མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་གནས་ཚུལ་ག་འདྲ་ཞིག་ཡིན་ཡང་སྐར་ཆ་ཁ་ཤས་ནང་རྩིས་འཕྲུལ་ནས་བལྟ་ཐུབ་པ་བཟོ་ཡི་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་རྣམས་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་གཅིག་པ་དབུ་འཛུགས་ཐོག་སྲིད་སྐྱོང་མཆོག་ནས་ཁ་ཤུགས་ཆུང་ཞིང་བོད་མིའི་སྒྲིག་འཛུགས་ལ་ཤ་ཞེན་བརྩི་བཀུར་ཡོད་མཁན་གྱི་ཉམ་ཐག་རྣམས་ངེས་པར་དུ་ཉམ་ཐག་ལྟ་སྐྱོང་ནང་ཚུད་ཐབས་དགོས་སྐོར་གསུངས་སོང་།

IMG_1998དེ་རིང་སྔ་དྲོའི་ཆུ་ཚོད་༩ པ་ཙམ་གྱི་ཐོག་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་ས་གནས་མགོ་འཛིན་རྣམས་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ པ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་ཕྱག་རོགས་བཀའ་བློན་རྣམ་པ་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གཞིས་ཆགས་ཁག་ ༤༥ ནས་ས་གནས་མགོ་འཛིན་དང་ས་གནས་མགོ་འཛིན་གྱི་འཐུས་ཚབ། དེ་བཞིན་ལྷོ་གཞིས་གྲོས་སྟོན་པ་བཅས་ཁྱོན་ཚོགས་ཞུགས་པ་ ༤༣ འཛོམས་འདུག

IMG_2010 ཚོགས་ཆེན་དབུ་འབྱེད་ཐོག་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། ཨ་རིའི་རོགས་རམ་ཐེབས་རྩ་ཁང་ (USAID)བརྒྱུད་ཨ་སྒོར་ས་ཡ་ ༢༣ གྱི་རོགས་དངུལ་རག་ཡོད་པའི་ནང་ནས་ནང་སྲིད་ལས་ཁུངས་ལ་བརྒྱ་ཆ་ ༢༦ ཡོད་པ་དང་། རོགས་དངུལ་དེའི་ནང་གཞིས་ཆགས་ཁག་གི་སོ་ནམ་ཡར་རྒྱས་གཏོང་བའི་ལས་གཞི་ཡོད་པ་དང་། དེ་བཞིན་བོད་པ་བཙན་བྱོལ་དུ་བསླེབས་ནས་ལོ་ལྔ་བཅུ་ལྔ་གྲངས་ཤིག་ཕྱིན་ཡོད་ཀྱང་། ལས་ཁུངས་ནང་(Data base)ལོ་རྒྱུས་ཆ་ཚང་བ་ཞིག་སུ་གཅིག་གིས་ཀྱང་ཉར་ཐུབ་ཀྱི་མེད་པ་དང་། ནང་སྲིད་ལས་ཁུངས་ལྟ་བུར་ཆ་བཞག་ན། སྦེལ་ཀོབ་ཀྱི་དགོན་སྡེ་གྲྭ་ཚང་ཞིག་གི་ལོ་རྒྱུས་ཤེས་དགོས་ན་ལོ་མང་པོའི་ལས་བསྡོམས་བསྔོག་སྟེ་ལྟ་དགོས་པ་དང་། ཡང་ན་ས་གནས་སུ་ཁ་པར་བརྒྱབ་སྟེ་དེའི་སྐོར་ལ་གནས་སྟངས་ག་འདྲ་ཆགས་ཡོད་པ་རེད་ཅེས་སྐད་ཆ་འདྲི་དགོས་པ་དང་། ཉིན་ལྔ་དྲུག་འགོར་བའི་རྗེས་སུ་གཞི་ནས་གནས་ཚུལ་ཞིག་སླེབ་ཡོང་གི་ཡོད་ཀྱང་། གནས་ཚུལ་དེ་ཡང་འདས་པའི་ལོ་གཅིག་གཉིས་ཀྱི་ལས་བསྡོམས་དང་བསྡུར་ན་མཐུན་དང་མ་མཐུན་གྱི་གནས་ཚུལ་དེ་འདྲ་མང་པོ་ཡོང་གི་ཡོད་པ་དང་། ལས་ཁུངས་ནང་དུ་འཛམ་བུ་གླིང་གི་ལོ་རྒྱུས་ཆ་ཚང་ཞིག་ང་ཚོས་ཉར་ཐུབ་ཀྱི་མེད་ཀྱང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དགོས་པའི་གནས་ཚུལ་རིགས་ཆ་ཚང་བ་ཞིག་ཉར་དགོས་ཀྱི་ཡོད་ནའང་། ཤེས་རིག་ལས་ཁུངས་ལ་ཤེས་ཡོན་དང་འབྲེལ་བའི་སློབ་ཕྲུག་གི་གནས་སྟངས་སྐོར་གང་ལ་གང་འཚམ་གྱིས་(Data base)ཡོད་པ་མ་གཏོགས། བོད་མིའི་སྒྲིག་འཛུགས་ནང་ཆ་ཚང་བ་ཞིག་ཉར་ཐུབ་མཁན་ཕལ་ཆེར་ཡོད་པ་མ་རེད་དྲན་གྱི་འདུག་པས། དེང་སང་དུས་རབས་ཉེར་གཅིག་པའི་ནང་ལས་ཀ་མང་པོ་ཞིག་འཕྲུལ་ཆས་ལ་བརྟེན་ནས་བྱེད་དགོས་ཀྱི་ཡོད་པ་དང་། ང་ཚོའི་ལོ་རྒྱུས་དགོས་པའི་རིགས་དེ་ཆ་ཚང་བ་ཞིག་ཁྱོན་ནས་བསླེབ་མ་ཐུབ་པ་དང་། ཡོད་པ་དེའང་ཆ་ཚང་བ་ཡོད་པ་མ་རེད། དཔེར་ན་སྦེལ་ཀོབ་གཞིས་ཆགས་ལྟ་བུར་ཆ་བཞག་ན། གྲྭ་ཚང་ཞིག་གི་གནས་ཚུལ་ཤེས་དགོས་ན་གྲྭ་ཚང་དེར་དགེ་འདུན་པ་ག་ཚོད་ཡོད་པ་དང་། དེའི་ནང་ཧི་མ་ལ་ཡའི་མི་རིགས་ག་ཚོད་ཡོད་པ། སྐྱ་སེར་ཕོ་མོ་ག་ཚོད་དང་ལོ་ཚད་གང་ནས་གང་བར་དུ་མི་གྲངས་ག་ཚོད་ཡོད་པ། དེ་བཞིན་བསླབ་པ་སློབ་གཉེར་གྱི་གནས་སྟངས་ག་འདྲ་ཆགས་བསྡད་ཡོད་པ་དང་། ལྷག་པར་དུ་དགེ་བཤེས་ཐོན་ཏེ་སྤྱི་ཚོགས་ནང་ཞབས་ཞུ་ཞུ་མཁན་ག་ཚོད་ཡོད་སོགས་ལྟ་དགོས་ཀྱི་ཡོད་ན། རྩིས་འཕྲུལ་ནང་མནན་པ་ཙམ་གྱིས་གནས་ཚུལ་ཆ་ཚང་བ་ཤེས་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་དང་། ད་ལྟའི་བར་དེའི་ཐོག་དབུས་ས་གཉིས་ནས་ནུས་པ་ཤུགས་ཆེན་པོ་འདོན་ཐུབ་མེད་སྟབས། ད་ལོར་ཨ་རིའི་རོགས་དངུལ་རག་ཡོད་པ་དེའི་ནང་(Data base)ཚད་དང་ལྡན་པ་ཞིག་སྟེ། བཙན་བྱོལ་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་ནང་སྲིད་ལས་ཁུངས་དང་འབྲེལ་བའི་དགོན་སྡེ་གྲྭ་ཚང་གི་གནས་ཚུལ་སོགས་གནས་ཚུལ་ག་འདྲ་ཞིག་ཤེས་དགོས་ཀྱི་ཡོད་ནའང་སྐར་ཆ་ཁ་ཤས་ནང་རྩིས་འཕྲུལ་ནས་ལྟ་ཐུབ་པ་ཞིག་བཟོ་བའི་ལས་གཞི་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས། ༧གོང་ས་མཆོག་དགུང་ལོ་ཧ་ཅང་མཐོན་པོར་ཕེབས་ཡོད་པ་དང་། བོད་ནང་གི་གནས་སྟངས་ཀྱང་གང་འཚམ་ཛ་དྲག་ཆགས་བསྡད་ཡོད་སྟབས། ང་ཚོ་ཞོགས་པ་ཆུ་ཚོད་ ༩ པའི་ཐོག་ལས་ཁུངས་སུ་ཡོང་སྟེ་ཕྱི་དྲོ་ཆུ་ཚོད་ ༥ པ་ཟིན་ན། འཆར་ཅན་གྱི་ལས་ཀ་འདྲ་པོའི་ཐོག་སྣང་བ་དག་ནས་ལོག་འགྲོ་བ་དེ་རྩ་བ་ནས་ཏག་ཏག་བསྡད་ཀྱི་མེད་པར་བརྟེན། ད་ལྟ་མི་རྙིང་པས་བསམ་བློ་གསར་པ་ཞིག་བཏང་སྟེ་ལས་དོན་རྣམས་སྔར་ལྷག་ཚགས་ཚུད་དུ་གཏོང་བར་ངེས་པར་དུ་དགོངས་པ་བཞེས་དགོས་སྐོར་དེ་སྔོན་སྐུལ་མ་ཐེངས་འགར་ཞུས་ཡོད་པ་དང་། དེ་རིང་ས་གནས་མགོ་འཛིན་རྣམ་པ་ལའང་སྔར་ལྷག་ལས་དོན་ཐོག་དཀའ་ལས་བརྒྱབ་སྟེ། མ་འོངས་ལོ་ལྔའི་ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཞེ་དྲགས་ཤིག་སྟོན་རྒྱུ་མེད་པ་ཡིན་ནའང་། འདས་པའི་ལོ་ ༣༠ དང་ ༤༠ ཡི་གནས་བབ་དང་མ་འདྲ་བའི་ལས་ཀ་བྱེད་དགོས་པའི་གནས་སྟངས་ཤིག་ཏན་ཏན་ཆགས་ཡོད་སྐོར་གསུངས་སོང་།

IMG_2021དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་སྐབས་ ༡༥ པའི་ལྔ་དང་ལྔ་བཅུའི་དམིགས་སྒོའི་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་ཁོང་གིས། ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གོང་སྤེལ་གཏོང་དགོས་པ་རེད་ཟེར་དུས་ས་གནས་ས་ཐོག་ལ་འགན་ཆེན་པོ་ཞེ་དྲགས་ཡོད་ཀྱང་། ཉེ་བའི་འཆར་ཉུང་ཤས་ཤིག་ཡིན་ཡང་གཞིས་ཆགས་ཁག་གི་ནང་བོད་པའི་སློབ་གྲྭ་ཡོད་བཞིན་དུ་སོ་སོའི་ཕྲུ་གུ་རྒྱ་གར་གྱི་དབྱིན་ཇིའི་སློབ་གྲྭ་ནང་གཏོང་བའི་དར་སོ་ཞིག་ཆགས་ཀྱི་ཡོད་པ་དང་། གཞིས་ཆགས་ཁག་ཏུ་ཕྱིན་སྐབས་ནང་མི་དེ་འདྲར་ཕྲུ་གུ་དབྱིན་ཇིའི་སློབ་གྲྭར་ག་རེ་བྱས་ནས་གཏོང་གི་ཡོད་ཅེས་སྐད་ཆ་འདྲི་སྐབས། ཁྱིམ་མཚེས་ཀྱི་ཕྲུ་གུ་དབྱིན་ཇིའི་སློབ་གྲྭར་གཏོང་གི་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་སྤུན་མཆེད་ཚོས་ཕྲུ་གུ་དབྱིན་ཇིའི་སློབ་གྲྭར་གཏོང་ཟེར་གྱི་འདུག་ཅེས་བརྗོད་བྱུང་། རྒྱ་གར་ནང་གི་དབྱིན་ཇིའི་སློབ་གྲྭ་སྙན་གྲགས་ཆེ་ཤོས་(Woodstock)དང་། (Kodaikanal)ལྟ་བུར་ཕྱིན་པ་ཡིན་ན་དངོས་གནས་གནས་ཚད་མཐོ་བོ་རེད་ཅེས་ལབ་ན་འགྲིག་གི་ཡོད་ཀྱང་། གཞིས་ཆགས་འགྲམ་གྱི་དབྱིན་ཇིའི་སློབ་གྲྭ་རྣམས་བོད་པའི་གཞིས་ཆགས་ནང་གི་སློབ་གྲྭ་དང་བསྡུར་ན། གཞིས་ཆགས་ཀྱི་སློབ་གྲྭ་རྦད་དེ་ཡག་པོ་ཡོད་ལ། བོད་པའི་སློབ་གྲྭ་ཁག་ནང་བརྒྱ་ཆ་ ༩༠ ལེན་མཁན་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་བརྒྱ་ཆ་ ༧༥ ལེན་མཁན་སློབ་ཕྲུག་ ༡༢༧ དང་། ༢༠༡༤ ལོར་ ༣༢༦། ༢༠༡༥ ལོར་ ༤༢༡ བཅས་ལོ་བཞིའི་ནང་བརྒྱ་ཆ་ ༢༥༠ འཕར་ཡོད་སྟབས། དབྱིན་ཇིའི་སློབ་གྲྭར་བཏང་བ་ཡང་བརྒྱ་ཆ་བརྒྱད་ཅུ་དང་དགུ་ཅུ་ལས་ལྷག་ལེན་རྒྱུ་མེད་ལ། བོད་པའི་སློབ་གྲྭར་བཏང་ན་འགྲོ་སོང་ཡང་ཆུང་བ་ཡོད་པ་རེད། སུད་ཚོང་རྒྱག་སྐབས་ད་ལོར་གནམ་གཤིས་ཡག་པོ་མི་འདུག་པས་ཕྲུ་གུའི་སློབ་ཡོན་སྤྲོད་ཐུབ་ས་མ་རེད་ཅེས་དབྱིན་ཇིའི་སློབ་གྲྭར་འབུམ་མང་པོ་སྤྲད་དེ་སེམས་ཁྲལ་བྱེད་པ་ལས། བོད་པའི་འབྲས་ལྡ་ལིའི་སློབ་གྲྭར་བཏང་སྟེ་སློབ་སྦྱོང་ཡག་ཐག་ཆོད་དང་། དེའི་ཐོག་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་དགོས་པ་དེ་དཔེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

ཡང་ཉམ་ཐག་ལྟ་སྐྱོང་ནང་ཁ་ཤུགས་ཆུང་ཞིང་བོད་མིའི་སྒྲིག་འཛུགས་ལ་བརྩི་བཀུར་ཤ་ཚ་ཡོད་མཁན་གྱི་ཉམ་ཐག་རྣམས་ངེས་པར་དུ་ཚུད་ཐུབ་པ་དགོས་སྐོར་ཁོང་གིས། ཉམ་ཐག་ཚོགས་ཆུང་གི་ཆེད་བསྐོས་ལས་བྱེད་གཉིས་ཀྱིས་ཉམ་ཐག་ཡོད་པའི་ས་གནས་ས་ཐོག་ཏུ་སྐོར་སྐྱོད་བྱེད་ཀྱི་ཡོད་པ་ལྟར། ཉེ་སྔོན་ཆེད་བསྐོས་ལས་བྱེད་གཉིས་ཀྱིས་དྷ་རམ་ས་ལ་ཁུལ་དུ་སྐོར་སྐྱོད་བྱས་ཡོད་པ་དང་། ཁོང་གཉིས་ཀྱིས་ཕྱི་རྒྱལ་ཏུ་ཉིན་རེར་ཨ་སྒོར་ ༡ གི་ཡོང་འབབ་མེད་ན་ཉམ་ཐག་ཏུ་རྩི་སྟངས་ལྟར་བྱས་ན། བོད་པའི་སྤྱི་ཚོགས་ནང་ཧ་ལམ་ཉམ་ཐག་མེད་པ་དང་། ད་ལྟ་ཁྱོན་ཉམ་ཐག་ ༤༠༠༠ ཡོད་པའི་ནང་ནས་ཆིག་སྟོང་ཙམ་མ་གཏོགས་ ༣༠༠༠ ཚུད་ཀྱི་མེད་སྐོར་བརྗོད་ཡོད་ནའང་། ད་ལྟ་ཡོད་པའི་ཉམ་ཐག་ཁོངས་སུ་སྐྱག་རྫུན་བཤད་མཁན་བརྒྱ་ཆ་ ༥ དང་ ༡༠། ༡༥ ཙམ་མ་གཏོགས་བརྒྱ་ཆ་ ༨༠ དང་ ༩༠ ཕལ་ཆེར་ཉམ་ཐག་ཁོངས་བཅུག་ན་འགྲིག་བསྡད་ཡོད་པ་རེད། ཡིན་ནའང་། ཉམ་ཐག་གསར་པ་སུ་ཚུད་ཀྱི་མི་འདུག་ཟེར་ན། ཉམ་ཐག་ཁ་ཤུགས་ཆུང་བ་དང་ངོ་ཚ་ཅན་ཟེར་ན་རེད། བོད་མིའི་སྒྲིག་འཛུགས་ལ་ཤ་ཞེན་དང་བརྩི་བཀུར་ཡོད་མཁན་གྱི་ཉམ་ཐག་རྣམས་ཚུད་ཀྱི་མེད་པས་དེ་ཚོ་ཡིན་གཅིག་མིན་གཅིག་གིས་ཚུད་དགོས་ཀྱི་ཡོད་པ་རེད། ཁ་ཤུགས་ཆེ་བ་རྣམས་ལྟ་སྐྱོང་ནང་ཚུད་པ་དང་ཁ་ཤུགས་ཆུང་བ་རྣམས་མ་ཚུད་པ་ཡིན་ན་ཆོས་ཕྱོགས་ནས་ཡིན་ན་རེད། སྒྲིག་འཛུགས་ཀྱི་ཐོག་ནས་ཡིན་ནའང་རེད་འགན་འཁུར་ཐུབ་མེད་སྐོར་དང་། དེ་བཞིན་གཞིས་ཆགས་ཁག་གི་ཤེས་ཡོན་དང་དཔལ་འབྱོར། འཕྲོད་བསྟེན་སོགས་ཡར་རྒྱས་གོང་སྤེལ་ཆེད་བཀའ་ཤག་ནས་གཞིས་ཆགས་ཁག་ནང་སྤོ་ལོ་རྩེད་ཐང་དང་ལུས་རྩེད་ཁང་(GYM)། དེ་བཞིན་དཔེ་མཛོད་དང་ཇ་ཁང་སོགས་འཛུགས་འཆར་ཡོད་པ་ལྟར། མི་འབོར་གང་འཚམ་མང་པོ་ཡོད་པའི་ས་གནས་ཁག་ནས་ལས་འཆར་ཡག་པོ་བཟོས་ཡོང་ན་འགྲོ་གྲོན་ཐོག་རོགས་རམ་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

ཚོགས་ཆེན་གྱི་ཉིན་གྲངས་བཞིའི་ལས་རིམ་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཚོགས་ཞུགས་པ་རྣམས་ལ་མགོ་འཁྲིད་ཀྱི་གོ་དབང་སྐོར་དང་། དབུ་མའི་ལམ་གྱི་ལྟ་གྲུབ་སྐོར་ལ་གསུང་བཤད་གནང་རྒྱུ་དང་། དེ་བཞིན་ཚོགས་ཞུགས་པ་རྣམས་ནས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་བཀའ་བསྡུར་གནང་བཞིན་ཡོད་པ་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་སྤྱི་ཁྱབ་འཆར་འགོད་པ་དཀོན་མཆོག་བརྩོན་འགྲུས་ལགས་ནས་ལས་མིའི་ནུས་སྟོབས་ཀྱི་གྲངས་ཐོ་དང་གཅིག་སྡུད་ཡར་རྒྱས་འཆར་གཞིའི་སྐོར་ལ་གོ་རྟོགས་སྤེལ་བ། ས་གནས་ཁག་གི་འཛིན་གཞིས་དང་བདེ་དོན། སོ་ནམ། མཉམ་འབྲེལ། འཆར་ཚན། རྩིས་ཁང་སོགས་ནས་སྐར་མ་ ༡༥ རེར་ལས་དོན་དང་འབྲེལ་བའི་ལམ་སྟོན་གསལ་བཤད་གནང་རྒྱུ་དང་། གཞན་ཡང་། འཕྲོད་བསྟེན་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས། དུས་དབང་སྡོད་གུར་གོ་སྒྲིག་ཚོགས་ཆུང་བཅས་ལ་ཆུ་ཚོད་ཟུར་འཇོག་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

སྐར་མ ༢༨ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

སྐར་མ ༤༧ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 2

  1. ཚེ་དབང་རྣམ་རྒྱལ། says:
    ལོ་ 9 སྔོན།

    ཉམ་ཐག་ཞིབ་འཇུག་གམ་ཐོ་བཀོད་སྐབས་གཞིས་གྲོང་ངམ་ས་གནས་སོ་སོའི་ཉམ་ཐག་དངོས་གནས་ཚོས་ཐོ་བཀོད་མ་ལུས་པ་གནང་རྒྱུ་ཤིན་ཏུ་གལ་ཆེའོ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    ཚོགས་ཕེབས་ཡོངས་ལ་དགའ་བསུའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་གི་ཡོད་ལ་ས་གནས་མི་མང་གི་མངོན་འདདོ་དང་མཐུན་པའི་ལས་འཆར་བཀོད་སྒྲིག་ཐུབ་པའི་ཡིད་ཆེས་དང་རེ་བ་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese