མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་མོན་རྟ་དབང་གི་རྩོད་རྙོག་ལ་ཐེ་གཏོགས་མ་བྱེད་རོགས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞུང་གིས་ཨ་རུ་ན་ཅལ་ནང་གཞུང་འབྲེལ་སྐུ་ཚབ་བཏང་སྟེ་མངའ་ཁུལ་དེའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་དེས་རྒྱ་དཀར་ནག་གཉིས་བར་གྱི་མངའ་ཁོངས་རྩོད་གླེང་ཆེ་རུ་བཏང་ཡོད་ཟེར།

དེ་རིང་རྒྱ་གར་ཉིན་རེའི་གསར་ཁང་ (Scroll.in) ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་ (Lu Kang) ཟེར་བ་ཞིག་གིས། ཨ་རིའི་སྐུ་ཚབ་རེ་ཆར་ཌི་ཝིར་མ་ (Richard Verma) ལགས་ཨ་རུ་ན་ཅལ་ནང་གཟིགས་སྐོར་བྱས་པ་དེར་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་དེས་རྒྱ་དཀར་ནག་གི་མཐའ་མཚམས་ཞི་བདེ་ལྷིང་འཇགས་ལ་གནོན་སྐྱོན་བཟོས་ཡོད་པ་དང་། རྒྱ་ནག་གི་ངོས་ནས་ཨ་རིའི་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་རྩོད་གླེང་ནང་ཐེ་གཏོགས་བྱེད་རྒྱུ་མཚམས་བཞག་སྟེ། ན་རུ་ན་ཅལ་ནང་སྔར་ལས་ལྷག་པའི་ཞི་བདེ་ལྷིང་འཇགས་ཀྱི་ཁེ་ཕན་བསྐྲུན་དགོས་པ་དང་། རྒྱ་དཀར་ནག་གཉིས་ནས་གྲོས་མོལ་བརྒྱུད་སྐབས་བབ་ཀྱི་མཐའ་མཚམས་རྩོད་རྙོག་གི་དཀའ་ངལ་སེལ་བཞིན་ཡོད་ཚུལ་བཤད་འདུག

ཡིན་ནའང་རྒྱ་གར་དབུས་ནང་སྲིད་ལྷན་ཁང་གི་བློན་ཆེན་ཀེ་རིན་རེ་ཇེ་ཇོ་ (Kiren Rijiju) ལགས་ཀྱིས་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཝིར་མ་ལགས་མོན་རྟ་དབང་ནང་དུས་ཆེན་ཞིག་གི་ཐོག་མཉམ་ཞུགས་བྱས་པ་ཡིན་པ་ལས། ཁོང་གི་གཟིགས་སྐོར་དེ་ཆབ་སྲིད་དང་འབྲེལ་བ་མེད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་སྐུ་ཞབས་ཝིར་མ་ལགས་ཀྱི་གཟིགས་སྐོར་ལ་ངོ་རྒོལ་བྱས་པ་དེས་རྒྱ་དཀར་ནག་གཉིས་བར་གྱི་མངའ་ཁོངས་རྩོད་གླེང་གི་གནས་སྟངས་སྔར་བས་རྙོག་འཛིང་བཟོས་ཡོད་སྐོར་བརྗོད་འདུག

Screen Shot 2016-10-25 at 11.47.33 AM

གནས་ཚུལ་ལྟར་ན། རྒྱ་ནག་གིས་རི་བོ་ཧི་མ་ལ་ཡའི་ཤར་རྒྱུད་ནས་སྤྱི་ལེ་གྲུ་བཞི་མ་ ༩༠༠༠༠ ལྷག་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བཤད་ཀྱི་ཡོད་པ་དང་། མངའ་ཁུལ་དེ་ལ་ལྷོ་རྒྱུད་ཀྱི་བོད་ཅེས་འབོད་ཀྱི་ཡོད་ནའང་། རྒྱ་གར་ཕྱོགས་ནས་མངའ་ཁུལ་དེའི་ས་ཆ་མང་ཤོས་ཨ་རུ་ན་ཅལ་མངའ་སྡེ་ཆགས་ཀྱི་ཡོད་སྟབས། དེ་རྒྱ་གར་གྱི་མངའ་ཁོངས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།

ད་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་གར་གཞུང་གིས་མེ་ཤུགས་འཕུར་མདེལ་མང་པོ་ཨ་རུ་ན་ཅལ་ནང་སྐྱེལ་འདྲེན་བྱ་ཆར་ཡོད་པ་དེས་རྒྱ་ནག་གཞུང་ལ་དོ་ཕོག་བཟོས་ཡོད་པ་དང་། རྒྱ་གར་མཐའ་མཚམས་དམག་གིས་གནས་ཚུལ་དེ་ནི་རྒྱ་གར་གྱི་བདེ་འཇགས་ཁེ་ཕན་གཞིར་བཟུང་སྟེ་ཐག་གཅོད་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་གིས་ནུབ་རྒྱུད་ཀྱི་ཨ་ཀ་ས་ཆེན་ (Aksai Chin) ས་ཁུལ་ནས་སྤྱི་ལེ་གྲུ་བཞི་མ་ ༣༨༠༠༠ ལྷག་བཙན་བཟུང་བྱས་པ་མ་ཟད། ད་དུང་འདས་པའི་ལོ་ངོ་བཅུ་ཕྲག་རིང་གི་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་གྱི་རྩོད་རྙོག་སྐབས་སུ། རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་ནས་པ་ཀི་སི་ཐན་ལ་རོགས་རམ་བྱེད་ཀྱི་ཡོད་སྐོར་སྐྱོན་འཛུགས་བྱས་ཡོད་འདུག

ཨ་རིའི་གཞུང་གི་སྐུ་ཚབ་རེ་ཆར་ཌི་ཝིར་མ་ལགས་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ནང་སྐོར་བསྐྱོད་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་ཨ་རུ་ན་ཅལ་ནི་རང་བྱུང་གི་མཛེས་ལྗོངས་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་། མོན་རྟ་དབང་གཞུང་དམངས་གཉིས་ནས་ཁོང་ལ་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese