མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གནོན་ཤུགས་ལ་མགོ་བསྒུར་མི་སྲིད།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝན་ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཕན་ཚུན་བར་གྲོས་མོལ་མ་བྱུང་སྔོན་ལ་ཆ་རྐྱེན་མང་པོ་ཞིག་འདོན་གྱི་ཡོད་པ་དེ་འགོག་རྐྱེན་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

Screen Shot 2016-10-05 at 4.03.22 PM

དེ་རིང་ཨ་རིའི་གསར་དེབ་ཁང་ (Wall Street Journal) ཞེས་པའི་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་ལགས་སུ་བཅར་འདྲིའི་སྐབས་ཁོང་མོས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཐའེ་ཝན་མཚོ་འགག་གིས་རྒྱ་ནག་ལ་མགོ་སྒུར་མི་སྲིད་པ་དང་། ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཐའེ་རྒྱ་གཉིས་བར་འབྲེལ་མོལ་བྱེད་འདོད་ཡོད་སྐོར་བརྗོད་འདུག

གནས་ཚུལ་འདིའི་ནང་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་རྒྱ་གཉིས་ཀྱིས་ཕན་ཚུན་ལ་བསམ་ཤེས་གུ་ཡངས་དགོས་པའི་སྐོར་ལ་ “རྒྱ་ནག་གཞུང་གིས་དེང་གི་ཐའེ་རྒྱ་གཉིས་ཀྱི་གནས་བབ་ལ་ལོག་འགྲེལ་དང་ལོག་དཔྱད། ཡང་ན་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ཐའེ་ཝན་མཚོ་འགག་གིས་རྒྱ་ནག་ལ་མགོ་སྒུར་སྲིད་པའི་བསམ་བློ་མི་གཏོང་བའི་རེ་བ་ཡོད། དམངས་གཙོའི་སྤྱི་ཚོགས་ནང་གནོན་ཤུགས་འདི་འདྲའི་རིགས་ནམ་རྒྱུན་ཡོང་གི་ཡོད་ཅིང་། ཐའེ་ཝན་མཚོ་འགག་གི་སྲིད་འཛིན་ལས་ཁུངས་གང་གིས་ཀྱང་ཐའེ་ཝན་མི་མང་གི་བསམ་ཚུལ་ལས་ལྡོག་པའི་ཐོག་གཅོད་གང་ཡང་བྱེད་མི་ཐུབ་”ཅེས་བརྗོད་འདུག

ཐའེ་རྒྱ་གཉིས་བར་གྱི་ཚོང་འབྲེལ་སྐོར་ལ་ཁོང་མོས་ “ཐའེ་ཝན་ཕྱོགས་ནས་དེ་སྔོན་གྱི་ཁས་ལེན་ཁག་ཐག་གང་བྱུང་བ་དེར་འགྱུར་ལྡོག་མེད་ལ། ཕྱོགས་གཉིས་ཀྱི་བཟང་ཕྱོགས་ཀྱི་འབྲེལ་ལམ་ལའང་འགྱུར་ལྡོག་གང་ཡང་བྱུང་མེད། ཡིན་ནའང་ང་ཚོས་རྒྱ་ནག་གི་གནོན་ཤུགས་ལ་བསྟུན་མི་སྲིད་ལ། ང་ཚོ་དེ་སྔོན་གྱི་རྩོད་རྙོག་དང་ཁ་གཏད་ཀྱི་ལམ་དུའང་བསྐྱོད་མི་སྲིད” ཅེས་བརྗོད་འདུག

རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་འོག་ཧོང་ཀོང་གྲོང་ཁྱེར་དང་ཐའེ་ཝན་མཚོ་འགག་གཉིས་ཀྱི་གནས་བབ་ཞིབ་བསྡུར་བྱས་པའི་ཐད་ནས་ཁོང་མོས་ “ཐའེ་ཝན་མཚོ་འགག་ནི་ཧོང་ཀོང་སྲིད་འཛིན་ས་ཁུལ་དང་མི་འདྲ་བར་རང་སྲིད་རང་སྐྱོང་དང་རང་བཙན་རྒྱལ་ཁབ་ཅིག་ཡིན་མོད། འོན་ཀྱང་ཧོང་ཀོང་མི་མང་གི་མངོན་འདོད་ཀྱང་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ཡིན་པ་རེད་ ” ཅེས་བརྗོད་འདུག

ཟླ་སྔོན་མར་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་གི་མངའ་ཁུལ་ཞིག་ཡིན་ལུགས་བཤད་དེ། ཐའེ་ཝན་མཚོ་འགག་རྒྱལ་སྤྱིའི་ཚོང་ཟོག་སྐྱེལ་འདྲེན་སྒྲིག་འཛུགས་ (ICAO) ཀྱི་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་དུ་མ་བཅུག་པའི་སྐོར་ལ་ཁོང་མོས། “ང་ཚོར་སྔར་ལས་ལྷག་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད”ཅེས་བརྗོད་འདུག

རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་གྱི་བདག་དབང་རྩོད་གླེང་བྱེད་བཞིན་པའི་སྐོར་ལ་ཁོང་མོས་ “མངའ་ཁོངས་རྩོད་གླེང་བྱེད་མཁན་རྒྱལ་ཁབ་གཞན་དག་དང་འདྲ་བར། ཐའེ་ཝན་མཚོ་འགག་ཀྱང་རྒྱལ་ཁབ་སོ་སོའི་མངའ་ཁོངས་བདག་དབང་གི་གྲོས་ཆོད་ཁག་གི་ཆ་ཤས་ཤིག་ཆགས་ཡོད་སྟབས། ཐའེ་ཝན་ལའང་མངའ་ཁོངས་རྩོད་གླེང་གི་ཆ་ཤས་ལེན་དུ་འཇུག་དགོས་” ཞེས་བརྗོད་འདུག

དེ་བཞིན་ཐའེ་ཝན་མཚོ་འགག་གི་དཔལ་འབྱོར་འཚོལ་སྒྲུབ་ཐད་ལ་ཁོང་མོས་ “ཐའེ་ཝན་མཚོ་འགག་གི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སུ། ཐའེ་ཝན་གཞུང་གིས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཉོ་འཚོང་གི་མ་དངུལ་འཛུགས་སྐྲུན་དང་ཚོང་འབྲེལ་མཐོར་འདེགས་བཏང་སྟེ། ལོ་རེའི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་ ༡.༢ ཟིན་དགོས་ཀྱི་འདུག” ཅེས་དང་། ཡང་ཁོང་མོས་ “རྒྱ་ནག་གིས་ཡུལ་ལུང་གཞན་དག་དང་མཉམ་དུ་བཞག་པའི་ཚོང་འབྲེལ་གྲོས་ཆོད་མང་པོ་ཞིག་ཆབ་སྲིད་དང་འབྲེལ་བ་ཡོད་སྟབས། ཐའེ་ཝན་མཚོ་འགག་གི་ངོས་ནས་དཔལ་འབྱོར་ཁྲོམ་ར་རྒྱ་བསྐྱེད་གཏོང་ཐབས་མ་གཏོགས་ཆབ་སྲིད་རྙོག་འཛིང་ནང་ཞུགས་འདོད་མེད” ཅེས་བརྗོད་འདུག

གནས་ཚུལ་འདིའི་མཇུག་ཏུ་ལྕམ་ཚའེ་ཡེན་ཝན་ལགས་ཀྱིས་ “རྒྱ་ནག་གཞུང་གིས་ནམ་རྒྱུན་རྒྱལ་ཁབ་ཕན་ཚུན་བར་མིང་དོན་མཚུངས་པའི་གྲོས་མོལ་མ་བྱུང་སྔོན་ལ་ཆབ་སྲིད་ཀྱི་ཆ་རྐྱེན་མང་པོ་ཞིག་འདོན་གྱི་ཡོད་པ་དེ། ངས་བལྟས་ན་རྒྱལ་ཁབ་ཕན་ཚུན་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་ཡོང་བའི་འགོག་རྐྱེན་ཆེན་པོ་ཞིག་ཆགས་ཀྱི་འདུག” ཅེས་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese