མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་མི་ཚོང་པ་ཚོས་བོད་མི་སུད་ཚོང་པའི་ཁྲོམ་ར་གཏོར།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཧ་རི་ཡ་ནའི་བྷ་ར་ཌུར་གྷར་ནང་ཡོད་པའི་བོད་མི་སུད་ཚོང་པའི་ཁྲོམ་རར་ཡུལ་མི་ཚོང་པ་ཚོས་གཏོར་བཤིག་བཏང་ཡོད་པར་བརྟེན་ཉེན་རྟོག་པས་ཁྲོམ་ར་གཏོར་མཁན་ཁག་ཅིག་འཛིན་བཟུང་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་འདུག

14671168_1110238112406946_7359381251590028025_nཁ་སང་ཕྱི་ཚེས་ ༡༨ ཉིན། རྒྱ་གར་གྱི་མངའ་སྡེ་ཧ་རི་ཡ་ནའི་བྷ་ཧ་ཌུར་གྷར་(Bahadurgarh)གྲོང་ཁྱེར་གྱི་ཡུལ་མི་ཚོང་པ་མང་པོ་ཞིག་མཉམ་རུབ་ཀྱིས། བོད་མི་སུད་ཚོང་པ་ཚོས་ས་གནས་དེར་དགུན་དུས་ཀྱི་ཁྲོམ་ར་རྒྱག་བཞིན་པར་གཏོར་བཤིག་བཏང་ཡོད་སྟབས། ས་གནས་ཉེན་རྟོག་པས་ཁྲོམ་རར་གཏོར་བཤིག་གཏོང་མཁན་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཡུལ་མི་ཚོང་པ་དེ་ཚོས་བོད་མིའི་ཁྲོམ་རར་གཏོར་བཤིག་བཏང་ཡོད་པ་མ་ཟད། སྐྱེས་པ་ཞིག་ལ་རུབ་འཛིང་བྱས་པ་དང་བར་ཕྱེ་མཁན་བུད་མེད་དང་བྱིས་པ་ལའང་གཅར་བརྡུང་བཏང་ཡོད་སྐོར་བརྗོད་འདུག

རྒྱ་གར་གྱི་(Tribune India)དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་ཁྲོམ་ས་དེར་ས་གནས་རྫོང་ཚོང་རའི་ལྷན་ཚོགས་ནས་ཆོག་མཆན་ཐོབ་ཡོད་ཀྱང་། ཡུལ་མི་ཚོང་པ་ཚོས་དང་པོར་བོད་མིའི་ཁྲོམ་སའི་འགྲམ་དུ་ངོ་རྒོལ་བྱས་ཡོད་པ་དང་། དེ་ནས་གནས་སྐབས་རིང་བཟོས་པའི་བོད་མིའི་ཁྲོམ་རར་གཏོར་བཤིག་བཏང་ཡོད་པར་བརྟེན། ས་གནས་ཉེན་རྟོག་པས་ངོ་རྒོལ་བ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་དང་། ས་གནས་ཉེན་རྟོག་ཁང་གི་དཔོན་པོ་(Vishnu Prasad)ལགས་ཀྱིས་གསར་འགོད་པར། གནད་དོན་དེ་མི་མང་མཉམ་རུབ་ཀྱིས་ཟིང་འཁྲུག་བསླངས་བ་དང་། མི་ལ་གནོད་འཚེ་དང་གཞན་གྱི་ཅ་དངོས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་འདྲི་རྩད་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་འདུག

https://tibettimes.net/wp-content/uploads/2016/10/TibetTimes.mp4

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མིའི་སུད་ཚོང་ཚོགས་པའི་འགན་འཛིན་ཀརྨ་དགེ་ལེགས་ལགས་སུ་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་པར། ས་གནས་ཀྱི་རྒྱ་གར་ཚོང་པ་ཉི་ཤུ་སུམ་ཅུ་ཞིག་ས་གནས་བོད་མིའི་ཁྲོམ་སར་ཡོང་སྟེ་ལྕགས་ཤོག་ཁང་པ་ཚང་མར་གཏོར་བཤིག་བཏང་ཡོད་ཀྱང་། ཕན་ཚུན་ལ་ཕུད་རྒྱག་གཏོང་རེས་བྱས་པ་ཙམ་ལས་ལག་པ་བཀྱགས་མེད་སྐོར་དང་། ཁྲོམ་སར་གཏོར་བཤིག་བཏང་རྗེས་ས་གནས་སྐོར་སྲུང་བར་གནས་ཚུལ་ཡར་ཞུ་བྱས་ཏེ་རྒྱ་གར་བ་བཅོ་ལྔ་ཉི་ཤུ་ཞིག་འཇུས་ཡོད་པ་དང་། ད་ལྟའི་ཆར་མི་ག་ཚོད་ཅིག་བཀག་ཉར་འོག་ཡོད་མེད་གསལ་པོ་ཤེས་མེད་པ་དང་། ས་གནས་རྒྱ་གར་གཞུང་གིས་བོད་མི་ཚོས་ས་ཆ་དེར་ཁྲོམ་བསྟན་ཆོག་པའི་ཆོག་མཆན་ཡོད་ཀྱང་ཡུལ་མི་ཚོང་པ་ཚོས་དགའ་མི་དགའ་བྱས་ཏེ་གཏོར་ཡོད་པ་དང་། ཕྱིས་སུ་བོད་མི་སུད་ཚོང་བ་ཚོས་ས་དེར་མུ་མཐུད་ཁྲོམ་ར་བཟོས་ཏེ་ཚོང་རྒྱག་ཆོག་སྐོར་ལབ་ཡོད་པ་བརྗོད་བྱུང་།

ཡང་ཁོང་གིས། ད་ལྟའི་བར་ས་གནས་ཀྱི་བོད་མི་སུད་ཚོང་པ་ཚོས་སུད་ཚོང་ཚོགས་པར་སྙན་ཞུ་གང་ཡང་འབྱོར་མེད་ཀྱང་། ཧ་རི་ཡ་ན་ལྡི་ལི་ས་གནས་མགོ་འཛིན་གྱི་ཁྱབ་ཁོངས་སུ་གཏོགས་ཀྱི་ཡོད་པ་དང་། ལྡི་ལི་དོན་གཅོད་ཀྱང་ཡོད་པས་དེར་སྙན་ཞུ་རྒྱག་དགོས་ཀྱི་ཡོད་ལ། གལ་སྲིད་ཚོགས་པའི་ངོས་ནས་རྒྱབ་གཉེར་དེ་འདྲ་དགོས་ཚེ་སྤྲོད་འཆར་ཡོད་སྐོར་བརྗོད་བྱུང་།

དགུན་དུས་སླེབ་གྲབས་ཡོད་པ་དང་བསྟུན། བོད་མི་ཚོ་རྒྱ་གར་གྱི་ས་གནས་མང་པོ་རུ་སུད་ཚོང་རྒྱག་ཏུ་འགྲོ་བཞིན་ཡོད་པས་ས་ཆ་གཞན་དུ་དཀའ་ངལ་འདི་རིགས་བྱུང་གི་ཡོད་མེད་དྲིས་པར་ཁོང་གིས། བོད་མི་སུད་ཚོང་བ་ཚོས་རྒྱ་གར་རྒྱལ་ཡོངས་ཀྱི་ས་ཆ་གང་སར་ཚོང་རྒྱག་གི་ཡོད་པ་དང་། སུད་ཚོང་ཚོགས་པའི་ནང་ད་ལྟའི་ཆར་ས་གནས་ཁག་ ༡༦༠ ལྷག་དང་། ཁྱིམ་ཚང་ ༤༠༠༠ བརྒལ་བ་ཡོད་ལ། སྤྱིར་བཏང་བོད་མི་སུད་ཚོང་བ་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་དང་། དམིགས་བསལ་གྱིས་རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་པ་དང་བལ་པོའི་ཚོང་པ་ཚོ་བོད་མིའི་ཚོང་སར་ཡོང་སྟེ་ནམ་རྒྱུན་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། དཀའ་ངལ་དེ་དག་སེལ་ཆེད་ཕྱི་ལོ་ ༢༠༡༧ ཟླ་ ༤ པའི་ནང་ལུ་ཌི་ཡ་ན་(Ludhiana)རུ་རྒྱ་གར་རྒྱལ་ཡོངས་ཀྱི་སུད་ཚོང་བའི་དམིགས་བསལ་ཚོགས་ཆེན་ཞིག་ཚོགས་གཏན་འཁེལ་ཡོད་སྐོར་བརྗོད་བྱུང་།

14606357_1110238045740286_1421247411871793570_n

2016_10$largeimg18_Tuesday_2016_225035142

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

སྐར་མ ༢༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 6

  1. བསོད་ནམས་རིན་ཆེན། says:
    ལོ་ 9 སྔོན།

    འཕྲལ་ཕུགས་༢ཀྱི་དཀའ་ངལ་བསལ་ཐབས་དོན་ གྲོས་བསྟུན་ཞིབ་རྒྱག་གིས་ ཐག་གཅད་དགོས་པ་གལ་ཆེར་མཐོང་།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    རྒྱ་གར་འདི་བ་ཚང་གི་ནེའུ་རོ་རྗེ་ནས་བཟུང་མགོ་ཁྲིད་རིམ་པ་ཡིད་ཆེས་གང་ཡང་མེད།
    བོད་མི་ཚོ་སུད་ཚོང་བར་སེམས་གསོ་ཡོད།

    ཧེ་རི་ཡ་ན་མངའ་སྡེ་འདི་ནང་གི་མི་རིགས་རྗ་ཌི་ཟེར་བ་འདི་བྱ་སྤྱོད་ངན་པ་ཡོད་པ་རེད། ལྡི་ལི་མཐོ་སློབ་སྐབས་རྗ་ཌི་དང་སྤེ་ཧ་རི་གཉིས་འཁྲུག་འཛིང་ཤོར བས་ཧིན་རྡི་མཐོ་སློབ།རམ་ཇ་སི་མཐོ་སློབ། ཧང་སི་ར་ཇི་མཐོ་སློབ་བཅས་ཉིན་འགའ་སྒོ་རྒྱག་དགོས་བྱུང་ཡོད།

    Reply
  3. བརྩོན་རྒྱམ། says:
    ལོ་ 9 སྔོན།

    གནས་ཚུལ་འདི་འདྲ་ཐང་མང་བྱུང་བ་ཞིག་རེད་ཡིན་ན་ཡང་བོད་མི་ཚོས་འཐབ་འཛང་མ་བྱས་པ་འདི་ཧ་ཀྱང་གི་ཡག་པོ་རེད། གང་ལྟར་རྒྱལ་ཁབ་མེད་ན་འདི་འདྲ་འབྱུང་སྲིད་པ་ཞིག་རེད། བོད་མི་ཚོས་རང་དབང་ལུང་པ་ནས་རང་ཁ་གསོ་ཐབས་བྱུང་ན་འགྲིག་འདུག་བསམ་ན་ད་བར་ད་དུང་༸གོང་ས་མཆོག་བཞུགས་ཡོད་ཙང་སྐྱོན་ཡོད་པ་མ་རེད་སུད་འཚོང་བ་རྣམས་ཀྱི་འདུག་གནས་དང་ཁྲོམས་ར་གཏོར་བ་ཀུན་སབ་ཐོབ་ངེས་རེད། མ་འོངས་པར་༸གོང་ས་མཆོག་མ་བཞུགས་པས་ཉི་མ་ཞིག་ཤར་ན་དེ་ཚར་རེད། དེ་ཐུགས་ལ་བཟུང་ནས་ལས་ཀ་བྱེད་དགོས་པ་དང་འབད་བརྩོན་གནང་དགོས་པ་ངེས་པར་བརྗེད་མི་རུང་བས་བྱ་བ་གལ་ཆེན་ཞིག་རེད་དྲན་ནས་ཡོད། ད་བར་འུ་ཅག་རྒྱ་གར་ལུང་པ་ནས་སྡོད་ཁང་ཡག་པོ་རེད་རྒྱབ་ཐུབ་པ་དང་ཚོང་ཁང་དང་ཟ་ཁང་ཙམ་རེད་ཡོད་དུས་ཡིད་ཚིམ་ནས་འདུག་ཁ་བྱས་ནས་རྗེས་མ་དཀའ་ངར་འབྱུང་བ་གསལ་བོ་རེད། བོད་མི་ཚང་མ་སྐྱབས་བཅོལ་བ་ཡིན་པ་མ་བརྗེད་པའི་ཐོག་འབད་བརྩོན་བྱས་ནས་བོད་ལ་ལོག་ཐུབ་གནང་དགོས་པ་གལ་ཆེན་རེད།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    གནས་ཚུལ་འདི་དང་འདི་འདྲ་བ་མང་པོ་ཡོད་པ་དེ་ཚོ་དུས་ཐོག་ཏུ་ནད་ལ་སྨན་དང་ལྟོག་པར་ཟས་ཟེར་བ་ལྟར་དཀའ་སྙོགས་གསེལ་དགོས་པའི་འགན་བོད་མིའི་བལ་ཚོང་སྒྲིགས་འཛུགས་དང་དབུས་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཧིན་བོད་མཛའ་འབྲེལ་ཚོགས་ལྡི་ལི་དོན་གཅོད་སོགས་ནས་གནས་ཚུལ་ཞི་འཇམ་དུ་བཏང་ནས་མ་འོངས་བོད་མི་བལ་ཚོང་ཚོར་དཀའ་ངལ་དེ་རིགས་མི་འབྱུང་ཆེད་འབྲེལ་ཡོད་རྒྱ་གར་གྱི་དབུས་ས་གཉིས་ཀྱི་མཐོ་རིམ་མི་སྣའི་མཉམ་བཀའ་བསྡུར་གནང་དགོས་པ་གལ་ཆེའི་ནང་གི་གལ་ཆེན་ཞིག་མ་རེད་དམ་།

    Reply
  5. Tenchoe says:
    ལོ་ 9 སྔོན།

    བླ་མ་མཁྱེན་ནོ། རང་དབང་མེད་ན་གནས་སྟངས་འདི་འདྲ་རེད། ཁོང་རྣམ་པར་གདུངས་སེམས་མཉམ་བསྐྱེད་ཡོད།

    Reply
    • འབྲོང་བུ་སོག་ཚ། says:
      ལོ་ 9 སྔོན།

      སྐྱབས་མགོན་རིན་པོ་ཆེས་དབུས་ང་ཚོའི་ད་བར་རྒྱ་གར་རང་དབང་ལུང་པ་ཞེས་ཁ་གྲགས་རྐུབ་གྲགས་བྱས་པ་དེའི་འབྲས་བུ་འདི་ཟོ་ཨ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese