མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་དང་རེ་བ།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་ཉུང་དུ་ཕྱིན་ཡོད་པ་དེ་མ་འོངས་པའི་ཉེན་ཁ་ཆེན་པོ་ཞིག་ཡིན་སྐོར་གསུངས་སོང་།

IMG_3403

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་<<བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་དང་རེ་བ།> >ཞེས་པའི་དཔེ་དེབ་ཅིག་བོད་དབྱིན་སྐད་ཡིག་གཉིས་ནང་པར་སྐྲུན་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཉིས་གཙོས་ པའི་དོ་སྣང་ཅན་གྱི་ཕྱི་གླིང་བ་དང་བོད་མི་སེར་སྐྱ་མི་མང་ ༡༠༠ ལྷག་འཛོམས་འདུག

དཔེ་དེབ་དབུ་འབྱེད་ཐོག་རྩོམ་པ་པོ་ཚེ་དབང་རིག་འཛིན་ལགས་ནས་ཁོང་གི་དཔེ་དེབ་སྐོར་ངོ་སྤྲོད་གནང་སྐབས། ཁོང་གིས་དཔེ་དེབ་འདི་འབྲི་དོན་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ང་ཚོས་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་བཀའ་སློབ་མང་པོ་ཕེབས་པ་ལྟར། ཁོང་གིས་བཙན་བྱོལ་བོད་མིའི་འདས་པ་དང་ད་ལྟའི་གནས་སྟངས་ལ་ཞིབ་འཇུག་བྱས་པ་བརྒྱུད་མ་འོངས་བཙན་བྱོལ་བོད་མིའི་གནས་སྟངས་ལ་རྒྱུས་ལོན་བྱས་ཡོད་པ་དང་། ཞིབ་འཇུག་བྱེད་སྟངས་ཐད་ནས་རྩོམ་པ་པོ་ཁོ་རང་སྒེར་གྱི་བསམ་ཚུལ་ཙམ་མིན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དངོས་ཡོད་གནང་སྟངས་གཞིར་བཟུང་ནས་ཞིབ་འཇུག་བྱས་ཡོད་སོགས་སྐོར་བརྗོད་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ནས་ལོ་གཅིག་གི་སྔོན་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྩོམ་པ་པོ་ཚེ་དབང་རིག་འཛིན་ལགས་ལ་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ལ་ཉམས་ཞིབ་གནང་བའི་གོ་སྐབས་ཕུལ་བ་ནང་བཞིན། ཁོང་གིས་དཔེ་དེབ་འདིར་འགྲེལ་བཤད་སྐྱོན་སྐབས། བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་དེ་ཤེལ་སྒོའི་ནང་བལྟས་པ་ནང་བཞིན་ཞིག་བྱུང་ཡོད་པ་དང་། དེ་ཡང་སོ་སོའི་སྤྱི་ཚོགས་ནང་གི་བཟང་ཆ་གཅིག་པུ་མིན་པར་སྐྱོན་ཆ་དང་དེའི་འབྱུང་རྐྱེན་སོགས་འགྲེལ་བཤད་ཡག་པོ་གནང་ཡོད་པ་རེད། ཁོང་གི་ཞིབ་འཇུག་ལ་བལྟས་ཡོང་དུས་ད་ཆར་ཉེན་ཁ་ཆེ་ཤོས་དེ་ཕྱི་སྡོད་བོད་མིའི་མི་འབོར་འཕེལ་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོ་ནས་ ༢༠༠༩ ལོའི་བར་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་བརྒྱ་ཆ་ ༤.༩ ཡིན་པ་དང་། ཕྱི་ལོ་ ༢༠༠༩ རྗེས་ནས་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་བརྒྱ་ཆ་ ༡.༡༨ ཡིན་པ་དང་། བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་དེ་སྔོན་དང་བསྡུར་ན་ཇེ་ཉུང་དུ་ཕྱིན་ཡོད་སྟབས། མ་འོངས་ལོ་ངོ་ལྔ་བཅུ་དང་བརྒྱ་ཡི་ནང་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་ཧ་ཅང་ཉེ་ཁ་ཆེན་པོ་ཆགས་རྒྱུ་ཡིན་པ་དང་། ང་ཚོས་ཉེན་ཁ་དེ་ལ་གདོང་ལེན་གནང་རྒྱུ་དཔེ་མི་སྲིད་པའི་གནད་འགག་ཆེན་པོ་ཡིན་སྐོར་སོགས་བརྗོད་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དེབ་འདིའི་ནང་དོན་གཙོ་བོ། བཙན་བྱོལ་བོད་མིའི་མ་འོངས་གནས་སྟངས་གང་འདྲ་ཆགས་སྲིད་པ་དང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་དབུ་མའི་ལམ་གྱི་སྲིད་ཇུས་ལ་ལམ་ལྷོང་བྱུང་བ་ཡིན་ན་ནི་གནས་སྟངས་གཅིག་ཡིན་པ་དང་། གལ་ཏེ་༧སྐྱབས་མགོན་རིན་པོ་ཆེ་ མཆོག་གི་དགོངས་གཞི་མ་འགྲུབ་པ་དང་༧སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་མ་བཞུགས་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན། མ་འོངས་བཙན་བྱོལ་བོད་མིའི་གནས་སྟངས་གང་འདྲ་ཞིག་ཆགས་སྲིད་མིན་དང་། དེང་སྐབས་འཛམ་བུ་གླིང་ནང་འགྱུར་བ་ཤུགས་ཆེན་པོ་ཞེ་དྲགས་འགྲོ་བཞིན་པ་དང་བསྟུན་ནས། ང་ཚོར་བཟང་ཕྱོགས་ཀྱི་འགྱུར་བ་དེ་འདྲ་ཡང་ཡོང་སྲིད་པ་ཞིག་རེད་དེ། ང་ཚོས་རེ་བ་སྡུག་ས་ནས་རྒྱག་ཅེས་པ་ནང་བཞིན། གནས་སྟངས་སྡུག་པོ་བྱུང་ན་ཅི་བྱ་ཞེས་པ་དེ་ལ་ང་ཚོས་སྔ་ས་ནས་གྲ་སྒྲིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བྲིས་འདུག ཅེས་སོགས་གསུངས་སོང་།

རྩོམ་པ་པོ་ཚེ་དབང་རིག་འཛིན་ལགས་ནི་དམའ་རིམ་དང་གཞི་རིམ་གྱི་ཤེས་ཡོན་བོད་ཁྱིམ་སློབ་གྲྭ་འགྲིམས་པ་དང་། དེའི་རྗེས་རྒྱ་གར་ལྷོ་ཕྱོགས་མེང་ག་ལོར་གཙུག་ལག་སློབ་ཆེན་དུ་སྤྱི་ཚོགས་ཞབས་ཞུ་དང་ཡར་རྒྱས་ཀྱི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་ཐོན་བྱུང་བ་དང་། ཕྱིས་སུ་ཨ་རིའི་ཨེ་མོ་རི་གཙག་ལག་སློབ་ཆེན་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་རིགས་ལམ་ཐོག་སློག་ཐོན་བྱུང་ཡོད་པ་དང་། ད་ཆར་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་ཡོད་པའི་ཨ་རི་བོད་ཀྱི་ཐེབས་རྩ་ཁང་དུ་སྤྱི་ཚོགས་ཡར་རྒྱས་ཀྱི་གྲོས་སྟོན་པའི་ཕྱག་ལས་གནང་བཞིན་ཡོད་འདུག

ཁོང་གི་ཞིབ་འཇུག་དཔེ་དེབ་<<བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་དང་རེ་བ་>>ཅེས་པ་དེའི་ནང་ཁྱོན་དོན་ཚན་ ༩ དང་ཤོག་གྲངས་ ༧༣ ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. བྱམས་པ་གྲོགས་པོ། says:
    ལོ་ 9 སྔོན།

    གོང་དུ་བསམ་ཚུལ་ཁག་ལ་དཔྱད་ཞིབ་བྱེད་སྐབས་མི་འབོར་འཕེལ་རྒྱས་ཀྱི་དཀའ་ངལ་དེ་དངོས་བདེན་ཡིན་པ་བཤད་ག་ལ་དགོས། དེ་བས་ན་ད་ལྟ་རྒྱ་བལ་འབྲུག་ནང་གནས་སྡོད་གཞོན་སྐྱེས་ཚོར་མི་རིགས་འཕེལ་རྒྱས་དགོས་པའི་བཀའ་སློབ་རིམ་པ་ཕེབས་དང་གནང་བཞིན་ནའང་ཡར་རྒྱས་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེར་ཉམས་ཞིབ་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱག་ལས་གནང་དགོས་པ་གལ་ཆེ་མ་ཡིན་ནམ། ད་ལྟའི་ཆར་བལ་ཡུལ་ནང་གཞོན་སྐྱེས་ཤེས་ཡོན་མཐོ་སློབ་ནས་ཐོན་ཟིན་ནའང་ལས་ཀ་འཚོལ་བར་འགྲོ་སྐབས་དཀའ་ངལ་རང་བཞིན་ཆགས་ཡོད་པ་དང་། ལྷག་དོན་དུ་བལ་པོའི་སྐྱབས་བཅོལ་གྱི་ལག་དེབ་ཀྱང་མེད་པའི་གནས་སྟངས་ཐོག་སྒེར་གྱི་འཚོ་བ་བསྐྱེལ་བ་ལའང་དཀའ་ངལ་ཆགས་ཡོད། དེས་ན་ཕྲུ་གུ་མང་བ་བཙའ་བ་ལ་དགོས་ཕན་ཅན་གྱི་ཕུགས་དམིགས་སྤྲོད་ཐུབ་ཚེ་མི་འབོར་འཕེལ་རྒྱས་སུ་འགྲོ་རྒྱུར་ཀླན་ཀ་ག་ལ་ཡོད་བསམ།

    Reply
  2. ཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༅༅། ཚེ་བདང་རིག་འཛིན་ལགས་ནས་དངོས་བདེན་གྱི་གནས་ཚུལ་ཡག་པོ་ཞིག་བྲིས་འདུག་པ་འདི་ལ་མཐོ་དམའ་འབྲིང་གསུམ་ནས་བསམ་བློ་ངེས་པར་
    གཏོང་དགོས་པ་འདུག་
    ནུབ་ཕྱོགས་ལུང་པར་བསླེབས་པའི་བོད་རིགས་ཚོའི་མི་རིགས་འཕེལ་རྒྱས་ཡོང་རྒྱུ་ཁག་པོ་རེད། དཔེར་ན་ཆང་ས་བརྒྱབ་ནས་ཕྲུ་གུ་ཞིག་སྐྱེ་རྒྱུར་
    དང་པོ་བསམ་བློ་ངེས་པར་གཏོང་དགོས་རེད། ཕྲུ་གུ་སྐྱེས་ན་ལས་ཀ་བྱེད་མི་ཐུབ་ཅིང་ཕྲུ་གུ་འཚོ་སྐྱོང་བྱ་དགོས་ཤིང་ལོ་སྣ་ ༡༨་བར་ཕ་མས་
    འཚོ་སྐྱོང་དང་ཤེས་ཡོན་སྤྲད་དགོས་པ་རེད། ལོ་སྣ་ ༡༨ བརྒལ་ན་རང་འདོད་བཞིན་ལས་ཀ་བྱེད་ནས་སོ་སོར་སྡོད་ཅིང་ཕ་མ་དང་མཉམ་དུ་མི་
    སྡོད་པ་ནི་ཁོར་ཡུག་གི་གནས་སྟངས་རེད། གང་ལྟར་བཟའ་ཟླ་གང་རུང་གཅིག་གི་ཉིན་གླས་འགྲོ་སོང་ངེས་པར་འདང་བའི་སྔོན་རྕིས་རྒྱག་དགོས་པ་རེད།
    འགྲོ་སོང་འདང་གི་མེད་ན་ཆང་ས་བརྒྱབ་ནས་ཕྲུ་གུ་སུས་གསོ་། འགྲོ་སོང་སུས་གཏོང། དེ་ལ་བརྟེན་ནས་ཕྲུ་གུ་མ་བཟོས་པ་གཙོ་དོན་བྱེད་ཀྱི་ཡོད་པ་རེད།
    ༅༅། ཕྱི་རྒྱལ་ལུང་པར་བསླེབས་ན་/ བསོད་ནམས་ཆེན་པོ་མ་བསམ། འཚོ་ལས་ཡག་སྡུག་གང་རུང་/ མ་བྱེད་ཀ་མེད་རེད་འདུག
    དང་པོ་སྡོད་ཁང་གླ་དང་། གཉིས་པ་ཉིན་གྱི་ཁ་ལག་། འགྲོ་སོང་གཏོང་རྒྱུ་མེད་ན་། སུ་དང་གང་གི་མི་སྤྲད།
    བུ་དང་བོུ་གཉིས་པོ།དགའ་གྲོགས་བྱེད་པ་ཙམ་ལས་། གཏན་གྱི་མདུན་གྲོགས་བྱེད་བསམ་། དཀའ་བའི་རང་བཞིན་ཡིན་འདུག།
    རྒྱལ་ཞེན་སེམས་ལ་ཡོད་ནས་། མི་རིགས་འཕེལ་རྒྱས་འདོད་ཀྱང། ཉིན་དང་ཟླ་ཡི་ཡོང་སྒོས། ཁ་ཐུག་འགྲོ་ཙམ་མ་གཏོགས། ལྷག་བསྡད་གང་ཡང་མི་འདུག།
    སེམས་ནི་སེམས་ཡང་སྐྱོ་སོང། བྱེད་ཐབས་གང་ཡང་མི་འདུག་ དེ་དང་དེ་འདྲའི་ངང་ནས། མི་རིགས་རྩ་གཏོང་འགྲོ་ཉན།

    Reply
  3. རིག་འགྲོལ། says:
    ལོ་ 9 སྔོན།

    “ད་ཆར་ཉེན་ཁ་ཆེ་ཤོས་དེ་ཕྱི་སྡོད་བོད་མིའི་མི་འབོར་འཕེལ་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོ་ནས་ ༢༠༠༩ ལོའི་བར་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་བརྒྱ་ཆ་ ༤.༩ ཡིན་པ་དང་། ཕྱི་ལོ་ ༢༠༠༩ རྗེས་ནས་བཙན་བྱོལ་བོད་མིའི་མི་འབོར་འཕེལ་ཚད་བརྒྱ་ཆ་ ༡.༡༨ ཡིན་་་་”ཞེས་པའི་བརྗོད་ཚིག་འདི་དང་། ཉིན་སྔོན་བོད་ཁྱིམ་དབུ་བརྙེས་པའི་དུས་ཆེན་སྐབས། ༧རྒྱལ་མཆོག་ཀརྨ་པ་རིན་པོ་ཆེས་དེང་སང་ཕྱིའི་རྒྱལ་ཁབ་གཞན་ནང་འགྲོ་མཁན་དང་བོད་དུ་ལོག་འགྲོ་མཁན་ཇི་མང་ནས་ཇི་མང་དུ་འགྲོ་བཞིན་པ་དེར་ཞིབ་འཇུག་བྱེད་དགོས་ཚུལ་དང་། ཁོང་གིས་དེ་བཞིན་བོད་མི་བཙན་བྱོལ་པས་གནས་སྐབས་ཙམ་ཁུངས་འཁྱོལ་ཐབས་གནང་རྒྱུ་མེད་པར་ཕུགས་རྒྱང་རིང་པོའི་དམིགས་ཡུལ་དང་འཆར་གཞི་འདིང་དགོས་ཚུལ་གསུངས་འདུག དེར་བརྟེན། དེབ་འདིའི་ནང་ལ་སྐྱེས་མ་ཚོས་ཕྲུ་གུ་སྐྱེས་ཚད་ཉུང་དུ་ཕྱིན་ཚུལ་གྱི་ཁ་དཀྲིའི་རྒྱུ་མཚན་ཙམ་ཞིག་མིན་པར། དངོས་ཐོག་བདེན་གྲུབ་ཀྱིས་བོད་ལ་ལོག་འགྲོ་མཁན་གྱི་གྲངས་འབོར་མང་དུ་ཕྱིན་པ་དང་རྒྱལ་ཁབ་གཞན་ལ་དམིགས་གསལ་གཞོན་སྐྱེས་ཀྱིས་སྐྱབས་བཅོལ་ལ་འགྲོ་བའི་གྲངས་འབོར་ཇི་མང་ནས་ཇི་མང་དུ་འགྲོ་བའི་གནས་སྟངས་དེ་གཉིས་ཀྱིས་ད་ལྟའི་བཙལ་བྱོལ་གྱི་མི་འབོར་འཕེལ་ཚད་ཆག་འགྲོ་ཡི་ཡོད་དམ། དེས་རྐྱེན་པས་གནད་དོན་གཞན་ལའང་ཤུགས་རྐྱེན་བཟོ་སྲིད་དམ། དེའི་ཚད་གཞི་ཛ་དྲག་ཆེ་ཆུང་གང་འདྲ་རེད་དམ་སོགས་ཀྱི་ཞིབ་འཇུག་ལྡན་པའི་རྒྱུ་མཚན་ཁ་གསལ་དང་། དཀའ་ངལ་དེ་སེལ་སླད་རྩོམ་པ་པོ་རང་ཉིད་ཀྱི་བཅད་ཞིབ་དགོངས་ཚུལ་སོགས་ཡོད་པའི་རེ་བ་བྱེད་ཀྱི་ཡོད།
    ངས་འདིར་འདི་ལྟར་བཤད་དགོས་པ་ནི། བཙན་བྱོལ་གྱི་མི་འབོར་ཇི་ཉུང་དུ་འགྲོ་བའི་གནས་སྟངས་དང་ཕྱིའི་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ལ་འགྲོ་བ་དང་བོད་དུ་ལོག་འགྲོ་བའི་གནད་དོན་འདི་གཉིས་ནི་སྐྱེས་མས་ཕྲུ་གུ་སྐྱེས་ཚད་ཇི་ཉུང་དུ་ཕྱིན་པའི་གནད་དོན་དང་འབྲེལ་བའི་མི་འབོར་འཕེལ་ཚད་ཞན་དུ་འགྲོ་བ་ལས་ཞེ་དྲག་གི་ཚབ་ལྕི་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེར་ངེས་པར་དུ་ཞིབ་འཇུག་བྱེད་དགོས་པ་ཙམ་མ་ཟད་དངོས་མཐོང་གི་གནད་དོན་ཁག་ལ་ལོང་བས་ཞ་ར་འཁྲིད་པ་ལྟར་མ་གནང་བར། ད་ལྟ་ནས་འཆར་གཞི་བཏིང་ནས་ལག་ལེན་འཁྱེར་དགོས་འདུག་ཅེས་བཤད་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese