མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ལ་དབུ་སྐོར་ཨེ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ལོའི་ཕྱི་ཟླ་དྲུག་པའི་གྲོས་ཚོགས་སྟེང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རང་གི་བཀའ་བློན་ལྷན་ཚོགས་ཁོངས་སུ། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་མཚན་འདོན་གནང་བ་ལྟར། གྲོས་ཚོགས་ནང་གི་སྤྱི་འཐུས་ངོ་ཡོད་ ༤༣ ལས་འོས་གྲངས་ ༢༥ ཐོབ་སྟེ་མང་མོས་ཐོག་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་མ་ཟད། ཕྱི་ཉིན་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་འབུལ་ཡང་ཞུས་ཟིན་ཡང་། རྗེས་སུ་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་རང་ལོ་ ༣༥ ཧྲིལ་བོ་འཚང་མེད་པའི་གནས་ཚུལ་ཕྱི་གྱར་བྱུང་སྟབས། སྲིད་སྐྱོང་གིས་གྲོས་ཚོགས་ནང་དགོངས་སེལ་དང་སྦྲགས་ཁོང་མོ་བཀའ་བློན་ནས་ཕྱིར་འཐེན་བྱས་པ་གསལ་བསྒྲགས་གནང་།

ཟླ་འདིའི་ཕྱི་ ༢༣ ཉིན་བསྟན་འཛིན་ཟླ་སྒྲོན་རང་ལོ་ ༣༥ ཏག་ཏག་འཚང་བ་རེད། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་སྲིད་སྐྱོང་གིས་བསྐྱར་དུ་ཁོང་མོ་གྲོས་ཚོགས་ནང་ཕྱི་དྲིལ་བཀའ་བློན་དུ་མཚན་འདོན་གནང་སྐབས། ངོ་ཡོད་སྤྱི་འཐུས་ ༢༧ གྱིས་དགག་པ་བརྒྱབ་སྟེ་བཀའ་བློན་དུ་བསྐོ་ཐུབ་མེད། ཐེངས་སྔོན་མའི་དགག་པ་ལས་ཐེངས་འདིར་དགག་པ་རྒྱག་མཁན་མང་དུ་ཕྱིན་ཡོད་པ་འདིས། གྲོས་ཚོགས་འཐུས་མི་ཚོས་ཟླ་སྒྲོན་གྱི་ནོར་འཁྲུལ་ལས་ཀྱང་། སྲིད་སྐྱོང་གི་གནང་ཕྱོགས་ལ་འདོད་པ་མེད་པའི་རྣམ་འགྱུར་གསལ་བོར་བསྟན་པ་ཞིག་ཆགས་ཡོད།

ཐེངས་འདིར་བསྟན་འཛིན་ཟླ་སྒྲོན་བཀའ་བློན་དུ་བསྐོ་མ་ཐུབ་པ་དེ་ཟླ་སྒྲོན་གང་ཟག་སྒེར་ངོས་ནས་བཤད་ན། མི་ཚེའི་ནང་གི་མིང་ཆལ་དང་ཕམ་ཁ་ཆེན་པོ་ཞིག་ཡིན་ཡང་། བོད་སྤྱི་ཐོག་ནས་བཤད་ན་དྲང་བདེན་ཞིག་དང་། ཁྲིམས་སྒྲིག་ལ་བརྩི་བཀུར་ཞུས་པའི་རྒྱལ་ཁ་ཞིག་ཆགས་ཡོད། གལ་སྲིད་ཐེངས་འདིར་ཁོ་མོ་ཕྱི་དྲིལ་བཀའ་བློན་དུ་བདམས་འཐོན་བྱུང་ཡོད་ཚེ། སྐྲངས་འབུར་སྟེང་ལ་ཁུ་ཚུར་ཞེས་པའི་དཔེ་ལྟར། སྲིད་སྐྱོང་གིས་བཀའ་བློན་འོས་འདེམས་ཐུགས་གཡེང་འཐུས་ཤོར་དུ་བཏང་བའི་སྟེང་ལ། གྲོས་ཚོགས་འཐུས་མི་ཚོས་ཀྱང་རང་གིས་བཟོས་པའི་ཁྲིམས་སྒྲིག་ལ་རང་གིས་རྡོག་རོལ་བཏང་བ་ཆགས་ཡོད།

ཐེངས་འདིའི་གྱོང་གུད་ཡོད་ཚད་ཀྱི་འབབ་ས་དེ་ཤར་གླིང་ཟླ་སྒྲོན་ཆགས་སོང་། སྲིད་སྐྱོང་གི་ཧབ་བེ་ཧོབ་བེ་གནང་སྟངས་དེས་ཤར་གླིང་ཟླ་སྒྲོན་གྱི་སྤྱི་འཐུས་རྐུབ་སྟེགས་ཤོར་པ་མ་ཟད། མི་སྒེར་ལའང་འདག་ཐབས་མེད་པའི་མཚན་ཤས་བཟོས་པ་དེར་དགོངས་སེལ་ཞུ་དགོས་ཀྱང་། ཐོག་མ་སྲིད་སྐྱོང་གིས་ཁོ་མོར་བཀའ་འདྲི་གནང་སྐབས། ཁོ་མོས་མ་ཤེས་པ་ཡིན་ནམ། ཤེས་བཞིན་དུ་མ་བཤད་པ་ཡིན། གང་ལྟར། ཟླ་གསུམ་ལྷག་གིས་རང་ལོ་ ༣༥ ཧྲིལ་བོ་ལོན་མེད་པ་གསང་བ་བྱས་པ་དེས་ཐེངས་འདིའི་ནོར་འཁྲུལ་ནག་ཉེས་ཡོངས་རྫོགས་བགོ་བཤའ་བརྒྱབ་ཡོད།

སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྲིད་སྐྱོང་གིས་བསམ་བཞིན་དུ་ཤར་གླིང་ཟླ་སྒྲོན་ནག་པོ་བཟོ་ཐབས་སུ། ལས་འགུལ་འདི་བརྩམས་པ་རེད་ཟེར་བ་དེ་སྤྱི་ཚོགས་དཀྲུག་བྱེད་ཀྱི་དཀྲོགས་གཏམ་རེད་ལ། ཡང་ཁག་ཅིག་གིས། བོད་རྩིས་ལྟར་བྱས་ན་ཤར་གླིང་ཟླ་སྒྲོན་རང་ལོ་ ༣༥ འཚང་ཡོད་ཀྱང་། གྲོས་ཚོགས་ཀྱིས་བསམ་བཞིན་དུ་ཁོ་མོ་བཀའ་བློན་དུ་མ་བཏང་བ་རེད་ཟེར་བ་དེའང་དཔྱ་དངུལ་ལག་དེབ་དང་བཅའ་ཁྲིམས་གཉིས་ཀྱི་འབྲེལ་བ་ངོ་མ་ཤེས་པའི་འཆལ་གཏམ་རེད།

ཐེངས་འདིར་གནད་དོན་འདི་དང་འབྲེལ་ཏེ་གནད་དོན་གསར་པ་གཉིས་བྱུང་ཡོད་པ་ནི། སྲིད་སྐྱོང་གིས་གྲོས་ཚོགས་ལ་དབུ་སྐོར་དང་གྲོས་ཚོགས་ཀྱི་སྒྲིག་གཞི་རྩིས་ཡོད་མེད་དེ་རེད། གྲོས་ཚོགས་སྔ་མའི་སྟེང་སྲིད་སྐྱོང་གིས་བཀའ་བློན་འོས་མི་དག་མཚན་འདོན་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་སྔར་སྲོལ་ལྟར་འོས་མི་དག་གི་ལོ་རྒྱུས་འགྲེམ་དགོས་སྐོར་ཞུས་སྐབས། སྲིད་སྐྱོང་གིས་ང་ཚོས་ཞིབ་འཇུག་བྱས་ཡོད། ཡིག་ཆ་བསྔོག་ཡོད། ད་རེས་འོས་མི་འདོན་སྟངས་དེ་བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ། བཅུ་བཞི་བཅས་ཀྱི་འགྲོ་སྟངས་དང་གཅིག་པ་གཅིག་རྐྱང་ཡིན་གསུངས་ཡོད་ཀྱང་། ཐེངས་འདིར་སྤྱི་འཐུས་གཅིག་གིས་ཞིབ་འཇུག་བྱས་པར་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་འོས་མི་འདོན་སྟངས་དང་བཀའ་ཤག་སྔ་མ་དག་གི་འོས་མི་འདོན་སྟངས་གཅིག་པ་མིན་པའི་བདེན་དཔང་གྲོས་ཚོགས་སུ་ཞུས་ཡོད།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༡༠ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese