མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་བརྙན་ཁང་མེད་པའི་གྲོང་རྡལ་ཞིག་གི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། སི་རི་ཇཱ ན་སི་ཁར།(Srija Naskar)

གཡུ་རྩེས་བསྒྱུར།

TibetTimes:Ritu Sarin and Tenzing Sonam

དྷ་རམ་ས་ལའི་མེག་ཁི་ལོ་ཌི གྷན་ཇཱི་རུ་(Mcleod Ganj)བྷོ་ལི་ཝོ་ཌི་(Bollywood)དང་ཧོ་ལི་ཝོ་ཌི་(Hollywood)ཡི་རྒྱུགས་ཆེ་བའི་གློག་བརྙན་ཁག་ཅིག་སྟོན་སའི་བརྙན་འཕྲིན་ཁང་འགའ་ཤས་ལས་མེད་པའི་དུས་སྐབས་ཤིག་ལ། གློག་བརྙན་བཟོ་སྐྲུན་པ་རེ་ཏོ་ས་རན་(Ritu Sarin)དང་བསྟན་འཛིན་བསོད་ནམས་གཉིས་ཀྱིས་གྲོང་རྡལ་འདིའི་དགོས་མཁོ་ཉག་གཅིག་ནི་གྲོང་རྡལ་རང་ཉིད་ཀྱི་ཆ་ལག་ཡོངས་སུ་ཚང་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་ཡིན་པར་ཐག་བཅད་པ་དང་། ད་ལྟའི་ཆར་ཡོངས་གྲགས་སུ་གྱུར་བའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བསམ་ཚུལ་དོན་སྨིན་བྱུང་།

རེ་ཏོ་དང་བསྟན་འཛིན་གཉིས་ཀྱིས་ཁོང་གཉིས་སན ཧྥི་རན་སི་སུ་ཀོ(San Francisco) བྷེ་(Bay)ཁུལ་དུ་སློབ་ཕྲུག་ཡིན་པའི་སྐབས་ནས་གློག་བརྙན་མཉམ་དུ་བཟོ་རྒྱུ་མགོ་བཙུགས་ཡོད་དེ། “ངེད་གཉིས་ཀྱིས་མཉམ་ལས་ཆེད་རྩོམ་དངོས་བྱུང་གློག་བརྙན་<<ཚུལ་ཁྲིམས་སྲུང་མཁན་གསར་པ་དག་སྟེ། ཡོ་བྷ་གྲོང་ཁྱེར་གྱི་སིག་རྣམས་>>ཞེས་པ་བཟོས་པ་དང་དེ་ཡིས་ངེད་གཉིས་ཀྱི་མདུན་ལམ་མགོ་བཙུགས་ཤིང་། དེ་ནས་བཟུང་སྟེ་ལོ་ངོ་སུམ་བཅུ་ལྷག་གི་རིང་ངེད་གཉིས་མཉམ་དུ་གཙོ་བོ་དངོས་བྱུང་གློག་བརྙན་བཟོ་བའི་ལས་ཀ་བྱས་པ་ཡིན། ལོ་ངོ་འདི་དག་གི་རིང་ངེད་གཉིས་ཟུར་དུ་ཐོན་ཏེ་ལྷ་སའི་རྨི་ལམ་ཞེས་པའི་ཆེད་དོན་གློག་བརྙན་ཞིག་བཟོས་པ་དང་བརྙན་ཐུང་སྣ་ཚོགས་ཤིག་བརྙན་ལེན་བྱས་པ་ཡིན་ལ། དེ་ནི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྒྱབ་ལྗོངས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན་” ཞེས་ཁོང་གཉིས་ཀྱིས་གྷར་ཌི་ཡན་༢༠(Guardian20) ཡི་གཏམ་བཤད་ཅིག་གི་ནང་དུ་བརྗོད་ཡོད་པ་རེད།

ཡང་བསྟན་འཛིན་དང་རེ་ཊོ་གཉིས་ཀྱི་སྒྱུ་རྩལ་དང་གློག་བརྙན་གྱི་བརྩེ་སེམས་དེ་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་རང་དབང་འཐབ་རྩོད་དང་འབྲེལ་ཡོད་དེ། ཁོང་གཉིས་ཀྱིས་གོང་གི་སྐད་ཆའི་མུ་མཐུད་དུ་“ངེད་གཉིས་ཀྱིས་གློག་བརྙན་ཁག་བཟོ་སྐྲུན་མགོ་བཙུགས་པའི་སྐབས་སུ་བོད་པ་མ་ཡིན་པ་ཚོས་བོད་པའི་སྐོར་ལ་བཟོས་པའི་གློག་བརྙན་ཕལ་མོ་ཆེ་ལ་ཕྱོགས་ཕལ་ཆེ་བའི་ནང་དོན་ཡག་པོ་འཛོམས་ཡོད་ནའང་བོད་པ་རང་གི་སྤྱི་ཚོགས་ནང་ཁོ་ན་ནས་འབྱོར་ཐུབ་པའི་ངེས་ཤེས་དེ་མེད་པ་ཧ་གོ་ཡོད་པས། ངེད་གཉིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་དམ་པོར་འབྲེལ་བསྡད་ཡོད་པ་དང་སེམས་ཚོར་དྲག་པོའི་སྒོ་ནས་དེའི་འཐབ་རྩོད་ཀྱི་ནང་དུའང་ཞུགས་ཡོད་སྟབས། བོད་བརྗོད་དོན་བྱས་པའི་བརྗོད་བྱ་ཁག་ལ་དམིགས་གཏད་ནས་བར་སྟོང་འདི་བསྐང་རྒྱུ་ཐག་བཅད་པ་ཡིན། ངེད་གཉིས་ཀྱི་གློག་བརྙན་ཁག་རྒྱུན་དུ་མི་སྒེར་གྱི་ལྟ་ཚུལ་ཤུགས་ཆེ་བར་བྱས་ཏེ་བསླེབས་ཡོད་པ་དང་གློག་བརྙན་ཁག་གིས་ཤོད་པའི་གནད་དོན་ཁག་ཀྱང་ངེད་གཉིས་སྒེར་ངོས་ནས་སེམས་འཁྲལ་བྱེད་པའི་གནད་དོན་ཁག་ཡིན།”ཞེས་བཤད་ཡོད།

ཕྱི་ལོ་ ༡༩༩༡ ལོར་ཁོང་གཉིས་ཀྱིས་ཁྲུང་ཁྲུང་དཀར་མོ་གློག་བརྙན་བཟོ་སྐྲུན་ཁང་ཞེས་པའི་རང་གི་རང་དབང་གི་གློག་བརྙན་བཟོ་སྐྲུན་ཁང་མགོ་བཙུགས་པ་རེད་ལ། དེ་ནི་ད་ལྟ་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྒལ་ཚུགས་སུ་གྱུར་ཡོད་ཅིང་། དུས་སྟོན་འདི་ནི་མམ་བྷེ་(Mumbai)དང་གྷོ་ཝ་(Goa)ནང་ཚུགས་ཀྱིན་པའི་ཕྱོགས་ཡོངས་ནས་ཚོང་ལས་དང་འབྲེལ་བའི་གློག་བརྙན་དུས་སྟོན་ཆེན་པོ་དེ་དག་དང་མི་འདྲ་བར་ཁྱོན་ཡོངས་ནས་ཚོང་ལས་མ་འབྲེལ་བ་ཞིག་རེད། “བརྗིད་ཆགས་ཀྱི་རི་བོ་རྡོ་ལ་རྡར་རི་རྒྱུད་རྒྱབ་ཡོལ་བྱས་པའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་མཐུན་གྲོགས་སྦྱིན་བདག་མེད་ལ་མིང་གྲགས་ཆེན་པོ་དེ་འདྲ་ཡང་འཁྱེར་མེད། དེ་ནི་ལྟད་མོ་བ་དང་གློག་བརྙན་བཟོ་སྐྲུན་པ་མཇལ་འཕྲད་དང་ཅུང་ཙམ་སྟབས་བདེ་ངང་ཕན་ཚུན་འདྲིས་པར་བྱེད་པའི་སྟེགས་བུ་ཞིག་ཡིན། དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ལྟ་བ་ནི་མཐའ་གཅིག་ཏུ་གློག་བརྙན་ཁང་ཡག་པོ་དབུ་ཚུགས་པར་བྱེད་རྒྱུ་དེ་ཡིན།” ཞེས་ཁོང་གཉིས་ཀས་བརྗོད་ཡོད།

ཁོང་གཉིས་ཀྱིས་མུ་མཐུད་དུ་“ངེད་གཉིས་གློག་བརྙན་བཟོ་སྐྲུན་མཁན་ཡིན་པ་དང་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དམིགས་བསལ་མི་སྣ་གལ་ཆེན་ཆགས་ཡོད་པ་དངོས་ཡོད་ཡིན་ལ། ངེད་གཉིས་ཀྱིས་གློག་བརྙན་དུས་སྟོན་འདི་ལ་རང་ཉིད་རྒྱལ་སྤྱིའི་སྟེང་གི་གློག་བརྙན་དུས་སྟོན་ཆེ་ཆུང་གཉིས་ཀར་ཞུགས་པའི་ཉམས་མྱོང་ཁག་འཁྱེར་ཡོང་ཡོད་མོད། གློག་བརྙན་བཟོ་སྐྲུན་མཁན་གཞན་དག་ནི་ང་ཚོ་ཚང་མ་གློག་བརྙན་བཟོ་སྐྲུན་གྱི་མཆེད་གྲོགས་ཡིན་པས་དུས་སྟོན་འདི་ལ་རྒྱབ་སྐྱོར་བྱེད་པར་དེ་ལས་ཀྱང་ཞལ་གསང་བ་ཡོད། ངེད་གཉིས་ཀྱིས་གློག་བརྙན་བཟོ་སྐྲུན་པ་དང་གློག་བརྙན་བཟོ་བདག ཚོང་འགྲེམ་ལྟེ་གནས། དུས་སྟོན་བྱེད་སྒོ་སྤེལ་མཁན་བཅས་ཀྱི་རྒྱུད་ལམ་མང་པོ་ཞིག ངེད་གཉིས་ལ་ལམ་སྟོན་དང་གློག་བརྙན་མཚམས་སྦྱོར་བྱེད་པ། རྒྱུན་དུ་ངེད་གཉིས་གློག་བརྙན་བཟོ་སྐྲུན་མཁན་རྣམས་དང་ལྷན་དུ་འབྲེལ་བ་ཡོང་བར་རོགས་དན་བྱེད་པར་བསྡུ་རུབ་བྱེད་ཐུབ་ཀྱིན་ཡོད། གལ་ཆེ་ཤོས་ནི་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན་ཕྱིན་ང་ཚོ་ཚང་མས་རང་ཚུགས་ཅན་གྱི་གློག་བརྙན་རྣམས་སྒྲིག་གཤོམ་བྱེད་སའི་སྟེགས་བུ་ཞིག་བཟོ་བའི་གལ་ཆེན་རང་བཞིན་ཤེས་ཡོད་པ་རེད། བྷན་གྷལ་གྱི་གློག་བརྙན་བཟོ་སྐྲུན་མཁན་ཁོ་ཤིག མོ་ཁར་ཇཱི་(Qaushiq Mukherjee)འམ་ཡོངས་གྲགས་སུ་ཁིའུ་(Q)རུ་འབོད་པ་ཁོང་གིས་ཐེངས་ཤིག་རེ་ཏོ་དང་བསྟན་འཛིན་གཉིས་ནི་ཁོང་ཚོ་རང་ཉིད་རང་ཚུགས་ཅན་གྱི་གློག་བརྙན་བཟོ་སྐྲུན་པ་ཡིན་སྟབས། ཁོང་ཚོ་རང་ཉིད་ཀྱིས་རང་ཚུགས་ཅན་གྱི་གློག་བརྙན་གྱི་རིན་ཐང་ལྟ་ཚུལ་སྐོར་མཁྱེན་གྱིན་ཡོད་པ་རེད། ང་ཚོ་ཡང་དངོས་གནས་དྲང་གནས་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་ང་ཚོ་རང་ཉིད་འགྲོ་སའི་ས་གཞི་ཞིག་དང་ང་ཚོ་རང་ཉིད་ཀྱི་སྟེགས་བུ་ཞིག་ཆགས་པར་དགའ་ཞེན་བྱེད་ཀྱིན་ཡོད། ང་ཚོ་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁྲོད་གློག་བརྙན་གཟིགས་ཕུད་བྱེད་པར་མོས་པོ་ཡོད། དེ་བས་ངའི་བསམ་པར་འདི་ནི་ངེས་བར་དུ་ཡར་རྒྱས་གཏང་དགོས་པའི་བར་སྟོང་གལ་ཆེན་ཞིག་དང་ང་ཚོ་ལ་དགོས་ངེས་ཀྱི་བར་སྟོང་ཞིག་ཡིན་པར་བསམ། ཞེས་བརྗོད་པ་ལྟར་རེད་”ཞེས་བརྗོད་ཡོད།

“དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ང་ཚོའི་དྷ་རམ་ས་ལའི་ཟ་མ་ཟ་སྐབས་ཀྱི་ཁ་བརྡ་རིང་པོ་དག་ལས་བྱུང་བ་དང་། མགོ་སྟོད་ང་ཚོའི་བསམ་ཚུལ་དེ་ས་གནས་སྤྱི་ཚོགས་གློག་བརྙན་ཁང་ཡག་པོ་དང་གདམ་ཀ་ཅན་ཞིག་ལ་ངོ་སྤྲོད་བྱེད་རྒྱུ་དེ་ཡིན། ངེད་གཉིས་གློག་བརྙན་བཟོ་སྐྲུན་པ་ཡིན་པ་དང་གློག་བརྙན་ཁང་ཡག་པོ་ཞིག་གི་སྐོར་ལ་སེམས་ཚོར་སྐྱེན་པོ་ཡོད་པར་བརྟེན་གློག་བརྙན་དུས་སྟོན་ཞིག་མགོ་འཛུགས་པ་ནི་ངེད་གཉིས་ལ་མཚོན་ན་ཆེས་རང་བྱུང་གི་བྱ་བ་ཞིག་བྱེད་པ་ལྟར་སྣང་། ”ཞེས་ཀྱང་བརྗོད་ཡོད།

དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་གློག་བརྙན་ཁང་མེད་པའི་ཧི་མ་ལ་ཡའི་རི་འདབས་ཀྱི་གྲོང་རྡལ་ཞིག་ནང་ས་གནས་ཀྱི་སྤྲོ་སེམས་ཅན་གྱི་དང་བླངས་པའི་ཤོག་ཁག་ཅིག་གི་རོགས་རམ་ལ་བརྟེན་ནས་ཕྱི་ལོ་ ༢༠༡༢ ལོར་མགོ་བཙུགས་པ་དང་། ད་ལྟ་ཟླ་ཤས་ནང་དུས་སྟོན་འདི་ཡི་སྤེལ་ཐེངས་ལྔ་བ་དེ་མགོ་གཟུག་རྒྱུ་རེད་ལ། གོ་སྒྲིག་པ་ཚོས་“དྷ་རམ་ས་ལའི་རྒྱལ་སྤྱིའི་གློ་བརྙན་དུས་སྟོན་སྤེལ་ཐེངས་ལྔ་བ་སྲུང་རྩི་ཞུ་བ་ནི་ང་ཚོ་ལ་མཚོན་ན་གྲུབ་འབྲས་གཙོ་བོ་ཞིག་ཡིན་ལ། རིམ་བཞིན་དུ་དུས་སྟོན་འདི་ཉིད་རྒྱ་གར་གྱི་ས་ཁུལ་ཡོངས་ཀྱི་གློག་བརྙན་བཟོ་སྐྲུན་པ་དང་གློག་བརྙན་ལ་དགའ་མོས་ཅན་ཡོངས་རྫོགས་འདུ་ས་ཞིག་ཏུ་ཡོངས་གྲགས་ཆགས་ཀྱིན་ཡོད་སྟབས། ང་ཚོས་སླར་ཡང་དུས་སྟོན་འདིའི་མ་འོངས་པའི་ལོ་ལྔ་ལ་རང་ཉིད་འཛད་སྤྱོད་བྱེད་དགོས་མིན་མི་ཤེས། ལས་གཞི་འདིའི་ཐོག་དང་བླངས་ཀྱིས་ལས་ཀ་བྱེད་མཁན་གྱི་མི་སྣ་འདྲ་མིན་ཡོངས་ལ་ཕྱིར་བལྟས་ཀྱིས་བསམ་བློ་བཏང་པ་ཡིན་ན། སྦྱོང་བརྡར་བྱེད་མཁན་དང་དང་བླངས་པ་རྣམས། ང་ཚོའི་རྒྱབ་སྐྱོར་བ་རྣམ་པ་དང་ཕྱག་སྦྲེལ་རྣམ་པ་ཡིན་དང་ཡིན་ཚང་མས་ཅི་འདྲའི་གྲུབ་འབྲས་ལྡན་པའི་མཉམ་ལས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད་པ་རྟོགས་ཡོད་པ་རེད།” ཞེས་བརྗོད་འདུག

ས་གནས་སྤྱི་ཚོགས་འཛམ་གླིང་གི་གློག་བརྙན་ཁང་ལ་མཚམས་སྦྱོར་བྱེད་པའི་གསར་གཏོད་ཅིག་དང་ལྷན་དུ་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་དབུ་འབྱེད་དང་དམིགས་བསལ་གཟིགས་འབུལ་བཅས་འགྲན་ཟླ་བྲལ་བ་འགའ་ཤས་བྱུང་ཡོད་ལ། དུས་སྟོན་ཚོགས་ཐེངས་དང་པོ་དང་ལྷན་དུ་དུས་སྟོན་འདི་ཡིས་འིན་ཌི་གློག་བརྙན་བཟོ་ཁང་གི་གློག་བརྙན་བཟོ་སྐྲུན་པ་དག་གི་སེམས་སུ་གོ་གནས་དམིགས་བསལ་བ་ཞིག་བཟུང་བ་དང་། དེ་དུས་ཀྱི་དབུ་འབྱེད་གློག་བརྙན་ནི་ཧན་སིལ་ མི་ཏ་(Hansal Mehta)ཡི་གློག་བརྙན་ཤ་ཧི་ཌི་(Shahid)ཞེས་པ་དེ་ཡིན། ཚོགས་ཐེངས་གཉིས་པའི་ཁྲོད་དུ་ནེ་ར་ཇཱི མན་ཇཱོའུ་ལི་(Nagraj Manjule) ཡི་གློག་བརྙན་ཧྥིན་ཌི་རི་(Fandry)ཡིས་ས་གནས་ཀྱི་སློབ་ཆེན་པ་དང་གློག་བརྙན་ལ་དགའ་མོས་ཅན་ཚོའི་ཁྲོད་དུ་སྤྱི་ཚོགས་ནང་རིགས་རུས་ཀྱི་ཕྱོགས་ལྷུང་ཁྱབ་གདལ་སྐོར་ལ་བགྲོ་གླེང་གི་མེ་ཚག་འབར་དུ་བཅུག་པ་རེད། གོ་སྒྲིག་ཞུ་མཁན་གཉིས་ཀྱི་ངོས་ནས་“འེ་སི་ཧྥི ཀ་པ་ཌི་ཡ་(Asif Kapadia)ཡི་རྟོག་བཟོ་དང་དངོས་བྱུང་གློག་བརྙན་བཟོ་བའི་སྐོར་གྱི་རིག་རྩལ་ཁྱད་དུ་འཕགས་པའི་འཛིན་གྲྭ་ཚུགས་པ་དང་། ཕྱི་ལོ་ ༢༠༡༥ ལོར་འི་སི་རལ་(Israeli)གྱི་གློག་བརྙན་བཟོ་སྐྲུན་པ་ཀྲལ་ཡ ལ་ཝེ་(Talya Lavie)ཡིས་ཁོ་མོའི་དགའ་བསུ་ཐོབ་པའི་གློག་བརྙན་ཀུན་སློང་ཀླད་ཀོར་ཞེས་པ་གཟིགས་འབུལ་ཞུས་པ། ལོ་སྔོན་མའི་འ་བྷེ་ ཀོའུ་མར་(Abhay Kumar)གྱི་ང་ཚོའི་ཤེས་ཡོན་ལམ་ལུགས་ནང་གི་སྤྲོ་གསེང་གི་ཐབས་ལམ་སྐོར་གྱི་དངོས་བྱུང་གློག་བརྙན་ལ་གློག་བརྙན་ཁང་གང་བོས་གཅིག་མཐུན་གྱིས་ཡར་བཞེངས་ནས་བསྟོད་བསྔགས་བྱས་པ་བཅས་ནི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ལོ་ངོ་ལྔ་ལ་དབྱིབས་རྣམ་བཏོད་པའི་བརྗེད་མེད་ཀྱི་སྐད་ཅིག་དག་ཡིན།”ཞེས་ཀྱང་བརྗོད་ཡོད།

ད་དུང་ཆ་ཚང་གསལ་བསྒྲགས་བྱ་རྒྱུ་ཡིན་པའི་འདི་ལོའི་གློག་བརྙན་གྱི་ནང་དུ་གློག་བརྙན་ཐུང་གྲས་དང་བྱིས་པའི་གློག་བརྙན། པ་ལི་སི་ཐན་གྱི་སྒྱུ་རྩལ་པ་བྷེ་སིལ འ་བྷ་སི་(Basel Abbas)དང་རོ་ནེ འ་བྷོ ར་མེ་(Ruanne Aboue-Rahme)ཟུང་གི་འཕྲིན་ལམ་སྣ་གཅིག་གི་བརྙན་ཕབ་གསུམ་དང་སྒྲ་འཇུག་བཅས་དམིགས་བསལ་གཟིགས་འབུལ བཅས་ཚུད་ཡོད་པ་དང་། ད་ལོའི་གློག་བརྙན་ཁྲོད་ཀྱི་སྔ་ཤོས་ཁག་ཅིག་ནི་ཁྱིམ་ཚང་ཞིག་སེ་རི་ཡ་(Syria)ནས་བྲོས་བྱོལ་གྱི་རྗེས་སུ་གཉེན་སྒྲིག་ཅིག་ཁ་ཐོར་ཕྱིན་པར་རྗེས་འདེད་བཏང་པའི་སིན   མེ་ཁི་འེ་སི་ཊར་(Sean McAlliister)གྱི་གློག་བརྙན་སི་རེ་ཡན་གྱི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཅེས་པ་དང་། ཀེ་ར་ལ་(Kerala)ཡི་ནང་དུ་གདོལ་བའི་རིགས་ལ་དམའ་འབེབ་བྱེད་པ་རྟོག་བཟོ་བྱས་པའི་གྲོགས་པོའི་འབྲེལ་བ་ཞིག་བརྒྱུད་ནས་མཚོན་པར་བྱས་པའི་ར་ཇཱི་ཝི ར་ཝི་ཡི་(Rajeev Ravi) གློག་བརྙན་ཀམ་མ་ཏི་ པ་དྷམ་(Kammatipaadam)ཞེས་པ་བཅས་རེད།

ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ཚེས་ ༣ ནས་ ༦ བར་དྷ་རམ་ས་ལ་ནས་ཀི་མི་ཊར་འགའ་ཤས་མཚམས་སུ་ཡོད་པའི་བོད་ཕྲུག་ཁྱིམ་སྡེ་རུ་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འཚོག་རྒྱུ་ཡིན་འདུག ། །།

 

མ་རྩོམ་གྱི་དྲ་ཐག། http://www.sundayguardianlive.com/movies/6707-international-film-fest-town-no-cinemas

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༢ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༤ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese