མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་རང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་རྣལ་མ་ཞིག་ཡོང་བའི་སྐྱབས་འཇུག་ཞུ་ཡི་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་འཕན་པོ་དང་པདྨ་བཀོད་ཀྱི་སེར་སྐྱ་མི་མང་ནས་བརྟན་བཞུགས་འདེགས་འབུལ་ཞུ་སྐབས་༧གོང་ས་མཆོག་གིས་ཡར་བརྟན་བཞུགས་ཕུལ་ཏེ་ཚེ་རིང་བ་ཤོག་ཅེས་སྐྱབས་འཇུག་ཞུས་ཡོད་པ་དང་། མར་ཆོས་ཆོས་སུ་སོང་བ་ཞིག་དང་། བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་རྣལ་མ་ཞིག་ཡོང་བའི་སྐྱབས་འཇུག་ཞུ་ཡི་ཡོད་གསུངས་སོང་།

IMG_3109 དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཡོལ་ཙམ་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། གཞིས་བྱེས་འཕན་པོ་དང་པདྨ་བཀོད་ཀྱི་སེར་སྐྱ་མི་མང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་འདེགས་འབུལ་ཞུས་སོང་བ་དང་། སྐབས་དེར་ཨོ་རི་སར་ཡོད་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དབུ་བླ་སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་དབུས་མཁན་བླ་དགེ་འདུན་པའི་སྡེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་ཚོགས་དྲུང་། དྷ་ས་ཁུལ་གྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། གཞན་ཡང་། བྱེས་ཀྱི་འཕན་པོའི་ས་གནས་ཁག་ ༡༥ ཙམ་ནས་བརྟན་བཞུགས་འབུལ་མཁན་ ༢༠༠ མ་ཟིན་ཙམ་དང་། པདྨ་བཀོད་ཀྱི་ས་གནས་ཁག་ ༡༤ ནས་བརྟན་བཞུགས་འབུལ་མཁན་ ༡༣༠༠ ཙམ་གྱི་གཙོས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་བའི་ཡུལ་སྐོར་བ་སོགས་མི་གྲངས་ ༤༠༠༠ ཡས་མས་འཛོམས་འདུག

༧གོང་ས་མཆོག་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་སྐབས། ཁྱེད་རང་ཚོ་བྱེས་སུ་འཁོད་པའི་པདྨ་བཀོད་པ་དང་འཕན་པོ་སྐྱིད་སྡུག་ནས་གཞིས་ལུས་མི་མང་ཚོའི་བསམ་བློ་དང་འདུན་པའི་ཚབ་བྱས་ཏེ། དེ་རིང་འདི་བཞུགས་བརྟན་གནང་བ་དེར་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་འདྲ་པོ་མཐའ་མར་བ་ཞིག་ལ་སྐྱེས་འཆི་ལ་རང་དབང་ཡོད་པ་མ་རེད་དེ། སུ་དང་སུ་ཡིན་ནའང་ཕན་པ་ཟེར་བ་དེ་གནད་འགག་ཆེན་པོ་རེད་འདུག་གཱ། དེར་བརྟེན་ང་རང་གི་ངོས་ནས་ཡིན་ནའང་ཇི་སྲིད་ནམ་མཁའ་གནས་པ་དང་། ། འགྲོ་བ་ཇི་སྲིད་གནས་གྱུར་པ། ། དེ་སྲིད་བདག་ནི་གནས་གྱུར་ནས། ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་སྨོན་ལམ་རྒྱག་གི་ཡོད་ལ། ཚིག་ཙམ་གྱི་སྨོན་ལམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་སེམས་ཤུགས་སྐྱེད་དེ་ཉིན་རེ་བཞིན་དུ་སྨོན་ལམ་རྒྱག་གི་ཡོད། ངའི་མི་ཚེ་འདིར་དངོས་སུ་མིག་མཐོང་ལག་ཟིན་གྱིས་སངས་རྒྱས་ཀྱི་བསྟན་པ་དང་། འགྲོ་བའི་དོན་ལ་ཕན་ཐོགས་གང་ལ་གང་འཚམ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་ལའང་ཕན་ཐོགས་ཡོད་བསྡད་པ་གསལ་པོ་རེད། ཅེས་དང་། ང་རང་གི་ངོས་ནས་ལུས་རྟེན་འདི་ལོ་གང་མང་མང་ཞིག་ལ་འཚོ་ཐུབ་ན་བསམ་པའི་སྨོན་ལམ་རྒྱག་གི་ཡོད་ལ། འདུན་པའང་གཏོང་གི་ཡོད། དེའི་ཐོག་ལ་ཁྱེད་རང་ཚོས་དེ་རིང་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་ཁོངས་ཀྱི་ཆེ་བ་འདིའི་ཐོག་ནས་སྒྲུབ་པ་སྔོན་དུ་སོང་བའི་སྒོ་ནས་བརྟན་བཞུགས་གནང་བ་རེད། ནུས་པ་ཞིག་ཏན་ཏན་ཡོང་གི་རེད། དད་པ་དང་དམ་ཚིག་མི་གཡོ་བ་དེ་གཙོ་བོ་ཡིན་པས་དད་པ་དང་དམ་ཚིག་ལྡན་པའི་ཐོག་ནས་གནང་བ་དེར་ཐུགས་རྗེ་ཆེ། ཞེས་སོགས་གསུངས་སོང་།

ཡང་ཁོང་གིས། ཆོས་ཞེས་པ་དེ་ཁ་ནས་འདོན་བསྡད་པ་ཙམ་མིན་པར་སེམས་རྒྱུད་འདུལ་དགོས་པ་དང་། སེམས་རྒྱུད་འདུལ་མ་ཐུབ་ན་བསྟན་པའི་ཞབས་འདྲེན་རེད། སངས་རྒྱས་ཀྱི་བསྟན་པར་ཕན་རྒྱུ་ལས་ལྡོག་སྟེ་གནོད་ཀྱི་ཡོད་པས་ཚང་མས་ཧུར་སྐྱེད་གནང་རོགས། ཁྱེད་རང་ཚོས་བརྟན་བཞུགས་ཕུལ་ཏེ་ཚེ་རིང་བ་ཤོག་ཟེར་ནས་ང་ལ་ཡར་སྐྱབས་འཇུག་ཞུ་ཡི་ཡོད་པ་དང་། ཁྱེད་རང་ཚོས་ཆོས་ཆོས་སུ་སོང་བ་ཞིག་དང་། བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་རྣལ་མ་ཞིག་བྱེད་རོགས། ཐུགས་རྗེ་གཟིགས་ཞེས་ངས་མར་སྐྱབས་འཇུག་ཞུ་ཡི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese