མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་སི་ཁྲོ་ལེ་ཡར་བོད་དོན་ཞུ་གཏུགས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཨོ་སི་ཁྲོ་ལེ་ཡར་ཕེབས་ཏེ་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ལ་བོད་ནང་གི་གནས་སྟངས་དང་ལྷག་དོན་པཎ་ཆེན་རིན་པོ་ཆེའི་སྐོར་ཞུ་གཏུགས་གནང་ཡོད་འདུག

IMG_0596

ཨོ་སི་ཁྲོ་ལེ་ཡའི་བོད་དོན་ལས་འགུལ་ལྷན་ཁང་གིས་སིད་སུ་གནས་བཞུགས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཆེད་དུ་གདན་ཞུས་པ་ལྟར། ཟླ་འདིའི་ཚེས་ ༩ཉིན་ཨོ་སི་ཁྲོ་ལེ་ཡའི་སེད་ནེ་གྲོང་ཁྱེར་གྱི་གནམ་ཐང་དུ་འབྱོར་སྐབས།  བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་དང་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས། སྤྱི་ཟུར་སྒྲོལ་དཀར་སྐྱབས་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཚེས་ ༡༡ ནས་ཚེས་ ༡༢ བར་ཉིན་རིང་ཨོ་སི་ཁྲོ་ལེ་ཡའི་རྒྱལ་ས་ཁམ་བྷེ་ར་ནས་གཞུང་གི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་གི་སྡེ་ཚན་གྱི་འགན་འཛིན། དེ་བཞིན། གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི་ཁག་ཅིག་བཅས་ལ་ལ་ཐུག་འཕྲད་གནང་སྟེ། ཁོང་རྒྱ་གཞུང་གི་བཙོན་འོག་ཏུ་ཚུད་པའི་མྱོང་ཚོར་དང་འབྲེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ཆོས་ལུགས་དད་མོས་རང་དབང་ཡོད་མེད། ད་ལྟའི་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སོགས་ཞུ་གཏུགས་གནང་ཡོད་འདུག

ལས་དོན་འདིའི་སྐོར་ལ་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་བརྗོད་དོན། ཨོ་སི་ཁྲོ་ལེ་ཡའི་གཞུང་དང་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་ད་ལྟའི་བོད་ནང་གི་གནས་སྟངས་འགྲེལ་བཤད་ཀྱི་སྡིངས་ཆ་ཞིག་བསྐྲུན་པ་ཡིན། གང་ཡིན་ན་ཟེར་ན། ད་སྐབས་ཨོ་སི་ཁྲོ་ལེ་ཡའི་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གཞུང་གི་ཤུགས་རྐྱེན་ཆེན་པོ་སླེབ་ཀྱིན་ཡོད་རེད། དཔེར་ན། ཆབ་སྲིད་ཚོགས་པ་ཁག་དང་། སློབ་གྲྭ་ཆེན་མོ་ཁག གསར་འགྱུར་བརྒྱུད་ལམ་ཁག དེ་བཞིན། ཨོ་སི་ཁྲོ་ལེ་ཡའི་གཞུང་དང་གྲོས་ཚོགས་གོང་འོག་གི་འཐུས་མི་སོགས་ལ་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་སོང་ཆེན་པོ་བཏང་ནས་བོད་ཀྱི་གནད་དོན་ཐད་ལ་འཁྱོག་བཤད་བྱེད་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་ཀྱང་བདེན་པ་གང་ཡིན་པ་དེ་རྒྱུ་མཚན་ཡང་དག་གི་སྒོ་ནས་ཁུངས་སྐྱེལ་དགོས་པ་ཧ་ཅང་གི་གལ་ཆེན་པོར་མཐོང་སྟེ། མགོ་ལོག་འཇིགས་མེད་ལགས་གདན་འདྲེན་ཞུས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བཤད་བརྒྱབ་ཡོད་པ་རེད། ཅེས་བརྗོད་སོང་།

མགོ་ལོག་འཇིགས་མེད་ལགས་སུ་ཨོ་གླིང་ལ་ཞུ་གཏུགས་གནང་བའི་མྱོང་ཚོར་དྲིས་པར་ཁོང་གིས་གསུངས་དོན། ཚེས་ ༡༡ ཉིན་ཨོ་སི་ཁྲོ་ལེ་ཡའི་གཞུང་གི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་གི་སྡེ་ཚན་གྱི་འགན་འཛིན་དང་དྲུང་ཆེ་སོགས་ལ་མཇལ་འཕྲད་ཞུས་ཏེ། ང་རང་ལ་རྒྱ་གཞུང་གིས་ལུས་སེམས་གཉིས་ལ་མནར་གཅོད་གཏོང་སྟངས་སྐོར་ནས་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས། རྒྱ་གཞུང་གི་འོག་ནས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་དང་ཆོས་ལུགས་དད་མོས་རང་དབང་མེད་སྐོར།འཛུགས་བསྐྲུན་དང་ཡུལ་སྐོར་སྤྲོ་འཁྱམ་ལ་ཁ་གཡར་ནས་བོད་ཀྱི་ཁོར་ཡུར་གཏོར་བཅོམ་བཏང་དང་གཏོང་བཞིན་པའི་གནས་བབ། དམིགས་བསལ་ཕྱི་ལོ་ ༡༩༨༦ ལོར་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ཨོ་སི་ཁྲོ་སི་ལེ་ཕེབས་ཏེ་བོད་དང་ཨོ་གླིང་གཉིས་ཀྱི་བར་ལ་མཛའ་འབྲེལ་ཧ་ཅང་ཡག་པོ་བྱུང་ཡོད་རེད་དེ། རྒྱ་གཞུང་གིས་བཙོན་དུ་བཅུགས་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་ལ་ཨོ་སི་ཁྲོ་ལ་ཡའི་གཞུང་གི་ངོས་ནས་ཐུགས་འགན་ག་ཚོད་བཞེས་ཀྱི་ཡོད་མེད་སྐོར་ནས་དྲི་བ་དྲིས་པ་ཡིན་ལ། དེང་སང་དཔལ་འབྱོར་གྱི་ཕྱོགས་ནས་རྒྱ་ནག་དང་མཉམ་འབྲེལ་བྱེད་དགོས་རུང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། འདྲ་མཉམ་སོགས་རྩིས་མེད་རྡོག་རོལ་དུ་བཏང་ནས་རྒྱ་གཞུང་གི་དཔལ་འབྱོར་བསླུ་བྲིད་འོག་མི་ཚུད་པའི་འབོད་སྐུལ་ཞུས་ཡོད། ལྷག་པར་དེང་སང་རྒྱ་གཞུང་གིས་གཏོར་བཅོམ་གཏོང་བཞིན་པའི་གསེར་རྟ་བླ་རུང་སྒར་ཆེན་གྱི་ཛ་དྲག་གི་གནས་བབ་སོགས་ཀྱི་ཐད་ནས་ཞུ་གཏུགས་གནང་ཡོད་སྐོར་གསུངས་སོང་།

གཞན་ཡང་མགོ་ལོག་འཇིགས་མེད་ལགས་ཚེས་ ༡༣ ཉིན་ཨོ་སི་ཁྲོ་ལེ་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་ལ་མཇལ་འཕྲད་ཞུས་པ་དང་ཆབས་ཅིག་རྒྱལ་ས་ཁམ་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་བོད་མི་རྣམས་ལ་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང་། ཡུལ་སྐོར་གྱི་ལྟེ་གནས་ཆེ་གྲས་རི་སྔོན་པོ་ཟེར་བའི་ས་གནས་དེར་བཞུགས་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རྣམས་ལ་ཚེས་ ༡༤ ཉིན་གསུང་བཤད་གནང་རྒྱུ་རེད་འདུག ཚེས་ ༡༥ ཉིན་གཟའ་སྤེན་པ་ལ་སེད་ནེ་གྲོང་ཁྱེར་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུའི་ལས་རིམ་འདུག

གནས་ཚུལ་གཏོང་མཁན་རྨེའུ་དཀོན་རྒྱམ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese