༄༅། བོད་ཀྱི་དུས་བབ་ ༢༠༡༦།༡༠།༠༥ རིག་པ། (༠) གསལ་བསྒྲགས་ནང་འཁོད་༼ཐེ་ཝན་ནང་གནས་སྡོད་སོག་ཙན་དན་དགོན་གྱི་གྲྭ་ལོག་པདྨ་རྒྱ་མཚོ༽ ཞེས་གསལ་པ་སོག་ཙན་དན་དགོན་ཟེར་ན་སོག་སྤྱི་ལ་ཁྱབ་པའི་ཐ་སྙད་ཅིག་ཡིན་པ་ངོས་འཛིན་བྱས་པ་ཞིག་ཡིན། པདྨ་རྒྱ་མཚོ་སོག་ཙན་དན་དགོན་པའི་གྲྭ་ལོག་རེད་མིན་འདུག་པས་གོ་བ་ལོག་པར་ཕྱིན་པ་དེར་ང་ཚོས་ཙན་དན་དགོན་པར་བཟོད་གསོལ་ཞུ་རྒྱུ་ཡིན། བལ་ཡུལ་སོག་ཙན་དན་དགོན་གྱི་སྐྱིད་སྡུག་ནས་མི་ངན་པདྨ་རྒྱ་མཚོར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་གསུངས་པར་ཡིད་རང་སྔགས་བརྗོད་ཞུ་རྒྱུ་དང་ང་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༥ ལ།
ངོ་བཤུས། དགའ་ལྡན་ཕོ་བྲང་ཡིག་ཚང་།
དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག