས་སྐོར་གསུངས་སྐབས་ཚོར་བ་ལྡན་པ་གཅིག་པུ་མིན་པར་དངོས་གནས་དོན་དང་ལྡན་པ། ས་གནས་ཀྱི་གནས་སྟངས་མཁྱེན་པའི་ཐོག་ནས་དཔེར་མཚོན་བགྲངས་ཏེ་གསུངས་དུས། ཏན་ཏན་གཞིས་ཆགས་སྲ་བརྟན་གྱི་གཙོས་པའི་ན་གཞོན་དང་བཅས་གཞིས་ཆགས་ནང་བཞུགས་མཁན་ལ་ཕན་ཐོགས་པའི་དགོངས་ཚུལ་གནང་ཐུབ་ས་རེད་བསམ་པའི་ཚོར་བ་ཞིག་བྱུང་སོང་། དེ་བཞིན། ཕྱི་རྒྱལ་ཁག་ནས་སྐུ་ཚབ་ཡོད་པའི་ཐོག་སྤྱི་འཐུས་ནང་དུའང་ཤེས་འཇོན་ལྡན་པ། ཕྱི་རྒྱལ་ཁག་ལ་མང་པོ་ཕེབས་མྱོང་མཁན་མང་དག་ཅིག་ཕེབས་ཡོད་དུས། སྤྱི་ཡོངས་ནས་བོད་ནང་དང་ཕྱི་རྒྱལ། གཞིས་ཆགས། དེ་བཞིན་དྷ་རམ་ས་ལ་བཅས་ཀྱི་གནས་སྟངས་དང་། ཁྲིམས་དང་སྒྲིག་གཞི་གང་ཅིའི་ཐོག་གཏིང་ཟབ་པོ་ཞེ་དྲགས་བྱུང་སོང་། ཞེས་དང་། ཕྱག་རོགས་བཀའ་བློན་རྣམ་པས་ལས་བསྡོམས་སྙན་སྒྲོན་ཞུས་ཏེ་བཀའ་ལན་གསལ་བཤད་ཡག་པོ་གནང་སོང་ཞེས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བཀའ་ཤག་གི་ལས་ཡུན་ལོ་ ༥ རིང་ནུས་པ་མཉམ་དུ་སྤུངས་ཏེ་མུ་མཐུད་ཧུར་ཐག་གནང་དགོས་སྐོར་གསུངས་སོང་།

ཡང་ད་ལན་གྱི་གྲོས་ཚོགས་ནང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་པར་ཕན་གནོད་ཅི་ཡོད་དང་། བཀའ་ཤག་ནས་ཞིབ་འཇུག་བྱས་པའི་ཐོག་ནས་ལམ་སྟོན་གསལ་པོ་ཞིག་གནང་དགོས་སྐོར་སོགས་ཀྱི་དགོངས་ཚུལ་བྱུང་ཡོད་པ་དེའི་ཐད་ལ་སྲིད་སྐྱོང་མཆོག་ནས། དེར་ཞིབ་འཇུག་བྱེད་དགོས་བྱུང་ན་བྱ་རྒྱུ་རེད། ཡིན་ནའང་དེ་སྔོན་བཀའ་ཤག་གི་ངོས་ནས་ཞུས་ཡོད། རྒྱ་གར་གྱི་ཁྲིམས་ནང་ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་དུ་རྒྱ་གར་ནང་སྐྱེས་པ་དང་།  ཕྱི་ལོ་ ༡༩༨༧ རྗེས་སུ་ཕ་མ་གང་རུང་ཞིག་རྒྱ་གར་གྱི་མི་སེར་ཡིན་ན་བུ་ཕྲུག་རྒྱ་གར་གྱི་མི་སེར་རེད་ཅེས་བཀོད་ཡོད་སྟབས། རྒྱ་གར་གྱི་མི་སེར་ལག་འཁྱེར་ལེན་ཆོག་གི་ཡོད་པ་རེད། བཙན་བྱོལ་དུ་ཡོད་པའི་བོད་པ་ཚོའི་ནང་དུ་ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་རྒྱ་གར་ནང་སྐྱེས་པ་མང་པོ་ཡོད་པ་རེད་ལ། ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་ཟེར་བ་དེ་བོད་པ་གཅིག་པུ་མ་རེད། དུས་ཡུན་དེའི་བར་དུ་རྒྱ་གར་ནང་སུ་སྐྱེས་པ་ཡིན་ནའང་རྒྱ་གར་གྱི་མི་སེར་རེད་ཅེས་གསུངས་ཡོད་དུས། རྒྱ་གར་གྱི་ཁྲིམས་ནང་མི་སེར་ཞུ་ཆོག་གི་རེད་ཅེས་ཐག་བཅད་ཚར་བ་དེར་བོད་མིའི་སྒྲིག་འཛུགས་གྱི་ངོས་ནས་མི་སེར་ཞུ་ཆོག་གི་མ་རེད་ཅེས་གསུང་ཆོག་གི་མེད་སྟབས། བདེ་སྲུང་ལས་ཁུངས་བརྒྱུད་དེ་རྒྱ་གར་གྱི་མི་སེར་ཞུ་ཡི་ཡིན་ལབ་ན། དགག་བྱ་མེད་པའི་ཡིག་ཆ་འབུལ་གྱི་ཡོད་པ་རེད། ཡིན་ནའང་རྒྱ་གར་གྱི་མི་སེར་ཞུས་ཞེས་ནམ་ཡང་ཞུ་ཡི་ཡོད་པ་མ་རེད་དཱ། མི་སེར་ཞུས་ཞེས་ཞུ་མི་དགོས་དོན་གང་ཡིན་ཟེར་ན། བོད་མིའི་སྒྲིག་འཛུགས་ལ་ལྔ་དང་ལྔ་བཅུའི་ནང་ཆབ་སྲིད་ཀྱི་འགན་ཞིག་ཡོད་པ་རེད། གཙོ་ཆེ་ཤོས་ཀྱི་འགན་དེ་བོད་ནང་གི་བོད་མིའི་བདེ་སྡུག་དང་ཁོང་ཚོའི་མངོན་འདོད་སྒྲུབ་རྒྱུ་དེ་རེད། དེ་དང་མཉམ་དུ་བཙན་བྱོལ་དུ་ཡོད་པའི་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་བདེ་སྡུག་ལ་གཟིགས་རྒྱུ་དེ་རེད། ཕྱི་ནས་རོགས་དངུལ་གནང་ཡོང་སྐབས་བོད་པ་སྐྱབས་བཅོལ་བ་ཡོད། རོགས་དངུལ་གནང་རོགས་ཞེས་ཞུ་ཡི་ཡོད་པ་རེད། ང་ཚོ་སྐྱབས་བཅོལ་བ་ཡིན་ཞེས་རྒྱ་གར་གཞུང་དང་ཕྱི་རྒྱལ་ནས་རོགས་དངུལ་ཞུས་ཏེ། གཞིས་ཆགས་དང་སློབ་གྲྭ། སྨན་ཁང་སོགས་བཙུགས་པ་དེ་སྐྱབས་བཅོལ་བའི་ཆེད་དུ་ཡིན་ཟེར་གྱི་ཡོད་པ་རེད། ང་ཚོས་རྒྱ་གར་གྱི་མི་སེར་ཡིན་ལབ་ན་རྒྱ་གར་གཞུང་གིས་རོགས་སྐྱོར་གནང་གི་རེད། ཁྱེད་རང་ཚོས་རོགས་དངུལ་ཞུ་དགོས་པ་མི་འདུག་གཱ་ཟེར་གྱི་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་བྱེད་ས་དེ་སྐྱབས་བཅོལ་བ་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་མི་སེར་ཞུས་ཞེས་ནམ་ཡང་ལམ་སྟོན་གནང་ཐུབ་ཀྱི་མེད་སྟབས། དོ་བདག་སོ་སོས་ཐག་གཅོད་དགོས་པ་རེད། གལ་སྲིད་རྒྱ་གར་གྱི་མི་སེར་ལག་འཁྱེར་ཞུས་པ་ཡིན་ན་ཁྲིམས་ཀྱི་ཐོག་ནས་ག་འདྲ་ཆགས་ཀྱི་ཡོད་པ་རེད་ཟེར་ན། འོས་བླུགས་པའི་ལག་འཁྱེར་དེ་བཟོས་པ་ཡིན་ན་རེད། ཕྱི་སྐྱོད་ལག་འཁྱེར་བཟོས་པ་ཡིན་ནའང་རེད། དེ་བཞིན་རྒྱ་གར་མི་སེར་ཞུས་ན་ཨ་རྐྱང་རྐྱང་སྐྱབས་བཅོལ་ལག་འཁྱེར་(R.C)ཡར་བསྡུ་དགོས་ཀྱི་ཡོད་པ་དང་། དེབ་སེར་པོའང་ཡར་བསྡུ་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ང་རྒྱ་གར་ཡིན་ཟེར་གྱི་ཡོད་དུས། རྒྱ་གར་ཡིན་ཚར་རྗེས་ཁྱེད་རང་ལ་བོད་པའི་སྐྱབས་བཅོལ་ལག་འཁྱེར་དགོས་དོན་ཡོད་པ་མ་རེད། བོད་པའི་སྐྱབས་བཅོལ་ལག་འཁྱེར་དེ་ག་རེ་རེད་ཟེར་ན། ཁྱེད་རང་བོད་པ་ཡིན་ཟེར་དུས་རྒྱ་གར་ནང་བསྡད་ཆོག་པར་ཡིག་ཆ་གནང་བ་རེད། ཁྱེད་རང་རྒྱ་གར་ཡིན་ཟེར་དུས་ཡིག་ཆ་དེ་ནུས་མེད་ཕྱིན་ཚར་བ་རེད། དེ་ཐུགས་ལ་ཉར་རོགས་གནང་། ཞེས་དང་། རྒྱ་གར་གྱི་མི་སེར་ཐོབ་ཐང་ཞུས་ན་ཕན་གནོད་ཅི་ཡོད་དོ་བདག་སོ་སོས་གཟིགས་རྒྱུ་རེད་ལ། རྒྱ་གར་གྱི་མི་སེར་ཡིན་ན་ཚོང་ཆེན་པོ་རྒྱག་པ་དང་ཕྱི་རྒྱལ་དུ་འགྲོ་བ། རྒྱ་གར་གཞུང་གི་ནང་ལས་ཀ་རག་པ་བཅས་ལ་སྟབས་བདེ་རུ་འགྲོ་ཡི་ཡོད་ཀྱང་། རྒྱ་གར་གྱི་མི་སེར་ཞུས་པ་དེས་ང་ཚོ་སྐྱབས་བཅོལ་བའི་དཀའ་ངལ་རྣམས་སེལ་མི་ཐུབ་ལ། རྒྱ་གར་མི་སེར་ཆགས་པ་ཡིན་ནའང་རྒྱ་གར་མི་སེར་གྱི་གནས་སྟངས་སྤྱི་མཚུངས་ཀྱི་ཐོག་ནས་འགྲོ་དགོས་པ་རེད་མ་གཏོགས་དམིགས་བསལ་གྱི་ཐོབ་ཐང་ཞེ་དྲགས་ཤིག་རག་རྒྱུ་གང་ཡང་མེད་སྐོར་དང་། རྒྱ་གར་གྱི་མི་སེར་ཞུ་མཁན་མང་དུ་སོང་ན། རྒྱ་གར་མི་སེར་ཆགས་ན་སྐྱབས་བཅོལ་བའི་ཐོབ་ཐང་ལེན་ཆོག་གི་མ་རེད་ཟེར་བའི་སྐད་ཆ་དེ་ཤུགས་ཆེ་རུ་ཕྱིན་ཚེ། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གསལ་པོ་བཟོ་དགོས་པ་ཞིག་ཆགས་རྒྱུ་དང་། མ་འོངས་པར་གྲོས་ཚོགས་ནང་དེའི་སྐོར་སྐད་ཆ་ཡོང་དགོས་ངེས་རེད་ལ། སྲིད་བྱུས་ཀྱང་གཏན་འབེབས་བྱེད་དགོས་པ་ཞིག་དགོངས་ཀྱི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese