མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་མཐའ་མ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོར་ཨ་རིའི་ན་ཝ་ཌ་གཙུག་ལག་སློབ་ཆེན་ནང་། སྐབས་ ༥༨ པའི་ཨ་རིའི་སྲིད་འཛིན་འོས་བསྡུའི་བགྲོ་གླེང་ཐེངས་གསུམ་པ་དང་མཐའ་མ་དེ་ཚོགས་ཡོད་པ་དང་། ཐེངས་འདིར་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ ༧ ཡོད་པ་དག་ནི། ཨ་རིའི་བུན་དངུལ་གྱི་དཀའ་ངལ་དང་། ཨ་རིའི་རྒྱལ་ནང་གི་གནས་སྤོའི་སྲིད་བྱུས། མི་སེར་ཐོབ་དབང་། རྒྱལ་ཁབ་ཀྱི་དཔལ་འབྱོར། ཁྲིམས་ལུགས། ཕྱི་འབྲེལ་སྲིད་ཇུས། སྲིད་འཛིན་འོས་མི་སོ་སོའི་གཞུང་འཛིན་སྐྱོང་བཅས་ཀྱི་ཐད་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

ཉིན་འདི་གར་ཨ་རིའི་སྤྱི་ཚོགས་ནང་སྲིད་འཛིན་འོས་མི་ཊི་རུམ་ཕི་ལ་སྐྱོན་བརྗོད་དང་འོས་བསྡུར་ཕམ་ཉེས་ཡོང་བཞིན་ཡོད་སྟབས། ཁོས་ཐེངས་འདིའི་བགྲོ་གླེང་ཐོག་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱེད་མིན་སྐོར་ལ། ཨ་རིའི་གཞུང་དམངས་གཉིས་ནས་ཁོང་ལ་སྐྱོན་འཛུགས་བྱས་ཏེ་འོས་བསྡུའི་ཁྲིམས་སྒྲིག་འཕྲོ་བརླག་ལ་བཏང་ཡོད་པ་དང་། ཁོང་གིས་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱེད་མིན་དེ་སྐབས་དེར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང་། འོས་འཕེན་མི་མང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁོང་ལ་ཇུས་ངན་ཅི་ཞིག་འཐེན་པའི་བདེན་དབང་གང་ཡང་གསལ་བཤད་བྱས་མེད། ལྕམ་ཧེ་ལ་རེ་མཆོག་གིས་སྐུ་ཞབས་ཊི་རུམ་ཕི་ཡི་གཏམ་བརྗོད་དེ་དག་ནི་ཕ་རོལ་བོར་འཇིགས་སྐུལ་ཐབས་ཤིག་ཡིན་པ་དང་། འདས་པའི་བྱུང་རབས་ལོ་རྒྱུས་ཁྲོད་སྐུ་ཞབས་ཊི་རུམ་ཕིས་ནམ་རྒྱུན་དཔུང་ཚོགས་མང་པོས་ཁོང་ལ་ཁ་གཏད་གཅོག་གི་ཡོད་ལུགས་བཤད་བཞིན་ཡོད་པ་དང་། སྔོན་ཆད་ཁོང་གི་བརྙན་འཕྲིན་འཁྲབ་སྟོན་ལ་ཨེམ་མེ་གཟེངས་རྟགས་ (Emmy award) མ་ཐོབ་པར་ཁོས་ “གཟེངས་རྟགས་དེ་ཁོང་ལ་ངེས་པར་ཐོབ་འོས” ཞེས་ཕ་རོལ་བོར་སྐྱོན་འཛུགས་བྱས་པ་ལྟ་བུ་ཡིན་སྐོར་བརྗོད་འདུག

ཨ་རིའི་བུན་དངུལ་གྱི་གནད་དོན་སྐོར་ལ་སྐུ་ཞབས་ཊི་རུམ་ཕི་ཡིས། ཁོང་གིས་མ་འོངས་པར་ཨ་རིའི་ལས་མེད་མི་མང་ལ་ལས་གནས་མང་པོ་གསར་འཛུགས་བྱེད་རྒྱུ་དང་ཨ་རིའི་བཟོ་ལས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ལྕམ་ཧེ་ལ་རེ་མཆོག་གིས་ཀྱང་མ་འོངས་པར་ཁོང་མོས་ཨ་རིའི་བུན་དངུལ་ཐོག་ལ་སླར་དངུལ་ལོར་གཅིག་ཀྱང་འཕེལ་དུ་འཇུག་རྒྱུ་མིན་སྐོར་བརྗོད་འདུག ཡིན་ནའང་བགྲོ་གླེང་དཔྱད་བརྗོད་པས་སྲིད་འཛིན་འོས་མི་གཉིས་ཀྱི་བུན་དངུལ་དཀའ་རྙོག་སེལ་ཐབས་ཀྱི་ལས་འཆར་དེས་མ་འོངས་པར་ཨ་རིའི་མི་མང་གི་བུ་ལོན་དཀའ་རྙོག་ཆེ་རུ་གཏོང་སྲིད་སྐོར་བརྗོད་འདུག

ཨ་རིའི་མི་སེར་ཐོབ་དབང་སྐོར་གྱི་བགྲོ་གླེང་སྐབས་སུ། སྐུ་ཞབས་ཊི་རུམ་ཕི་ཡིས་ཨ་རིའི་འཕྲོད་བསྟེན་ལྟ་སྐྱོང་གི་སྲིད་ཇུས་དེ་བཅོས་བསྒྱུར་གཏོང་བའམ་རྩ་བ་ནས་མེད་པ་བཟོ་དགོས་སྐོར་གླེང་སློང་བྱས་ཡོད་པ་དང་། ལྕམ་ཧེ་ལ་རེ་ནས་སྐུ་ཞབས་ཊི་རུམ་ཕི་ཡིས་དེ་སྔོན་དཔྱ་ཁྲལ་མང་པོ་མ་འཇལ་བའི་གནད་དོན་གླེང་སློང་བྱེད་སྐབས། ཁོས་ལྕམ་ཧེ་ལ་རེ་མཆོག་ནི་བུད་མེད་སྡུག་ཆགས་ཤིག་ཡིན་ཚུལ་བརྗོད་འདུག

ཨ་རིའི་རྒྱལ་ནང་གི་མེ་མདའ་བཀག་སྡོམ་སྐོར་ལ་ལྕམ་ཧེ་ལ་རེ་མཆོག་གིས། ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་གཉིས་པ་དང་མི་མང་གི་བདེ་འཇགས་འཚོ་གནས་གཉིས་བར་རྩོད་གླེང་གང་ཡང་མེད་ནའང་། ཨ་རིའི་རྒྱལ་ཡོངས་མེ་མདའི་ཁེ་ལས་ལྷན་ཚོགས་ཀྱིས་ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་བཏང་སྟེ་ཁོང་མོའི་མེ་མདའ་སྔོན་འགོག་གི་ལས་འཆར་ལ་ཁ་གཏད་གཅོག་གི་ཡོད་སྐོར་བརྗོད་འདུག སྐུ་ཞབས་ཊི་རུམ་ཕི་ཡིས་ལྕམ་ཧེ་ལ་རེ་ཡིས་མཐུན་ཚོགས་དེས་ཁོང་ལ་རྒྱབ་སྐྱོར་གནང་གི་ཡོད་ཚུལ་བཤད་པ་དེ་ཁོས་གསལ་བོ་ཞིག་མི་ཤེས་ནའང་། ཚོགས་པ་དེའི་ལངས་ཕྱོགས་ལ་ཁོས་བསྔགས་བརྗོད་ཡི་རངས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་སྐོར་ལ་ལྕམ་ཧེ་ལ་རེ་ཡིས། ཁོང་མོས་ཨ་རིའི་མི་མང་གི་གཉེན་སྒྲིག་འདྲ་མཉམ་དང་མངལ་འདོན་ཐོབ་ཐང་སོགས་ཕྱོགས་གང་ཐད་ནས་བལྟས་ནའང་། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དེང་གི་ཨ་རིའི་རྒྱལ་མང་གི་གནས་བབ་དང་མཚམས་པར་ངོས་འཛིན་གནང་གི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སོ་སོའི་ལས་འགན་ལེགས་པོར་བསྒྲུབ་པ་དང་། སྲིད་འཛིན་ཨོ་བྷ་མས་མིང་འདོན་བྱས་པའི་འོས་མི་ངེས་གཏན་བཟོ་བའི་རེ་བ་ཡོད་སྐོར་བརྗོད་ཅིང་། སྐུ་ཞབས་ཊི་རུམ་ཕི་ཡིས་ཀྱང་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་ངོས་ལེན་ཡོད་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་ལྕམ་ཧེ་ལ་རེ་མཆོག་གིས་སྐྱེད་མའི་བདེ་ཐང་ལ་དམིགས་ཏེ་མངལ་འདོན་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་སྐབས། སྐུ་ཞབས་ཊི་རུམ་ཕ་ཡིས་གལ་ཏེ་ཨ་རིའི་མི་མང་ལྕམ་ཧེ་ལ་རེ་ཡི་ཁ་རྗེས་སུ་འབྲང་ཚེ། ཟླ་དགུའི་ནང་ཁྱེད་ཀྱིས་ཨ་མའི་མངལ་ནས་ཕྲུ་གུ་འདོན་ཆོག་གི་ཡོད་སྟབས། ལྕམ་ཧེ་ལ་རེ་ཡི་ལངས་ཕྱོགས་དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་སྐོར་བརྗོད་འདུག

ཨ་རིའི་ཡུལ་སྤོའི་སྲིད་ཇུས་སྐོར་ལ་སྐུ་ཞབས་ཊི་རུམ་ཕི་ཡིས། ཨ་རིའི་རྒྱལ་ནང་དུ་མི་སེར་སྡུག་ཆགས་མང་པོ་འབྱུང་གི་ཡོད་སྟབས། ཨ་རིའི་ངོས་ནས་རྒྱལ་མཚམས་བརྟན་སྲུང་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། ལྕམ་ཧེ་ལ་རེ་ཡིས་ཁོང་མོའི་ཡུལ་སྤོའི་ལས་འཆར་ནང་དུའང་རྒྱལ་མཚམས་འགན་སྲུང་གི་ལས་གཞི་ཚུད་ཡོད་ནའང་། སྐུ་ཞབས་ཊི་རུམ་ཕི་ཡིས་བཤད་པ་ནང་བཞིན། ཁོང་མོས་རྒྱལ་ནང་གི་མི་སེར་རྣམས་བཙན་གྱིས་ཕྱིར་འཕུད་གཏོང་འདོད་མེད་སྐོར་བརྗོད་འདུག ལྕམ་ཧེ་ལ་རེ་ཡིས་བསམ་ན། སྐུ་ཞབས་ཊི་རུམ་ཕི་ཡིས་ཨ་རིའི་རྒྱལ་ནང་གི་མེ་སེར་ལག་ཁྱེར་མེད་མཁན་ཚོའི་ཆེད་དུ་ “ཊི་རུམ་ཕི་ཡི་ལྕགས་མཁར” འཛུགས་སྐྲུན་བྱས་ཡོད་ལུགས་བཤད་པ་དེ་གཡོ་རྫུ་ཞིག་ཡིན་པ་དང་། ཨ་རིའི་རྒྱལ་ཁབ་ཀྱི་སྟོབས་འབྱོར་ཡར་རྒྱས་གཏོང་ཐབས་སུ་རྒྱལ་མཚམས་དང་ཚོང་དོན་ཕྱོགས་ནས་ཁོང་མོས་མ་འོངས་པར་ཕྱི་ཕྱོགས་ལ་སྒོ་འབྱེད་འདོད་ཡོད་སྐོར་བརྗོད་འདུག

ལྕམ་ཧེ་ལ་རེ་ཡིས་ཨ་རིའི་རྒྱལ་ནང་གི་མི་སེར་ལག་ཁྱེར་མེད་པའི་དཀའ་རྙོག་གི་འབྱུང་རྐྱེན་གཙོ་བོ་ཨུ་རུ་སུའི་གཞུང་གིས་ཨ་རིའི་ཐོག་འཛིན་པའི་དོགས་གཞི་དང་འབྲེལ་བ་ཡོད་པ་དང་། ཁོང་མོས་བསམ་ན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱིས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཐེ་གཏོགས་བྱེད་ཀྱིན་ཡོད་སྐོར་བརྗོད་ཅིང་། སྐུ་ཞབས་ཊི་རུམ་ཕི་མཆོག་གིས་ལྕམ་ཧེ་ལ་རེ་ཡིས་རྒྱལ་མཚམས་བརྟན་སྲུང་བྱེད་འདོད་མེད་པའི་གནད་དོན་ཡང་དེ་ལ་ཐུག་ཡོད་སྐོར་བརྗོད་འདུག ལྕམ་ཧེ་ལ་རེ་ཡིས་ཨ་རིའི་མ་འོངས་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་ཆགས་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱི་རྩེད་ཆས་ལྟ་བུ་ཡིན་སྐོར་བརྗོད་པའི་ལན་དུ། སྐུ་ཞབས་ཊི་རུམ་ཕི་ཡིས་དོན་དངོས་སུ་ལྕམ་ཧེ་ལ་རེ་ཨུ་རུ་སུའི་གཞུང་གི་རྩེད་ཆས་ལྟ་བུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཨ་རིའི་དཔལ་འབྱོར་འཚོལ་སྒྲུབ་སྐོར་ལ་ལྕམ་ཧེ་ལ་རེ་ཡིས་སྐུ་ཞབས་ཊི་རུམ་ཕི་ཡི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་འཆར་གཙོ་བོ་འབྱོར་ལྡན་པའི་ཁེ་བཟང་བསྒྲུབ་རྒྱུ་ཁོ་ན་ཡིན་སྐོར་དང་། སྐུ་ཞབས་ཊི་རུམ་ཕི་ཡིས་ཨ་རིའི་ངལ་རྩོལ་མི་མང་གི་དཀའ་སྡུག་གླེང་བཞིན་དུ་རྒྱ་ནག་གི་དྭངས་ལྕགས་མང་པོ་ཉོས་ནས་ས་ཁང་འཛུགས་སྐྲུན་གྱི་ཁེ་ལས་གཉེར་བཞིན་ཡོད་སྐོར་བརྗོད་པ་དང་། སྐུ་ཞབས་ཊི་རུམ་ཕི་ཡིས། ཁོང་གིས་ཨ་རིའི་ཚོང་འབྲེལ་གྲོས་ཆིངས་ཁག་བསྐྱར་སྒྲིག་བྱས་ཏེ་ཨ་རིའི་རྒྱལ་མང་གི་དཔལ་འབྱོར་ཡར་རྒྱས་གོང་སྤེལ་གཏོང་རྒྱུ་ཡིན་ཚུལ་དང་། སྔོན་ཆད་སྐུ་ཞབས་བྷེལ་ཁི་ལེན་ཊོན་གྱི་སྲིད་དབང་འཛིན་སྐྱོང་འོག་ཨ་རིའི་དཔལ་འབྱོར་སྲིད་ཇུས་ལ་དཀའ་རྙོག་མང་པོ་བྱུང་ཡོད་སྐོར་བརྗོད་འདུག

སྐུ་ཞབས་ཊི་རུམ་ཡིས་བུད་མེད་ལ་བརྙས་བཅོས་བྱས་ཡོད་མེད་སྐོར་ལ། ལྕམ་ཧེ་ལ་རེ་མཆོག་གིས་སྐུ་ཞབས་ཊི་རུམ་ཕི་ཡིས་བུད་མེད་ལ་མཐོང་ཆུང་གཏོང་བ་དེས་ཁོང་གི་མཚན་སྙན་ཆེ་རུ་འགྲོ་བར་བསམ་གྱི་ཡོད་ནའང་། བུད་མེད་ལ་མཐོང་ཆུང་བཏང་བའི་ཚོར་ཟུག་དེ་ཅི་འདྲ་ཞིག་ཡིན་མིན་མི་ཤེས་པའི་བུད་མེད་ཅིག་ས་སྟེང་འདི་ན་མེད་སྐོར་བརྗོད་འདུག སྐུ་ཞབས་ཊི་རུམ་ཕི་ཡིས། ཁོང་མོ་ཚོར་ཆགས་སྲེད་ཀྱི་བརྙས་བཅོས་བཏང་སོང་ཞེས་བརྗོད་མཁན་བུད་མེད་དེ་ཚོ་ཁོང་གིས་ངོ་ཤེས་ཀྱི་མེད་པ་དང་། ཁོང་གིས་བུད་མེད་ལ་བརྙས་བཅོས་བཏང་མྱོང་མེད་པས། བགྲོ་གླེང་ཐོག་མཉམ་ཞུགས་བྱས་པའི་ཁོང་གི་བཟའ་ཟླ་བསྟན་ནས་ཁོང་མོར་ཡང་དགོངས་དག་ཞུ་དགོས་དོན་མེད་སྐོར་བརྗོད་འདུག

ལྕམ་ཧེ་ལ་རེ་ཡིས་སྔོན་ཆད་རྒྱལ་དོན་དྲུང་ཆེ་སྐབས་སུ་གཞུང་འབྲེལ་ཡིག་ཆ་མང་པོ་ཞིག་སྒེར་གྱི་གློག་འཕྲིན་ཐོག་ནས་བཏང་བའི་རྩོད་རྙོག་སྐོར་ལ་སྐུ་ཞབས་ཊི་རུམ་ཕི་ཡིས་བསྐྱར་དུ་སྐྱོན་འཛུགས་བྱས་ཡོད་པ་དང་། ལྕམ་ཧེ་ལ་རེ་ཡིས་སྐུ་ཞབས་ཊི་རུམ་ཡིས་རང་ཉིད་ཀྱིས་བཟོས་པའི་ནོར་འཁྲུལ་ལའང་དགོངས་དག་དང་བཟོད་གསོལ་མི་ཞུ་བ་ནི་བཟང་སྤྱོད་དང་འགལ་ཡོད་སྐོར་བརྗོད་ཡོད།

སྐུ་ཞབས་ཊི་རུམ་ཕི་ཡིས་ཁི་ལེན་ཊོན་ཐེབས་རྩས་རྒྱལ་མང་གི་ལག་ནས་བསྡུས་པའི་ཞལ་འདེབས་ཕྱིར་སྤྲོད་དགོས་སྐོར་དང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཡིན་སྐོར་བརྗོད་པ་དང་། ལྕམ་ཧེ་ལ་རེ་ཡིས་ཊི་རུམ་ཕི་ཐེབས་རྩ་དང་ཁི་ལེན་ཊོན་ཐེབས་རྩ་གཉིས་བསྡུར་ན། ཊི་རུམ་ཕི་ཐེབས་རྩས་དངུལ་བསྡུས་པ་ལྡབ་འགྱུར་གྱིས་མང་བ་ཡིན་སྐོར་བརྗོད་ཡོད། སྐུ་ཞབས་ཊི་རུམ་ཕི་ཡིས་ཁོང་གི་ཐེབས་རྩའི་དངུལ་འབོར་དེ་དག་དགེ་རྩར་ཕུལ་བ་ཡིན་སྐོར་བརྗོད་ཅིང་། ལྕམ་ཧེ་ལ་རེ་མཆོག་གིས་སྐུ་ཞབས་ཊི་རུམ་ཕི་ཡིས་ཁྲལ་དངུལ་མང་པོ་འཇལ་མེད་པས་ཁོང་གི་སྐད་ཆ་དེ་དག་བདེན་པ་མིན་སྐོར་བརྗོད་འདུག

དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་སྐོར་ལ་ལྕམ་ཧེ་ལ་རེ་མཆོག་གིས། སྐུ་ཞབས་ཊི་རུམ་ཕི་ཡིས་ལྕམ་ཧེ་ལ་རེ་ཡིས་སྔོན་ཆད་ཨེ་རག་གིས་མཚོན་པའི་དཀྱིལ་ཤར་ཡུལ་གྲུ་ཁག་ནང་དམག་རྒྱག་པར་རྒྱབ་སྐྱོར་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ལྕམ་ཧེ་ལ་རེ་ཡིས་ཀྱང་སྐུ་ཞབས་ཊི་རུམ་ཕི་ཡིས་སྔོན་ཆད་ཨེ་རག་ནང་དམག་རྒྱག་པར་རྒྱབ་སྐྱོར་བྱས་པའི་བདེན་དཔང་དུ། “གྷོ་གྷལ་ནང་ཌོ་ནལ་ཌི་ཊི་རུམ་ཕི་ཨེ་རག”ཅེས་བརྒྱབ་པ་ཡིན་ན། གནས་ཚུལ་དེའི་སྐོར་གསལ་བོར་ཡོད་སྐོར་བརྗོད་འདུག

ཨ་རིའི་སྐྱབས་བཅོལ་སྲིད་ཇུས་སྐོར་ལ་སྐུ་ཞབས་ཊི་རུམ་ཡིས་གལ་ཏེ་ཨ་རིའི་མི་མང་གིས་ལྕམ་ཧེ་ལ་རེ་སྲིད་འཛིན་དུ་བདམས་པ་ཡིན་ན། ཨ་རིའི་རྒྱལ་མང་གི་བདེ་འཇགས་ལ་ཉེན་ཁ་ཆེ་སྐོར་དང་། གནས་སྟངས་དེ་ནི་སྔོན་ཆད་ཀྱི་གྷི་རེ་སི་དང་ཊོ་རེ་རྒྱལ་ཁབ་གཉིས་བར་གྱི་གཡུལ་འཁྲུག་ (Trojan horse) ལྟ་བུ་ཡིན་སྐོར་བརྗོད་འདུག ལྕམ་ཧེ་ལ་རེ་མཆོག་གིས་ཁོང་མོས་ཨ་རིའི་རྒྱལ་ནང་གི་སི་རི་ཡའི་ཡུལ་སྤོས་མི་མང་ཕྱིར་འཕུད་གཏོང་འདོད་མེད་པ་དང་། བྱིས་པ་དང་བུད་མེད་ཡུལ་བྱོལ་བ་ཚོར་སྒོ་མོ་གཏན་འཆར་མེད་སྐོར་བརྗོད་འདུག

མ་འོངས་སྲིད་དབང་འཛིན་སྐྱོང་གི་ལས་འཆར་སྐོར་ལ། ལྕམ་ཧེ་ལ་རེ་མཆོག་གིས་ཨ་རིའི་མི་མང་གིས་ཁོང་མོར་ཨ་རིའི་སྲིད་དབང་འཛིན་སྐྱོང་གི་ཞབས་ཞུ་བསྒྲུབ་པའི་གོ་སྐབས་སྤྲོད་པའི་རེ་བ་ཡོད་སྐོར་བརྗོད་ཡོད་པ་དང་། སྐུ་ཞབས་ཊི་རུམ་ཕིས་ལྕམ་ཧེ་ལ་རེ་ཡིས་ཁོང་མོའི་དབང་སྒྱུར་འོག་གི་མི་མང་གི་ལག་ནས་དངུལ་ལོར་གཉེར་བཞིན་པ་དེས་ཕན་ཐོག་གང་ཡང་མེད་སྐོར་དང་། ཁོང་གིས་ཨ་རིའི་དམག་དཔུང་གི་སྟོབས་ཤུགས་དང་གྲོང་ཁྱེར་གྱི་འཚོ་གནས་སོགས་ཡར་རྒྱས་བཏང་སྟེ་ཨ་རིའི་རྒྱལ་ཁབ་ལ་ཡང་བསྐྱར་སྟོབས་འབྱོར་བསྐྲུན་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese