མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་བཅུ་དང་ལྕག་ཚན་ཉིས་སྟོང་གི་ཆོས་ཁྲིམས་ཕོགས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཆེ་བ་ཞིག་གིས་སྤྱི་ཚོགས་བརྒྱུད་ལམ་ཐོག་ལྷ་མེད་སྨྲ་བའི་ལྟ་ཚུལ་བཏོན་ཏེ་ཁ་ཆེའི་གསུང་རབ་ལ་ཟུར་ཟ་བྱས་པར་བར་བརྟེན་ཏེ་ཁྲིམས་ཁང་གིས་ཁོ་ལ་ལྕག་ཚན་ཉིས་སྟོང་དང་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་འདུག

དབྱིན་ཇིའི་ཉིན་རེའི་གསར་ཤོག་ (The Sun) ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སུ་ཌེ་ཨ་ར་བྷེ་ཡའི་ (Saudi Arabia) ཁྲིམས་ཁང་ཞིག་གིས་རང་ལོ་ ༢༨ ཡིན་ཞིང་མིང་ལ་ཨལ་ཝ་ཊན་ (Al-Watan) ཟེར་བའི་ཁ་ཆེ་བ་ཞིག་གིས་སྤྱི་ཚོགས་བརྒྱུད་ལམ་ཊི་ཝེ་ཊིར་ (Twitter) ཞེས་པའི་སྟེང་ལྷ་མེད་སྨྲ་བའི་ལྟ་ཚུལ་བཏོན་པར་བརྟེན་ཏེ། ཁྲིམས་ཁང་གིས་ཡུལ་ལུང་དེའི་ཆོས་ལུགས་ཁྲིམས་སྒྲིག་གཞིར་བཟུང་ཁོ་ལ་ལྕག་ཚན་ ༢༠༠༠ དང་ལོ་ ༡༠ ཡི་ཁྲིམས་ཐག་བཅད་པ་མ་ཟད། ད་དུང་ཡུ་སྒོར་ ༤༠༠༠ གི་ཉེས་ཆད་བཅད་ཡོད་འདུག

sharia-justice-2-640x360-700x350མིང་ལ་ཨལ་ཝ་ཌན་ཟེར་བའི་ཁ་ཆེ་བ་དེས་སྤྱི་ཚོགས་བརྒྱུད་ལམ་ཊི་ཝེ་ཊིར་སྟེང་ཁྱོན་འཕྲིན་ཐུང་ ༦༠༠ ལྷག་སྤེལ་བའི་ནང་། ཁོས་འཇིག་རྟེན་མི་ཡུལ་འདིར་དཀོན་མཆོག་ཟེར་བ་ཞིག་མེད་ལུགས་དང་། ཁ་ཆེ་བའི་སྟོན་པ་དང་ཆོས་དཔོན་ཚོས་རྫུན་བཤད་ཀྱི་ཡོད་པ། ཁོང་ཚོའི་གསུང་རབ་ལ་བརྟེན་ནས་སྤྱི་ཚོགས་ནང་འཁྲུག་འཛིང་ལང་གི་ཡོད་སྐོར་བཤད་འདུག

ནུབ་ཨ་ཧྥི་རི་ཁ་དང་དཀྱིལ་ཤར་ཡུལ་གྲུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐུ་ཞབས་ཇོ་སི་ཊོར་ཀི་ (Joe Stork) ཟེར་བ་ཞིག་གིས། སུ་ཌེ་གཞུང་གི་དཔོན་རིགས་ཚོས་སྲིད་གཞུང་གི་ཆོས་ལུགས་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་དང་། ལྷག་པར་དུ་ཉེ་ལམ་རྒྱལ་བོ་ཨབ་ཌུ་ལ་ (Abdullah) ཡིས་གསར་བཟོ་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་གསར་བ་ཁག་ལ་རང་དབང་གི་བསམ་ཚུལ་འདོན་མཁན་ཚོར་འཇིགས་སྐུལ་ནར་གཅོད་གཏོང་གི་ཡོད་པ་དེར་སྐྱོན་བརྗོད་བྱས་འདུག

གནས་ཚུལ་ལྟར་ན། སུ་ཌེ་ཨ་ར་བྷེ་ཡ་ནང་ཆོས་ལུགས་ཆབ་སྲིད་ཀྱི་ཟིང་འཁྲུག་ཞི་འཇགས་གཏོང་ཆེད་རྒྱལ་བོ་ཨབ་ཌུ་ལ་ (Abdullah) ཡིས་ཕྱི་ལོ་ ༢༠༡༤ ལོར་ཆོས་ལུགས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཁག་ཅིག་གསར་འཛུགས་ལག་བསྟར་བྱེད་བཞིན་ཡོད་འདུག

གཞན། ཨ་ཧྥི་གྷ་ནེ་སི་ཐན་དང་པ་ཀི་སི་ཐན། མ་ལེ་ཞེ་ཡ་དང་ནེ་གྷི་རེ་ཡ། སུ་ཌེ་ཨ་ར་བྷེ་ཡ་དང་ཨེ་རན། སོ་མ་ལེ་ཡ་དང་ཡི་མིན་སོགས་ཁ་ཆེ་རྒྱལ་ཁབ་ ༡༣ ནང་དེང་སྐབས་ལྷ་མེད་སྨྲ་བ་དང་བསམ་བློའི་རང་དབང་། ལྷག་པར་དུ་ཁ་ཆེ་བུད་མེད་ཚོའི་གཉེན་སྒྲིག་དབང་རང་དང་འདུ་འཛོམས་རང་དབང་། དེ་བཞིན། ཁ་ཆེ་བུད་མེད་ཚོ་སྲིད་དོན་ལས་སྒོར་ཞུགས་ཆོག་མིན་སོགས་ཀྱི་རྩོད་གླེང་མང་པོ་འབྱུང་གི་ཡོད་པ་དང་། ཁ་ཆེ་ཡུལ་ལུང་མང་ཆེ་བའི་ནང་ཟིང་འཁྲུག་གི་འབྱུང་རྐྱེན་གཙོ་དེ་ཆོས་ལུགས་གྲུབ་མཐའི་རྩོད་གླེང་ཆགས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

མཆན། 2

  1. Abharu Jigwang says:
    ལོ་ 9 སྔོན།

    ༅༅། འདི་ཐམས་ཅད་དབང་སྣོན་དད་པའི་རྗེས་བྲང་པ་ཡིན་པ་ལས་དབང་ལྡན་ཆོས་ཀྱི་རྗེས་བྲང་པ་མིན་ནོ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    དུས་རབས་ཉི་ཤུ་རྩ་གཅིག་ནང་ང་ཚོ་ས་འོག་ཆུ་ནང་དུ་ཉ་ལྟར་ཁྱུགས་
    བཞིན་པ་དང་བར་སྣང་ལ་བྱ་ལྟར་ཕུར་བཞིན་པ་དང་དེ་སྔོན་གདོན་མའི་
    སྤྱི་ཚོགས་ཀྱི་མགོན་སྐྱབས་ཆོས་བྱེད་སའི་རྒྱུ་སྐར་ཉི་མ་དང་ཟླ་བའི་
    འགྲུལ་བཞུད་བྱས་ནས་མི་གི་བསམ་བློའི་རང་དབང་དང་ཤེས་བྱ་རིག་པའི་བརྒྱུད་ནས་དུས་རབས་སྔོན་འཐོན་ནང་ང་སླེབས་ཡོད་ན་ཡང་ས་ཁུག་ལུང་ཁུག་འགའ་ཤས་ལ་དུས་ད་ལྟ་ཡང་བསམ་སྤྱོད་ཀྱི་རང་དབང་མེད་པར་
    མི་གི་མི་ལ་གནར་གཅོད་དང་སྡུག་སྦྱོངས་གཏོང་བཞིན་པ་ནི་རང་དབང་མང་གཙོའི་རྒྱལ་ཁབ་ཀྱི་ངོ་སྣོང་དགོས་ཞིག་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese