མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཅིག་གི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གོ་མན་ཏང་གིས་ལོ་ངོ་ཉེར་བཞིའི་སྔོན་གྱི་གྲོས་དོན་དེ་ནི་ཐའེ་རྒྱ་གཉིས་བར་འབྲེལ་མོལ་ཡོང་ཐབས་ཀྱི་གཞི་རྩ་ཡིན་པ་དང་ཐའེ་ཝན་མི་མང་གི་ཆེད་དུ་གོ་མན་ཏང་གིས་རྒྱ་ནག་སྐམ་ས་ཆེན་མོར་གྲོས་མོལ་བྱ་འདོད་ཡོད་ཟེར།

f-chinataiwan-a-20161103-870x703དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཐའེ་ཝན་གོ་མན་ཏང་ཤོག་ཁག་གི་ཚོགས་གཞོན་དང་སྤྱི་ཁྱབ་དྲུང་གཞོན་ལྕམ་ཧུང་ཞུའུ་ཀྲུ་ (Hung Hsiu-chu) དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ནས་ཕྱི་ལོ་ ༡༩༩༢ ལོའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་གིས་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་དེ་ཞི་བའི་ཐོག་ནས་ཡར་རྒྱས་གཏོང་ཐབས་སུ་མཉམ་ལས་བྱ་དགོས་པ་དང་རྒྱལ་ཁབ་ཁ་བྲལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཕྱོགས་གཉིས་ནས་ཕྱི་ལོ་ ༡༩༩༢ ལོའི་ཐུན་མོང་གི་ངོས་འཛིན་དེ་རྒྱ་ནག་རྒྱལ་ཁབ་གཅིག་གི་ལམ་ལུགས་གཞིར་བཟུང་ཐོག་ཕྱོགས་གཉིས་བར་ཞི་བདེ་བརྟན་ལྷིང་ཡོང་དགོས་པ་དང་། གོ་གུང་གཉིས་ནས་ཕྱི་ལོ་ ༢༠༠༨ ལོའི་བཟང་ཕྱོགས་ཀྱི་འབྲེལ་ལམ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་དང་མངའ་ཁོངས་གཅིག་གྱུར་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་ཀྱི་རིག་གནས་དཔལ་ཡོན་ཡར་རྒྱས་གཏོང་རྒྱུ་ནི་གོ་གུང་མི་མང་གི་དཀའ་རྙོག་སེལ་ཐབས་ཤིག་ཡིན་ཞིང་། གོ་གུང་གཉིས་བར་གྱི་བྱུང་རབས་ལོ་རྒྱུས་ནི་དུས་ནམ་ཡང་འགྱུར་བ་གཏོང་ཐབས་མེད་ལུགས་སོགས་བརྗོད་འདུག

གོ་མན་ཏང་གི་ཚོགས་གཞོན་ཧོང་ཞུའུ་ཀྲུ་ཡིས། ཕྱི་ལོ་ ༡༩༩༢ ལོར་གོ་གུང་གཉིས་བར་རྒྱ་ནག་རྒྱལ་ཁབ་གཅིག་གི་ལམ་ལུགས་ཐད་མང་མོས་ཀྱི་གྲོས་དོན་བཏོན་ཡོད་པ་དང་། གྲོས་དོན་དེ་ནི་ཕྱོགས་གཉིས་བར་ཐུན་མོང་གི་ཡིད་རྟོན་དང་འབྲེལ་མོལ་ཡོང་ཐབས་ཀྱི་གཞི་རྩ་ཡིན་སྟབས། གྲོས་དོན་དེ་ལ་བརྟེན་ནས་ཐའེ་རྒྱ་གཉིས་བར་བསམ་ཚུལ་བརྗེ་རེས་དང་འབྲེལ་མོལ་རྒྱན་སྐྱོང་དགོས་པ་དང་། དེང་སྐབས་པེ་ཅིན་དང་ཐའེ་པེ་གྲོང་ཁྱེར་གཉིས་བར་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་ནའང་། ཐའེ་ཝན་མི་མང་གི་ཆེད་དུ་གོ་མན་ཏང་ཕྱོགས་ནས་སྐམ་ས་ཆེན་མོ་དང་ལྷན་དུ་མུ་མཐུད་ཞི་བའི་འབྲེལ་མོལ་བྱ་རྒྱུ་ཡིན་ལུགས་བཤད་འདུག

ཐའེ་རྒྱ་གཉིས་བར་གྱི་ལས་དོན་ཐད་ཀྱི་ཆེད་མཁས་པ་སྐུ་ཞབས་རེ་ཆར་ཌི་བྷུ་ཤཱི་ (Richard Bush) ལགས་ཀྱིས། གལ་ཏེ་ཐའེ་རྒྱ་གཉིས་ནས་ཕྱི་ལོ་ ༡༩༩༢ ལོའི་གྲོས་དོན་ཏེ་རྒྱ་ནག་རྒྱལ་ཁབ་གཅིག་གི་ལམ་ལུགས་ཐད་ཀྱི་རྩོད་རྙོག་སེལ་མ་ཐུབ་པ་ཡིན་ནའང་། མ་འོངས་པར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་སྲིད་པ་དང་། ཨ་རིའི་ཕྱོགས་ནས་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་རྒྱ་གཉིས་བར་གྱི་འབྲེལ་མོལ་རྒྱུན་འཁྱོངས་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད་ནའང་། རྒྱ་ནག་སྐམ་ས་ཆེན་མོའི་ཕྱོགས་ནས་དེ་ལྟར་བྱས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་ལྕམ་ཚའེ་ཡེན་ཝན་ལ་ཡིད་ཆེས་བྱེད་ཀྱིན་མེད་ཅིང་། ལྕམ་ཚའེ་ཡེན་ཝན་དང་ཐའེ་ཝན་མི་མང་གིས་སྐམ་ས་ཆེན་མོར་ཡིད་རྟོན་མི་བྱེད་པ་དེ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་དང་། པེ་ཅིན་གཞུང་ཕྱོགས་ནས་རྒྱ་ནག་རྒྱལ་ཁབ་གཅིག་གི་ཆ་རྐྱེན་ཁོ་ན་འདོན་གྱི་ཡོད་སྟབས། ལྕམ་ཚའེ་ཡེན་ཝན་གྱིས་དེ་དོན་ངོས་ལེན་བྱེད་ཐབས་མེད་སྐོར་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ན་ནིང་ཕྱི་ཟླ་ ༥ ནང་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ལྕམ་ཚའེ་ཡེན་ཝན་ལགས་ཐའེ་ཝན་མཚོ་འགག་གི་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས། ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་ལྕམ་ཚའེ་ཡེན་ཝན་ལགས་ཀྱིས་ཕྱི་ལོ་ ༡༩༩༢ ལོའི་གྲོས་དོན་ཏེ་རྒྱ་ནག་རྒྱལ་ཁག་གཅིག་གི་ལམ་ལུགས་ལ་མོས་མཐུན་མ་གནང་བའི་རྐྱེན་པས། པེ་ཅིན་གཞུང་ཕྱོགས་ནས་ཐའེ་ཝན་མཚོ་འགག་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་བར་གྱི་འབྲེལ་མོལ་ནར་འགྱངས་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༦ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༧ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese