མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་དང་བཀའ་བློན་རྣམ་པར་མཇལ་ཁ་བསྩལ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཞོགས་པའི་ཆུ་ཚོད་ ༨།༣༠ སྟེང་། ༧གོང་ས་མཆོག་གིས་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དབུས་བའི་བཀའ་བློན་རྣམས་ལ་༧གོང་ས་མཆོག་གིས་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་འདུག

unspecified

འདིའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ནང་། ༧གོང་ས་མཆོག་གི་བཀའ་སློབ་སྙིང་དོན། ད་ལྟའི་ཆར་ཁོང་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་ལ་རྩིས་སྤྲོས་མཛད་ཟིན་སྟབས། དེའི་ཐོག་བཀའ་སློབ་གང་ཡང་སྩལ་གནང་མཛད་རྒྱུ་མིན་ནའང་། དེང་འཛམ་གླིང་ནང་དུ་མདོ་སྔགས་ཟུང་འབྲེལ་ཐོག་དཔལ་ན་ལེནྡྲའི་གཞུང་ལུགས་ལ་སློབ་གཉེར་མཐིལ་ཕྱིན་པ་ཞིག་གནང་དགོས་ཚེ་བོད་སྐད་ལས་ལྷག་པའི་སྐད་ཡིག་གཞན་གཅིག་ཀྱང་མེད་པ་དང་། སྤྱིར་པཱ་ལི་དང་ལེགས་སྦྱར་སྐད་ནང་དུ་ནང་པའི་གཞུང་ཡོད་ཀྱང་དེང་སྐབས་སྐད་ཡིག་དེ་གཉིས་དུས་ཚོད་ཡོལ་ཟིན་པའི་སྐད་ཡིག་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས། བོད་སྐད་ཁོ་ནའི་ཐོག་ནས་ནང་པའི་གཞུང་ལུགས་སྤྱི་དང་། ལྷག་པར་ནང་ཆོས་ནས་གསུངས་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་ཐོག་ཕྱི་རྒྱལ་སེམས་ཁམས་རིག་པ་བ་དང་ཚན་རིག་པ་སོགས་ཀྱིས་གཙོས་མཁས་དབང་དང་། ཤེས་ལྡན་མི་སྣ་ཧ་ཅང་མང་པོའི་ཡིད་དབང་འཕྲོག་ནས་དེར་དོ་སྣང་ཧ་ཅང་བྱེད་བཞིན་པའི་དུས་ཚོད་གཅིག་ལ་བསླེབས་ཡོད་པར་བརྟེན། བོད་མི་ཚོའི་ལག་ཏུ་དེ་ལྟ་བུའི་འཛམ་གླིང་གཅེས་ནོར་ཞིག་ཡོད་པ་དེ་དག་བོད་མི་རང་ཉིད་ཀྱིས་འགྲེལ་བཤད་བརྒྱབ་ནས་འཇིག་རྟེན་ཀུན་ལ་ཕན་པ་ཞིག་ཇི་ལྟར་བྱེད་དགོས་མིན་ཐད་ངེས་པར་དུ་བསམ་བློ་ཤུགས་ཆེ་ཙམ་གཏོང་དགོས་སྐོར་སོགས་གསུངས་ཡོད་འདུག

ད་དུང་ཁོང་གིས། བོད་མིའི་ལ་ཞེན་ཟེར་ནའང་འདྲ་ལ་བོད་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཟེར་ནའང་དེ་ཡིན་པར་བརྟེན། དགོན་པ་གྲྭ་ཚང་ཁག་ལ་སྔ་མོ་ནས་ཞུས་ཡོད་ཀྱང་། བོད་མིའི་ཐུན་མིན་རིག་གཞུང་རྩ་ཆེ་དེ་དག་དགོན་པ་གྲྭ་ཚང་ཁག་གཅིག་པུས་སྲུང་སྐྱོབ་བྱེད་དགོས་པའི་གནས་སྟངས་ཤིག་རྩ་བ་ནས་མིན་སྟབས། ནང་པ་སངས་རྒྱས་པའི་ལྟ་གྲུབ་འདི་ང་ཚོ་བོད་རིགས་ནང་པ་ཡོད་དོ་ཅོག་གིས་འགན་ཁུར་བླངས་ནས་མི་སྐྱ་ཕོ་མོ་ཚོས་ཀྱང་ནང་ཆོས་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། སློབ་གྲྭ་ཁག་གི་ནང་དུའང་ནང་པའི་ལྟ་གྲུབ་དང་འབྲེལ་བའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་དེ་དག་སློབ་ཁྲིད་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར། ཉེ་ལམ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་ཆོས་དགེ་ཞེས་པའི་ཚབ་ཏུ་ལྟ་གྲུབ་སློབ་དཔོན། ཞེས་མིང་སྒྱུར་དགོས་པའི་ལམ་སྟོན་མཛད་ཚུལ་སོགས་གསུངས་ཡོད་འདུག

སྐབས་དེར་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་ལ་ཉེ་ལམ་བཀའ་ཤག་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཙོ་བོར་གྱུར་བའི་བོད་མི་འདུ་སྡོད་ཀྱི་ས་ཁུལ་ཁག་ཏུ་ཉམ་ཐག་ཞིབ་འཇུག་དང་ནད་རིགས་སྔོན་འགོག་ལས་དོན་ཞིབ་འཇུག་བཙུགས་ནས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་ལྟར་བཀའ་ཤག་གིས་ལས་དོན་སྤེལ་ཕྱོགས་སྙིང་བསྡུས་ཤིག་བཅས་སྙན་སེང་ཞུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

སྐར་མ ༡༩ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

སྐར་མ ༥༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

སྐར་མ ༥༧ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 6

  1. བློ་བཟང་། says:
    ལོ་ 9 སྔོན།

    ཐེངས་འདིར་གོང་ས་མཆོག་གིས་སྲིད་སྐྱོང་ལ་གཟིགས་ཏེ། (མ་གཞི་ད་རེས་འོས་ཤོག་ལ་བསམ་བློ་གཏོང་དགོས་ཀྱི་མེད་དུས་སྒང་ལ་མང་ཚོགས་ལ་རང་ལ་བསམ་བློ་བཏང་སྟེ་ཕྱག་ལས་ཡག་པོ་ཞིག་གནང་གི་རེད་བསམ་གི) ཅེས་གསུང་འདུག་པ་དེའང་དུས་བབ་ཚང་གིས་བཀོད་མི་འདུག ཚང་མ་བཀོད་ན་འགོད་རྒྱུ་མང་པོ་ཡོད་རེད་དགེ་བཤེས་དར་རྒྱས་ལགས།

    Reply
  2. དགེ་བཤེས་དར་རྒྱས says:
    ལོ་ 9 སྔོན།

    སྐབས་དེར་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་ལ་ཉེ་ལམ་བཀའ་ཤག་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཙོ་བོར་གྱུར་བའི་བོད་མི་འདུ་སྡོད་ཀྱི་ས་ཁུལ་ཁག་ཏུ་ཉམ་ཐག་ཞིབ་འཇུག་དང་ནད་རིགས་སྔོན་འགོག་ལས་དོན་ཞིབ་འཇུག་བཙུགས་ནས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་ལྟར་བཀའ་ཤག་གིས་ལས་དོན་སྤེལ་ཕྱོགས་སྙིང་བསྡུས་ཤིག་ལྷ་སྙན་སྒྲོན་འབུལ་ཞུས་པར་མགོན་པོ་གང་ཉིད་མཆོག་ཐུགས་ཧ་ཅང་དགྱེས་ཚོར་མཛད་པ་དང་སྦྲགས་བསྔགས་བརྗོད་ཀྱང་མཛད་འདུག མཇལ་བཅར་སྐབས་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་མཆོག་ཀྱང་ལྷན་བཅར་ཞུས་འདུག་པ་བཅས།། ཚིག་འདི་དུས་བབས་ནང་ལ་མི་བཀོད་པའི་རྒྱུ་མཚན་ཅི་ལ་ཐུག་པ་རེད། འདི་འདྲ་རྐྱང་རྐྱང་བྱས་ནས་ཅི་ཕན་རེད།

    Reply
  3. རང་གྲོལ། says:
    ལོ་ 9 སྔོན།

    དཔེ་སྟོན་སློབ་གྲྭ་མགོ་བཏུབ་རྒྱུར་ཤེས་རིག་གིས་འཆར་གཞི་བསྒྲིགས་ཏེ་བཀའ་ཤག་གིས་བཀའ་འཁྲོལ་གནང་མ་ཐག་སླར་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཡིག་བོད་སྐད་གལ་ཆེན་པོ་ཡིན་པ་དང་། སྲིད་སྐྱོང་གཙོ་བྱས་པའི་བཀའ་བློན་ཚང་མ་དང་བོད་གཞུང་གིས་བོད་ཡིག་ཐོག་ཤུགས་རྒྱག་དགོས་པའི་བཀའ་ནན་གནང་འདུག ད་ག་རེ་བྱེད་དགོས་པ་རེད། འགན་འཁུར་སུ་ལ་ཡོད་པ་རེད་་་་་

    Reply
  4. རང་བཙན་བུ། says:
    ལོ་ 9 སྔོན།

    (གང་ཉིད་མཆོག་ཐུགས་ཧ་ཅང་དགྱེས་ཚོར་དང་སྦྲགས་བསྔགས་བརྗོད་ཀྱང་མཛད་འདུག མཇལ་བཅར་སྐབས་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་མཆོག་ཀྱང་ལྷན་བཅར་ཞུས་འདུག་པ་བཅས།།)དུས་བབ་ཚང་གིས་ཚིག་འདི་དག་བཀོད་མི་འདུག ང་ཚོའི་སྲིད་སྐྱོང་དད་པ་ཆེ་ཤོས་ཡིན་པ་དང་། ༧གོང་ས་མཆོག་ནས་ཧ་ཅང་མཉེས་པོ་གནང་སོང་། བསྔགས་བརྗོད་གནང་བྱུང་ལབ་རྒྱུར་དགའ་པོ་ཡོད། སྤྱིར་ན་ཨ་རིའི་གཞུང་སྟོབས་ཆེན་རྒྱལ་ཁབ་ཡིན་པ་དེ་རྒྱལ་ཁབ་ཀྱི་ངོ་གདོང་ལ་བལྟས་པ་ཙམ་གྱིས་ཧ་གོ་ཐུབ། རྒྱ་ནག་སྟོབ་ཆེན་ཡིན་མིན་དེ་དཔོན་པོའི་ཁ་སྒོ་དང་། གཞུང་འབྲེལ་བརྒྱུད་ལམ་གྱི་ཁ་སྒོ་བརྒྱུད་ནས་མ་གཏོགས་ཤེས་ཐུབ་ཀྱི་མི་འདུག

    Reply
  5. sangye tandar says:
    ལོ་ 9 སྔོན།

    དངོས་གནས་དྲང་གནས་ཡག་པོ་བྱུང་འདུག རྗེས་སུ་ཡི་རང་ཞུ། དེ་སྔོན་བཀའ་སློབ་ཕེབས་འབྲས་ནད་པར་རོགས་ཕན་སྙན་སེང་ཞུས་པ་བཞིན་འབྱུང་འགྱུར་མཇལ་ཁ་ཞུ་བའི་སྐབས་ཀྱང་ད་ལམ་གྱི་བཀའ་སློབ་སྟེང་ལག་ལེན་ཇི་གནང་སྙན་སེང་རྒྱལ་བ་དགྱེས་པའི་མཆོད་འཕྲིན་དབུལ་ཐུབ་པ་ཞིག་བཀའ་ཤག་ནས་ཅིས་ཀྱང་གནང་དགོས་པའི་འབོད་སྐུལ་དུ་ན་གས་ཕུལ།།

    Reply
  6. Jigme Wangdu says:
    ལོ་ 9 སྔོན།

    ༅༅། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་པ་ཤོག་
    སྲིད་སྐྱོང་བཀའ་བློན་མཛད་འཕྲིན་རྒྱས་པར་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese