མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྣ་བ་བཀོག་ནས་རྐུབ་ལ་ལྷན་པ་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

གངས་ཚ།

དྷ་སའི་རི་གྲོང་ནས་ཕ་སྐད་ཀྱི་གསོན་བརྡ་ཐོག་མར་གཏོང་མཁན་དེ་དཔེ་སྟོན་སློབ་གྲྭ་ཡིན་ཞིང་། བསམ་ཡོད་ཅན་གྱི་རེ་བ་བཅོལ་སའང་དེ་རང་ཡིན། མ་གཞི་སློབ་གྲྭ་དེ་བཙུགས་ནས་ལོ་ངོ་བཅུ་གཅིག་ཙམ་ལས་འགྲོ་ཡི་མེད་ཀྱང་། ཕ་སྐད་གཙང་མའི་སྐད་འགྲོས་དང་། ཁ་ཕྱོགས་ཤིག་རིམ་གྱིས་གསལ་ཡོང་བ་དེས་རིགས་ཞེན་ཆེ་བའི་ཕ་མ་དང་ཤེས་ཡོན་པ་ཚོས་གདེང་འཇོག་དང་ཡིད་སྨོན་གང་ལེགས་བྱེད་བཞིན་ཡོད། འོན་ཀྱང་ “ཤེས་ཡོན་སྲིད་ཇུས་ཀྱི་བཤན་པ་སུ་རེད་དམ་” ཟེར་བ་དེར་གྲོས་ཚོགས་ཀྱི་བརྒྱུད་ལམ་ནས་ཤེས་ཡོན་སྲིད་ཇུས་ནད་པའི་ངོ་བོར་བསྒྱུར་ཐུབ་ཙམ་བྱུང་ཡང་ད་ཆ་སླར་ཡང་དཔེ་སྟོན་སློབ་གྲྭའི་མགོ་བོ་གསོན་བཏུབ་བྱས་པའི་གནས་ཚུལ་ཞིག་ཐོན་པ་དེས་ཤེས་ཡོན་སྲིད་བྱུས་ཀྱི་མགོ་བོ་བཅད་པ་ལྟ་བུར་གྱུར་ཡོད།

ཆེད་བསྐོས་གྲོས་ཚོགས་ཤེས་ཡོན་རྟོག་ཞིབ་ཚོགས་ཆུང་དང་ཤེས་རིག་གི་ཤེས་ཡོན་རྟོག་ཞིབ་ཚོགས་ཆུང་གི་མཐའ་སྡོམ་ལ་གཞིགས་ན། ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་རྒྱུར་དགེ་མཚན་ཡོད་ལུགས་དཔེ་སྟོན་སློབ་གྲྭ་དང་སློབ་གྲྭ་གཞན་བསྡུར་བའི་སྒོ་ནས་དཔྱད་འབྲས་བཏོན་པ་མ་ཟད། དཔེ་སྟོན་སློབ་གྲྭ་ཡར་རྒྱས་གཏོང་དགོས་པ་དང་ད་ལྟའི་ཆར་དཔེ་སྟོན་སློབ་གྲྭའི་ཐོག་འཛིན་ཁང་དང་། རྩེད་ཐང་ལས་ཤག་སོགས་ཀྱི་མཐུན་རྐྱེན་སྐྱོ་དྲགས་པའི་སྐྱོན་གནད་བཏོན་པར་དེའི་ཐོག་ལེ་ཐོག་ཡོད་མཁན་ཚོས་དཀའ་ངལ་སེལ་ཐབས་བྱས་ཁུལ་གྱིས་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཅིག་བྱས་པ་ནི་དཔེ་སྟོན་སློབ་གྲྭ་འཛིན་གྲྭ་བརྒྱད་པ་བར་གྱི་ཉིན་སློབ་ཅིག་ཏུ་བསྒྱུར་ཏེ་དེ་ཡན་གྱི་སློབ་ཕྲུག་རྣམས་སློབ་གྲྭ་གཞན་དུ་ཟླ་བསྒྲིལ་བྱ་རྒྱུ་དེ་རེད།

ཐག་གཅོད་དེ་ནི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་དང་རྒྱབ་འགལ་དུ་སོང་ཞིང་། ཤེས་ཡོན་སྲིད་ཇུས་ཀྱི་ལེའུ་བདུན་པའི་ནང་གསེས་བཞི་པའི་ནང་ “ལོ་གསུམ་ཡུན་ཅན་གྱི་སྔོན་འགྲོ་དང་། དེ་རྗེས་ལོ་ལྔའི་ཡུན་ཅན་གྱི་གཞི་རིམ་འོག་མ། དེ་རྗེས་ལོ་གསུམ་ཡུན་ཅན་གྱི་གཞི་རིམ་བར་མ། དེ་རྗེས་ལོ་བཞིའི་ཡུན་ཅན་གྱི་གཞི་རིམ་གོང་མ་འཛིན་གྲྭ་བཅུ་གཉིས་བར་བཅས་རིམ་པ་བཞིའི་བདག་ཉིད་ཅན་ཡིན་” ཞེས་འཁོད་ཡོད་པས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་དེར་ལག་ལེན་བསྟར་མཁན་ཞིག་ཡིན་ན་འཛིན་གྲྭ་བཅུ་གཉིས་བར་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་འོག་སྐྱོད་མཁན་ལ་འགྲོ་ས་ཞིག་བཟོ་ཐབས་བྱེད་དགོས་མོད་ད་ཆ་སྔར་ཡོད་པ་དེ་ཡང་རིམ་བཞིན་མེད་པར་བཟོ་བཞིན་ཡོད།

ལར་ནས་ཐག་གཅོད་དེས་དཔེ་སྟོན་སློབ་གྲྭའི་དཀའ་ངལ་སེལ་ཐུབ་རྒྱུ་ལྟ་ཅི་དེ་བས་ཀྱང་དཔེ་སྟོན་སློབ་གྲྭ་ཐོར་ཞིག་ཏུ་འགྲོ་རྒྱུའི་ལོ་རྒྱུས་ཀྱི་ཕམ་ཉེས་ཅིག་འབྱུང་སྲིད། དེ་ཡང་འཛིན་རིམ་དགུ་པ་དང་བཅུ་པ་མེད་པ་བཟོས་པ་དེས་ཁང་པ་སྟོང་པ་གཉིས་གསུམ་ཙམ་ཐོན་པ་ལས་དེ་མིན་གྱི་ཕན་ཐོག་གང་ཡང་མེད། འོན་ཀྱང་དེ་ལས་ལྷག་པའི་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཡོད་པ་སྟེ་ད་བར་མ་མཐར་ཡང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་བར་དཔེ་སྟོན་ནས་རང་མགོ་ཐོན་པ་བཟོ་བཞིན་ཡོད་ལ་ཕ་མའི་ངོས་ནས་ཀྱང་རང་ཉིད་ཀྱི་ཕྲུ་གུ་དེ་འཛིན་གྲྭ་བཅུ་པ་མ་ཟིན་བར་ཕྱོགས་གཅིག་ནས་རང་གི་སྐད་ཡིག་དང་མི་རིགས་ཀྱི་ཡ་རབས་གོམས་གཤིས་ལེགས་པོ་ཤེས་པ་དང་། གཉིས་ནས་འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་བར་དཔེ་སྟོན་དུ་འགྲོ་ས་ཡོད་པས་འདོད་པ་ཁེངས་པ་ཞིག་ཡོང་བཞིན་ཡོད།

འོན་ཀྱང་ད་ཆ་འཛིན་གྲྭ་བརྒྱད་པ་མ་གཏོགས་འགྲོ་ས་མེད་པ་དེས་ཕ་མའི་སེམས་ནང་འཛིན་གྲྭ་དགུ་པ་ནས་སློབ་གྲྭ་གང་ཏུ་གཏོང་དགོས་སམ། དེར་ཚུད་དམ། སློབ་གྲྭ་བརྗེས་པས་སློབ་ཕྲུག་གི་སློབ་སྦྱོང་ལ་འཐུས་ཤོར་གང་འདྲ་འགྲོ་འམ། མ་ཟད་ད་ཆ་དཔེ་སྟོན་ལ་གཏན་སློབ་ཏུ་འཇོག་ས་མེད་པས་སྔ་དགོངས་སློབ་ཕྲུག་གང་དུ་འཇོག་གམ་སྙམ་པའི་དྲི་བ་མང་པོ་ཞིག་གི་ཁྲོད་ན་ད་གཟོད་དཔེ་སྟོན་དུ་གཏོང་རྒྱུར་སེམས་འཚབ་ཀྱིས་སློབ་གྲྭ་གཞན་དུ་སློབ་འཇུག་བྱ་རྒྱུར་ཁ་མི་ཕྱོགས་ཐབས་མེད་དུ་གྱུར་ཡོད། རྒྱུ་མཚན་དེ་འདྲའི་དབང་གིས་ཕ་མའི་ངོས་ནས་རང་གི་རིག་གཞུང་དང་ཤེས་ཡོན་སྲིད་ཇུས་ལ་དགའ་ཞེན་ཡོད་ཀྱང་འཛིན་སྐྱོང་གི་ངོས་ནས་དེ་ལྟའི་མཐུན་རྐྱེན་ཞིག་བསྐྲུན་མ་ཐུབ་ན་མི་རིགས་དང་རིག་གཞུང་རྒྱུན་འཛིན་གྱི་སྐད་ཆ་སྟོང་པ་བཤད་ཀྱང་ཅི་བྱ།

ངའི་ཤེས་ཚོད་བྱས་ན་ད་ལྟའི་དཔེ་སྟོན་གྱི་མཐུན་རྐྱེན་ཧ་ཅང་ཞན་ཅིང་། མ་འོངས་བོད་ཀྱི་སོན་རྩ་མང་པོ་བརླན་གཤེར་ཆེ་བའི་ཁང་པའི་ནང་འཛིན་གྲྭ་ཚུགས་དགོས་པ་དང་། སློབ་གྲྭའི་ཁོར་ཡུག་ཆུང་བས་བརྡབ་ཆག་མང་བ། ཁྲིད་ཆས་དང་སྦྱོང་ཤོག་སོགས་དུས་ཐོག་ཏུ་པར་སློག་རྒྱག་ས་མེད་པ། རྩེད་ཐང་དང་བྱིས་པའི་རྩེད་ར་མེད་པ། གཟུགས་གཞིར་ཕན་པའི་ཟས་བཅུད་འདང་ངེས་མེད་པ་དགེ་རྒན་ངལ་གསོ་ཁང་གུ་དོགས་ལ་ལས་ཤག་འདང་ངེས་མེད་པ་སོགས་དཀའ་ངལ་མང་པོ་ཞིག་ཡོད་ཚོད་འདུག་པ་དེ་དག་ལ་ཤེས་ཡོན་གལ་ཆེར་བརྩི་བའི་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱིས་གཟིགས་རྟོག་གནང་དགོས་ངེས་ཀྱི་དུས་ལ་བབ་ཡོད།

ད་ལྟ་བཀའ་ཤག་གིས་དཔེ་སྟོན་སློབ་གྲྭའི་མིག་སྔའི་གྲུབ་འབྲས་ལ་གཞིགས་ཏེ། ཡར་རྒྱས་གཏོང་ཐབས་བྱས་ན་ཅིས་ཀྱང་རང་གི་རིགས་ལ་ཞེན་པ་དཀར་བའི་དན་རྟགས་ཞིག་མངོན་ངེས་ཀྱང་། གཡས་ཁག་གཡོན་དཀྲི་བྱས་ཏེ་སློབ་གྲྭ་འདི་ཉིད་ཀྱི་གཞི་རྩའི་མཐུན་རྐྱེན་ཡར་རྒྱས་མ་བཏང་བར། རྣ་བ་བཀོག་ནས་རྐུབ་ལ་ལྷན་པ་བརྒྱབ་ཟེར་བའི་དཔེ་ལྟར་བྱས་ཚེ་འབྱུང་འགྱུར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ལོ་རྒྱུས་ཐོག་གསབ་ཐབས་མེད་པའི་ནག་ཉེས་ཕོག་ངེས་ན་ཅིས་ཀྱང་བློ་སེམས་རྣལ་དུ་ཕབ། བདེན་པ་གཙུག་ཏུ་བཀུར། ལག་ལེན་གྱིས་གཏམ་བཤད་ལ་རམ་འདེགས་བྱས་ཏེ་ཁ་ཡོད་ལག་ཡོད་ཅིག་གནང་གལ་ཆེ།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༢ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༤ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 3

  1. བསྟན་མགོན། says:
    ལོ་ 9 སྔོན།

    ད་བྱེད་ན་སྲིད་བློན་ཐོབ་ཆེད་དུ་དེ་སྔ་གསུང་པ་ལྟར་ཨ་ཕོ་རང་གི་འཇོན་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་གསུང་པ་དེ་དབྱིན་སྐད་བཤད་ཐུབ་པའི་ཐོག་ཏུ་གསུང་པ་ཡིན་འདྲ། དེ སྔ་བོད་ཡིག་ཆོས་ཡིག་ཤེས་པ་ལ་བླ་མས་སློ་མར་དང་ཁས་ཀྱག་རྒྱབ་སྐྱོར་ནུས་པ་བཟོ་ཆེད་སོགས་ཀྱི་ད་ཆ་མ་འོང་དཀའ་བསྔལ་དེ་འཕྲད་པ་དེ་ཤེས་པར་བྱ་རྒྱུ་ཧ་ཅང་རྒྱལ་ཆེ།

    Reply
  2. བླ་མ། says:
    ལོ་ 9 སྔོན།

    གང་བྱས་གང་ལྟར་བློ་བཟང་སེང་གེས་མཁས་དབང་ཟམ་དོང་རིན་པོ་ཆེ་ཡིས་སྐུ་ངལ་སྐྱོན་པ་དེ་ཆུ་བཟོས་གཏང་གསོང། བློབ་བཟང་སངས་རྒྱས་བོད་ཀྱི་བླ་སྲོག་སྐད་ཡིག་ལ་དོ་སྣང་མེད་པ་མ་ཟད་ཁོ་རང་གི་སྲིད་བྱུས་ཤེས་ཡོན་ཞེས་པ་ནི། ཨིན་ཡིག་ཤེས་པ་ཁོ་ན་ལ་ངོས་འཛིན་བྱེད་ཀྱི་ཡོད། སྲིད་སྐྱོང་གཟེངས་བརྟགས་སྤྲོད་གཏང་ནས་ཤེས་ཐུབ།། ལར་ནས་ཕྲུག་གུའི་ཕ་མ་ཚོར་དཔེ་སྟོན་སློབ་གྲྭ་གཏོར་གཤིག་གཏོང་རྒྱུར་འདོད་པ་ཡོད་མེད་ཀྱི་སྐད་ཆ་ཙམ་ཡང་དྲིས་མེད། ཕྲུ་གུའི་ཕ་མ་ཚོར་བོད་པའི་སློབ་གྲྭ་བོད་ཕྲུག་ཁྱིམ་སྡེ་དང་། རྒྱ་གར་གྱི་སློབ་གྲ་སོགས་གཏོང་རྒྱུ་འདམ་ཀ་ཡོད།། ཕྲུག་གུ་ཚོ་ཁྱེད་རྣམ་པས་གང་བྱས་བྱས་མ་ཡིན་ནོ།།

    Reply
  3. གཡུ་ཐོག says:
    ལོ་ 9 སྔོན།

    གང་ལྟར་སྲིད་སྐྱོང་གི་མགོ་འཁྲིད་པའི་བཀའ་ཤག་ངོས་ནས་རང་མི་རིགས་ཀྱི་རིགས་གཞུང་ལ་བློ་དཀར་སེམས་དཀར་ཡོད་མེད་ཐེ་ཚོམ་རེད། སྲིད་སྐྱོང་རང་ཉིད་ཀྱང་དེའི་ཐད་བློ་རིག་དང་དགའ་ཞེན་ཞན་པས་དེའི་ཐོག་སྲིད་བྱུས་རྒྱུན་སྐྱོངས་དང་ཡར་རྒྱས་གོང་འཕེལ་གྱི་འཆར་གཞི་དང་འདུན་པ་བྱུང་བ་ནི་དགུང་གི་ཉི་ཟླ་ལྟར་རེད་བསམ་གྱི་ཡོད། བོད་ཁྱིམ་དབུ་བརྙེས་པའི་དུས་ཆེན་ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ལྷག་པར་དུ་ཆབ་སྲིད་ཀྱི་དམིགས་ཡུལ་དང་སྒྲིག་འཛུགས་ནི་འགྱུར་བ་འགྲོ་བཞིན་ཡོད་ཀྱང་། བོད་མི་ཚོས་འགྱུར་བ་མེད་པའི་ཐོག་རང་མི་རིགས་ཀྱི་རིག་གཞུང་དང་སྲོལ་རྒྱུན་ལ་མཐའ་གཅིག་དུ་བློ་དཀར་སེམས་དཀར་བྱེད་དགོས་ཅེས་གསུངས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese