མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འོས་མི།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲང་ཆེ་བྷན་ཀེ་མོན་གྱི་ལས་ཡུན་རྫོགས་ཡོད་པ་བཞིན་ཚོགས་མིའི་རྒྱལ་ཁབ་ཁག་གིས་འོས་ཤོག་འཕངས་ཏེ་སྐབས་ ༧༠ པའི་སྤྱི་ཁྱབ་དྲུང་ཆེའི་འོས་མི་ཞིག་བདམས་ཡོད་འདུག

antonio-guterresརོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་དུ། ཕོར་ཊའུ་གྷལ་ (Portugal) རྒྱལ་ཁབ་ཀྱི་སྲིད་བློན་ཟུར་བ་དང་ད་ལྟའི་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་གྷུ་ཊིར་རི་སི་ (Mr Antonio Guterres) ལགས་སུ་འོས་ཤོག་ ༡༣ དང་བར་གནས་གཉིས་བཅས་བྱུང་ཡོད་སྟབས། བདུན་ཕྲག་རྗེས་མའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་སྐུ་ཞབས་གྷུ་ཊིར་རི་སི་ལགས་ད་ལྟའི་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལས་ཐོག་སྐུ་ཞབས་བྷན་ཀེ་མོན་གྱི་ལས་ཚབ་ཏུ་བསྐོ་བཞག་བྱ་རྒྱུ་དང་། སྐུ་ཞབས་བྷན་ཀེ་མོན་ལགས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ལས་ཡུན་ཚང་ཡོད་སྟབས། ཁོང་སྲིད་སྟེགས་ནས་འབབ་རྒྱུ་ཡིན་སྐོར་སོགས་འཁོད་འདུག

སྐུ་ཞབས་གྷུ་ཊིར་རི་སི་ལགས་ཀྱིས་གསར་འགོད་པར། ང་ཚོའི་མིག་མདུན་དུ་མངོན་པའི་འགྲན་རྩོད་དང་དེང་དུས་འཛམ་གླིང་སྟེང་གི་དཀའ་རྙོག་སྣ་ཚོགས་ལ་གུས་ཞབས་ལྡན་པའི་སྒོ་ནས་གདོང་ལེན་བྱེད་དགོས་པ་དང་། གུས་ཞབས་ལ་བརྟེན་ནས་འཛམ་གླིང་སྟེང་གི་དྲང་བདེན་མིན་པའི་རྩོད་གླེང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ། འཇིགས་སྐུལ་དྲག་སྤྱོད་ཀྱི་དཀའ་རྙོག དེ་བཞིན་རྒྱལ་ཁབ་ཕན་ཚུན་བར་གྱི་ཟིང་འཁྲུག་དང་འཛམ་གླིང་མི་མང་གི་དབུལ་ཕོངས་སོགས་སེལ་ཐུབ་དགོས་སྐོར་བརྗོད་འདུག

ད་ལྟའི་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་ལས་ཐོག་སྐུ་ཞབས་བྷན་ཀེ་མོན་ལགས་ནས་སྐུ་ཞབས་གྷུ་ཊིར་རི་སི་ལགས་ཀྱིས་འབྱུང་འགྱུར་གྱི་ལས་ཡུན་ལོ་ངོ་ལྔའི་ནང་ད་ཆར་རྒྱལ་ཚོགས་ནས་ལག་བསྟར་བྱེད་བཞིན་པའི་འཛམ་གླིང་ཞི་བདེ་མཉམ་གནས་ཡོང་ཐབས་དང་། རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་ཡར་རྒྱས་གཏོང་ཐབས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ཟིང་འཁྲུག་ཁྲོད་ཀྱི་འཛམ་གླིང་མི་མང་གི་དཀའ་སྡུག་སེལ་ཐབས་བཅས་ཀྱི་ལས་འགན་མུ་མཐུད་རྒྱུན་འཁྱོངས་གནང་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག

ཨུ་རུ་སུའི་གཞུང་ཚབ་པ་སྐུ་ཞབས་ཆུར་ཀེན་ (Churkin) ལགས་ཀྱིས། སྐུ་ཞབས་གྷུ་ཊིར་རི་སི་ལགས་ནི་རྒྱལ་ཚོགས་ཀྱི་ལས་དོན་བསྒྲུབ་པའི་འཇོན་ནུས་ལྡན་པ་དང་། རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་ཁུར་ཡུན་རིང་ཁོང་འཛམ་གླིང་ཡུལ་ལུང་སོ་སོར་བསྐྱོད་དེ་ཡ་ང་བའི་དུས་ཟིང་ཞི་འཇགས་གཏོང་ཐབས་སུ་འབད་བརྩོན་བྱས་ཡོད་པ་དང་། ཁོང་གིས་མི་ཚང་མའི་བདེ་སྡུག་གི་སྐད་ཆར་ཉན་ཏེ་བཀའ་མོལ་གནང་བ་དང་། ཁོང་ནི་ཤེས་འཇོན་གཉིས་ལྡན་གྱི་ཆབ་སྲིད་པ་ཞིག་དང་ཁ་ཞེ་གཉིས་མེད་ཀྱི་གང་ཟག་ཅིག་ཡིན་སྟབས། ཁོང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འོས་མིར་བཏོན་པ་ནི་ནོར་མེད་སྐོར་བརྗོད་འདུག

ཨ་རིའི་གཞུང་ཚབ་པ་ལྕམ་ས་མན་ཐ་ཕ་ཝིར་ (Samantha Power) ལགས་ཀྱིས། སྐུ་ཞབས་གྷུ་ཊིར་རི་སི་ལགས་ནས་འཛམ་གླིང་སྟེང་གི་དཀའ་རྙོག་སེལ་ཐབས་ཀྱི་ལས་འཆར་དང་ཀུན་སློང་། བརྩི་བཀུར་སོགས་ཁོང་གི་ལོ་རྒྱུས་རྒྱབ་ལྗོངས་ལ་གཞིགས་ན། ད་ལྟའི་གཉན་འཕྲང་གི་དུས་སྐབས་འདིར་ཁོང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འོས་མིར་བཏོན་པ་དེ་ནི་འདམ་ག་ཡང་དག་ཅིག་ཡིན་སྐོར་བརྗོད་འདུག

དགུང་ལོ་ ༦༧ ལོན་པའི་སྐུ་ཞབས་གྷུ་ཊིར་རི་སི་ལགས་ནས་ཕྱོ་ལོ་ ༡༩༩༢ ནས་ ༢༠༠༢ བར་ཕོར་ཊུ་གྷལ་རྒྱལ་ཁབ་ཀྱི་སྲིད་བློན་དང་། ཕྱི་ལོ་ ༢༠༠༥ ནས་ ༢༠༡༥ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན་བཅས་ཀྱི་ལས་འགན་ཁུར་མྱོང་ཡོད་འདུག

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འོས་མི་གསར་པའི་སྐོར་ལ་འཚམས་འདྲིའི་ཞུ་ཡིག་ཅིག་ཕུལ་ཡོད་པ་དང་། གནས་ཚུལ་དེར་གསར་འགྱུར་བརྒྱུད་ལམ་ཁག་རེ་ཟུང་ནང་། ད་ལྟའི་ཆར་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེའི་འོས་མི་བཏོན་པ་མ་གཏོགས་དངོས་སུ་བསྐོ་བཞག་བྱས་མེད་སྟབས། ཁོང་ལ་བསྐོ་བཞག་གི་འཚམས་འདྲི་ཞུ་རྒྱུ་སྔ་དྲགས་པའི་གླེང་སློང་ཞིག་ཀྱང་འགྲོ་བཞིན་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འཚམས་འཕྲིན་ནང་འཁོད་དོན། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་གནང་བར་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན།   འབྱུང་འགྱུར་འཛམ་གླིང་གི་གནས་སྟངས་ཇེ་བཟང་དུ་གཏོང་ཆེད་སྒྲིག་འཛུགས་འདིས་སྣེ་ཁྲིད་དེ་ཞི་བདེ་དང་འཆམ་མཐུན་གོང་མཐོར་གཏོང་བཞིན་ཡོད། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་གནང་བར་བརྟེན་ཐུགས་འགན་ཧ་ཅང་ཆེ་བ་མ་ཟད།   ལྷག་པར་དེང་འཛམ་གླིང་ནང་གི་དཀའ་རྙོག་ལ་གདོང་ལེན་གནང་དགོས་སྟབས་སྐུ་ངལ་དེ་བས་ཆེ།

སྐུ་ཉིད་མཆོག་དེ་སྔ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་ཆེས་མཐོའི་སྐུ་ཚབ་གནང་སྐབས་མགོན་མེད་ཉམ་ཐག་རྣམས་སྲུང་སྐྱོབ་དང་ཁོང་ཚོའི་དཀའ་ངལ་སེལ་སླད་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཐུགས་ཁུར་ཧ་ཅང་ཆེན་པོའི་ཐོག་ནས་དུས་རྟག་ཏུ་འབད་བརྩོན་རྒྱ་ཆེ་གནང་བར་ང་ཚོས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། སི་རི་ཡའི་ཟིང་འཁྲུག་སྐབས་ཀྱི་སྐྱབས་བཅོལ་བ་གཙོ་གྱུར་འཛམ་གླིང་ཁྱོན་དུ་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་ཆེད་སྐུ་ཉིད་མཆོག་གིས་ལམ་སྟོན་དབུ་ཁྲིད་གནང་བ་དེས་འགྲོ་བ་མི་རིགས་ཡོངས་ལ་བག་ཆགས་བཟང་པོ་ཞིག་བཞག་ཡོད།

ངས་སྐུ་ཉིད་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་། ཉམ་ཐག་མགོན་མེད་རྣམས་ཀྱི་མགོན་སྐྱབས་ཏུ་གྲགས་པའི་མཚན་སྙན་གྱི་བ་དན་མུ་མཐུད་འདེགས་ཐུབ་པ། དེ་བཞིན་བོད་དོན་གླེང་བ་བརྒྱུད་རྒྱལ་ཚོགས་ཀྱི་ནུས་པ་དེ་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་གསལ་བའི་ཁ་ཕྱོགས་སུ་འཁྲིད་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།   ཞེས་འཁོད་ཡོད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    ཚོགས་གཙོ་མིན་པར་སྤྱི་ཁྱབ་དྲུང་ཆེ་རེད། ེ

    Reply
  2. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    མཉམའབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་ཟེར་བ་མིང་ཙམ་རེད། ཨ་རིའི་རྒྱུགས་ཁྱི་རང་ཆགས་ཀྱི་རྒྱུ་རེད། གང་ཡིན་ཟེར་ན། རྒྱལ་ཚོགས་ཀྱི་འགྲོ་གྲོན་མང་ཤོས་ཨ་རིས་གཏོང་གི་ཡོད་པས་ཨ་རིས་ཅི་བཤད་ལ་ཚོགས་གཙོས་ཕལ་ཆེར་ཉན་དགོས་རེད།

    Reply
  3. རོང་བཙན། says:
    ལོ་ 10 སྔོན།

    དྲུང་ཆེའི་འོས་མི་བདམས་པ་མ་རེད། དྲུང་ཆེ་བདམས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese