མཚོ་སྔོན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ཚད་རིམ་ ༦.༤ ཅན་གྱི་ས་ཡོམ་བྱུང་སྟེ། ཡུལ་མིའི་སྡོད་ཁང་དང་ཕྱུགས་ཟོག་ལ་གནོད་པ་བྱུང་ཡོད་སྐོར་བརྗོད་འདུག

དེ་རིང་ཕྱི་དྲོར་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཤུལ་ཡུལ་ཁུལ་རྫ་སྟོད་རྫོང་ (Zadoi) དུ་ཚད་རིམ་ ༦.༤ ཅན་གྱི་ས་ཡོམ་བྱུང་སྟེ། ས་ཁུལ་དེའི་སྡོད་ཁང་དང་མི་ཟོག་ལ་གོད་ཆག་བྱུང་སྐོར་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག ཐེངས་འདིའི་ས་ཡོམ་གྱི་ཁྱབ་ཚད་ལ་སྤྱི་ལེ་ ༣༢ དང་གཏིང་ཚད་ལ་མེ་ལི་ ༢༠ ཡོད་འདུག
གནས་ཚུལ་འདིའི་ནང་ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་ ༤ བར་ཡུལ་ཤུལ་ཁུལ་དུ་ཚད་རིམ་ ༦.༩ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཡུལ་མི་ ༢༧༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)