མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་གསུང་དེབ་ཀློགས་རོགས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་གསུང་བཤད་ཐོག་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་དང་། དེའི་རྗེས་༧གོང་ས་མཆོག་གི་གསུང་དེབ་འགྲེམ་སྟོན་ཁང་ཞིག རིམ་གྱིས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་དཔེ་མཛོད་ཁང་ཞིག་ཕྱེ་རྒྱུ་བཅས་ཀྱི་འཆར་གཞི་ཡོད།

times1

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ སྟེང་། དྷ་ས་མེག་གྷན་བོད་ཁྱིམ་ཉིན་སློབ་རྩེད་ཐང་དུ། ༧གོང་ས་མཆོག་གི་གསུང་རྩོམ་དང་ཕྱག་དཔེ་བསྡུ་བསྒྲིགས་གནང་མཁན་མགོན་པོ་རྒྱལ་ལགས་ཀྱིས་དཔེ་དེབ་འགྲེམས་སྟོན་ཞིག་དང་འབྲེལ་ཏེ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་དུ་གདན་འདྲེན་ཞུས་ཏེ། ༼དཔེ་ཀློག་གི་རིན་ཐང་དང་ཤེས་ཡོན་ལ་འཇུག་ཚུལ།༽ཞེས་པའི་བརྗོད་གཞིའི་ཐོག མི་མང་ལ་ཆུ་ཚོད་གཅིག་ལྷག་རིང་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།

དཔེ་དེབ་འགྲེམ་སྟོན་དང་གཏམ་བཤད་དེའི་སྟེང་དྷ་རམ་ས་ལ་ཁུལ་གྱི་སྐྱ་སེར་མང་ཚོགས་ ༢༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང་། གསུང་བཤད་དབུ་འཛུགས་སྟེང་མགོན་པོ་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༡ ཙམ་ནང་ངས་༧གོང་ས་མཆོག་གི་བཀའ་སློབ་ཁག་ཅིག་བཀླགས་པ་བརྒྱུད་ང་རང་གི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཆེན་པོ་ཕྱིན་སོང་། དེའི་རྗེས་ལ་ངས་ཁོང་གི་བཀའ་སློབ་མང་པོ་རུག་རུག་བྱས་ནས་བཀླགས་པ་ཡིན་ལ། རྗེས་སུ་རིམ་པས་ཁོང་གི་བཀའ་སློབ་དགོངས་དོན་དེ་དག་མི་མང་གིས་ཀློག་ཐུབ་ན་བསམ་ནས་མི་མང་ལ་༧གོང་ས་མཆོག་གི་གསུང་རྩོམ་ཁག་ངོ་སྤྲོད་ཞུ་ཆེད་དང་། ཕྱོགས་གཞན་ཞིག་ནས་མི་མང་ནང་དཔེ་ཀློག་གི་གོམ་གཤིས་ཆགས་ཐབས་སུ་ཕྱོགས་ཡར་མར་ནས་རྒྱལ་བའི་གསུང་རྩོམ་ཁག་ཅིག་འཚོལ་བསྡུ་བྱས་ཏེ། ༢༠༡༢ ལོར་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་བསྩལ་བ་དང་བསྟུན་ཏེ། འབྲས་སྤུངས་བླ་སྤྱིའི་ཚོགས་ཁང་གསར་བའི་ནང་དུ་༧གོང་ས་མཆོག་གི་གསུང་རྩོམ་དང་ཕྱག་དཔེ་འགྲེམ་སྟོན་ཐེངས་དང་པོ་དེ་བྱས་པ་ཡིན། དུས་དེ་ནས་བཟུང་དེ་རིང་བར་བཙན་བྱོལ་ནང་གི་དགོན་སྡེ་ཁག་དང་སློབ་གྲྭ་ཁག དེ་བཞིན། རྒྱ་གར་སྤྱི་ཚོགས་ནང་བཅས་སུ་འགྲེམས་སྟོན་དང་ངོ་སྤྲོད་ཐེངས་ ༥༣ ཙམ་བྱས་པ་ཡིན། ཞེས་བརྗོད་སོང་།

མགོན་པོ་རྒྱལ་ལགས་ཀྱིས་ད་བར་༧གོང་ས་མཆོག་གི་གསུང་དེབ་འཛམ་གླིང་གི་སྐད་ཡིག་ག་ཚོད་ནང་ཡོད་མེད་སྐོར་ལ། འགྲེམས་སྟོན་ཐེངས་དང་པོའི་སྐབས་སུ་བོད་རྒྱ་དབྱིན་གསུམ་ནང་ཡོད་པའི་དེབ་ ༡༩༧ ཙམ་ཡོད། དེའི་རྗེས་སུ་སྐད་ཡིག་གཞན་པ་མང་པོ་ཞིག་གི་ནང་ནས་༧གོང་ས་མཆོག་གི་གསུང་དེབ་རྙེད་དེ་ད་ལྟ་སྐད་ཡིག་ ༡༧ ནང་ཡོད་པའི་དེབ་ ༡༡༡༧ ཙམ་འཚོལ་བསྡུ་བྱས་ཡོད། དེའི་ནང་ཁོང་གི་བཀའ་སློབ་མ་འདྲ་བ་ཁག་ ༣༠༠ ཙམ་འདུག ད་སྔ་ང་རང་གིས་ཤེས་རྟོགས་བྱུང་བ་འཛམ་གླིང་གི་སྐད་ཡིག་ ༦༩ ཙམ་ནང་༧གོང་ས་མཆོག་གི་གསུང་དེབ་འདུག དབྱིན་ཡིག་གཅིག་པུའི་ནང་གསུང་དེབ་ ༡༧༠ ཙམ་ཡོད་པ་ཧ་གོ་སོང་། དེ་དག་ལས་བོད་ཡིག་ནང་ཚུར་བསྒྱུར་བཞག་པའི་གསུང་དེབ་ ༡༨ ཙམ་འདུག དེ་བཞིན། བོད་ཡིག་རང་གི་ནང་དུ་ཡོད་པ་ད་ཆར་ལག་སོན་བྱུང་བ་དེབ་ ༡༢༦ འདུག ཅེས་བརྗོད་སོང་།

༧གོང་ས་མཆོག་གི་གསུང་དེབ་འགྲེམ་སྟོན་གནང་དགོས་པའི་རྒྱུ་མཚན་དང་། མང་ཚོགས་ནང་༧གོང་ས་མཆོག་གི་གསུང་རྩོམ་སྐོར་ལ་མཐོང་སྣང་ག་འདྲ་ཡོད་མེད་སྐོར་བརྗོད་དོན། ང་ཚོས་༧རྒྱལ་བ་རིན་པོ་ཆེ་རྩ་ཆེན་པོ་ཡིན་པ་དང་། ཁོང་གི་བཀའ་སློབ་ལམ་སྟོན་ཁག་གཏིང་ཟབ་མོ་ཡིན་པ་རྣམ་རྒྱུན་ཁ་ནས་ཤོད་བཞིན་ཡོད་པ་རེད། ཡིན་ནའང་མང་ཚོགས་མང་པོ་ཞིག་གིས་ཁོང་གིས་ག་རེ་གསུངས་ཡོད་པ་ཤེས་ཀྱི་ཡོད་པ་མ་རེད། དེ་ཤེས་དགོས་ན་ཁོང་གི་གསུང་དེབ་བཀླག་རྒྱུ་དང་། གསུང་ལག་ལེན་བསྟར་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག

ང་རང་གིས་གསུང་དེབ་འགྲེམས་སྟོན་དང་ངོ་སྤྲོད་བྱེད་སྐབས། རྒྱ་གར་དང་ཕྱི་རྒྱལ་བ་མང་པོ་ཞིག་གིས་༧གོང་ས་མཆོག་གི་གསུང་རྩོམ་ཁག་ཅིག་ཐེངས་མང་པོར་བཀླགས་མྱོང་མོད། ཁོང་ལ་འདི་ལྟ་བུའི་གསུང་རྩོམ་མང་པོ་ཞིག་ཡོད་པ་ཧ་གོ་མ་སོང་ཟེར་ནས་ཧང་སང་སང་བྱེད་ཀྱིན་འདུག ཡིན་ནའང་བོད་པའི་སློབ་གྲྭ་རེ་ཟུང་གིས་༧གོང་ས་མཆོག་ལ་གསུང་རྩོམ་མང་པོ་ཡོད་ཡོད་པ་རེད། དེ་འགྲེམས་སྟོན་བྱས་ནས་ཅི་བྱེད་ཅེས་འགྲེམས་སྟོན་བྱེད་དུ་བཅུག་མ་སོང་། ཞེས་བརྗོད་སོང་།

རྒྱལ་བའི་གསུང་རྩོམ་འགྲེམས་སྟོན་གྱི་ལས་འཆར་གསར་བའི་སྐོར་ལ་ཁོས། ༢༠༡༧ ལོར་རྒྱལ་སྤྱིའི་༧ཏཱ་ལའི་བླ་མའི་གསུང་རྩོམ་བགྲོ་གླེང་ཚོགས་ཆེན་ཞིག་བསྐོང་རྒྱུའི་འཆར་གཞི་ཡོད། དེའི་རྗེས་ལ་རིམ་པའི་༧གོང་ས་མཆོག་གི་གསུང་དེབ་འགྲེམ་སྟོན་ཁང་ཞིག་ཕྱེ་ཐུབ་ན་བསམ་བསྡད་ཡོད། དེ་དག་ལེགས་འགྲུབ་བྱུང་བ་ཡིན་ན། མ་འོངས་པར་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་འདི་གཙོ་བྱས་ཏེ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་དེབ་དཔེ་མཛོད་ཁང་ཞིག་སྒོ་འབྱེད་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད། དཔེ་མཛོད་ཁང་དེའི་ནང་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་དང་འབྲེལ་བའི་དཔེ་དེབ་སྐད་ཡིག་ག་རེ་ནང་ཡོད་པ་ཆ་ཚང་ཡོད་པ་མ་ཟད། རྒྱལ་དབང་སྐུ་ཕྲེང་དང་པོ་ནས་ད་བར་གྱི་གསུང་འབུམ་ཁག་ཀྱང་ཡོད་པ་ཞིག་བྱུང་ན་བསམ་བསྡད་ཡོད། ཅེས་བརྗོད་བྱུང་།

times2

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

སྐར་མ ༤༣ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༩ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༡ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨

མཆན། 3

  1. བསྟན་འཛིན་རབ་རྒྱས། says:
    ལོ་ 9 སྔོན།

    ཁྲི་ཟུར་རིན་པོ་ཆེ་མཆོག་གི་སྐུ་ཉིད་ཀྱི་ལས་འགུལ་བརྩམས་པ་འདིར་ལེགས་གསོལ་ཡི་རང་གི་བསྔགས་བརྗོད་ཞུ་བ་འདི་ལས་ཚད་མཐོ་བ་དང་འདེང་འཇོགས་ཆེ་བ་ཞིག་མེད་སྟབས། མུ་མཐུད་བླ་མ་དགྱེས་པའི་མཆོད་རྫས་ཀྱི་ཡན་ལག་འདིར་དགེག་བར་ཆད་རིགས་མི་ཡོང་བའི་སྨོན་ལམ་ཞུ་བཞིན་ལགས།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གྱི་གསུང་དེབ་ཁག་མི་སྒེར་པ་ཞིག་གི་ངོས་ནས་བསྡུ་རུབ་གནང་ནས་ཕྱི་ནང་མི་རིགས་ལ་ངོ་སྤྲོད་གནང་བཞིན་པ་ནི་རྗེས་སུ་ཡིད་རངས་ཡོད་ལ་བསྔགས་བརྗོད་ཀྱང་ཡོད་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད། འོན་ཀྱང་དངོས་འབྲེལ་བྱས་ན་གོང་ས་མཆོག་ནས་ཆོས་སྲིད་དང་ཤེས་ཡོན་བཟང་སྤྱོད་འཁོར་ཡུག་སོགས་བླངས་དོར་གྱི་བཀའ་སློབ་གནང་བའི་གསུང་དེབ་ཁག་རང་གཞུང་ཆོས་རིག་ལྷན་ཁང་ནས་འགན་བཞེས་ནས་གཏན་ཉིན་སློབ་གྲ་ཁག་དང་ཆོས་སྒར་ཁག་གཞིས་ཆགས་ཁག་ནང་དཔེ་མཛོད་ཁང་བཙུགས་ནས་རྒྱུན་དུ་མི་མང་བལྟ་ཀློག་བྱ་སའི་འཁོར་ཡུག་བསྐྲུན་དགོས་པ་ལས་འགྲེམས་སྟོན་གྱི་ངོ་བོའི་ཐོག་ནས་མི་མང་གི་སེམས་ནང་ཇི་ཙམ་ཉར་ཐུབ་མིན་འཐེ་འཚོམས་ནང་ལྷག་ཡོད་ན། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་དང་ཤེས་རིག་ལྷན་ཁང་ནས་ཐུགས་འགན་བཞེས་ཏེ་གོང་ས་མཆོག་གི་བཀའ་སློབ་གསུང་དེབ་རྣམས་མི་མང་གི་མིག་མདུན་དུ་ལྷག་ནས་བལྟ་ཀློག་བྱ་ཐུབ་པའི་འགན་འཁུར་བཞེས་རོགས་གནང་།

    Reply
  3. Jigme Wangdu says:
    ལོ་ 9 སྔོན།

    ༅༅།བོད་གངས་ཅན་གྱི་རྒྱལ་ཞེན་པ་མགོན་པོ་རྒྱལ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དེབ་འདྲ་མིན་
    གྱི་འགྲེམས་སྟོན་ཞིག་གནང་བར་སྙིང་ནས་བསྔགས་བརྗོད་དང་བཀྲིས་བདེ་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese