མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་དྲ་ལམ་སྟངས་འཛིན་གྱི་བཅའ་ཁྲིམས་བཟོས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་སྤྱི་མང་བདེ་འཇགས་སྲུང་སྐྱོབ་ཅེས་པའི་དྲ་ལམ་སྟངས་འཛིན་གྱི་བཅའ་ཁྲིམས་གསར་བ་ཞིག་ཆོག་མཆན་བཀོད་ཡོད་འདུག

2015030611165618045ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ནས་སྤྱི་མང་བདེ་འཇགས་ལ་ཁ་གཡར་ཏེ་སྤྱི་ཚོགས་བརྒྱུད་ལམ་དང་རང་དབང་ཁེ་ལས་སྒྲིག་འཛུགས་ཁག་ལ་སྔར་ལས་ལྷག་པའི་སྒོ་ནས་སྟངས་འཛིན་ནན་མོ་བྱ་རྒྱུའི་བཅའ་ཁྲིམས་གསར་བ་ཞིག་ལ་ཆོག་མཆན་བཀོད་འདུག

དྲ་ལམ་སྟངས་འཛིན་གྱི་བཅའ་ཁྲིམས་གསར་བ་དེའི་ནང་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས། བཅའ་ཁྲིམས་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་སྣང་མེད་བཏང་སྟེ་ཁྲིམས་འགལ་གྱི་ཉེས་དོན་བཟོ་བ་དང་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་བ། དེ་བཞིན། སྤྱི་ཚོགས་རིང་ལུགས་མགོ་རྟིང་སློག་པ་སོགས་འགོག་སྲུང་བྱེད་ཐབས་ཤིག་ཡིན་ལུགས་བཤད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གི་བཅའ་ཁྲིམས་དེའི་དམིགས་འབེན་གཙོ་བོ་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ཆེད་མིན་པར། རྒྱ་ནག་ནང་གི་སྨྲ་བརྗོད་རང་དབང་གཙོས་པའི་མི་མང་གི་ཆབ་སྲིད་བྱེད་སྒོ་རིགས་འགོག་ཐབས་དང་། དེ་བཞིན། ཕྱི་ཕྱོགས་ཀྱི་གནས་ཚུལ་རིགས་རྒྱལ་ནང་དུ་ཡོང་བར་བཀག་སྡོམ་དང་། ཕྱིའི་རྒྱལ་ཁབ་ཁག་གི་རང་དབང་ཁེ་ལས་སྒྲིག་འཛུགས་ལ་སྟངས་འཛིན་བྱ་ཐབས་ཤིག་ཡིན་སྐོར་བརྗོད་འདུག

གཞན། ཨ་རིའི་གསར་དེབ་ཁང་ (Wall Street Journal) གིས་སྤེལ་བའི་དཔྱད་བརྗོད་ཅིག་གི་ནང་། དྲ་ལམ་ཞིབ་བཤེར་དང་བཀག་སྡོམ་བཅའ་ཁྲིམས་གསར་བ་དེ་ནི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གཏན་འབེབས་བརྒྱུད་སྤྲོད་བྱས་པ་ཞིག་ཡིན་པ་དང་། བཅའ་ཁྲིམས་དེའི་ནང་སྤྱི་ཚོགས་བརྒྱུད་ལམ་ཁག་དང་ཁེ་ལས་སྒྲིག་འཛུགས་ཁག་གིས་དྲ་ལམ་བདེ་འཇགས་ཀྱི་འགན་སྲུང་དང་དེའི་ནུས་ཤུགས་མཐོར་འདེགས་གཏོང་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་ལ་གནོད་པའི་ཁུངས་མེད་གནས་ཚུལ་དང་། ལྷག་པར་དུ་ཉེས་དོན་དང་འབྲེལ་བའི་དྲ་ལམ་ཞིབ་བཤེར་ལ་འགོག་རྐྱེན་དང་འཇིགས་སྐུལ་སློང་མཁན་རིགས་ལ་འགོག་སྡོམ་བྱེད་དགོས་ལུགས་སོགས་བཤད་ཡོད་སྐོར་བཀོད་འདུག

རྒྱ་ནག་གི་དྲ་ལམ་བདེ་འཇགས་ལྷན་ཁང་ (CAC) གི་མགྲིན་ཚབ་པ་ཀྲོ་ཙི་ལིང་ (Zhao Zeliang) ཟེར་བ་ཞིག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་ཕྱོགས་ནས་སྤྱི་མང་བདེ་འཇགས་དང་ཡིད་སྟོན་སྐོར་བཤད་དུས། ཕྱིའི་རྒྱལ་ཁབ་ཁག་གི་ཁེ་ལས་པ་ཚོས་མགོ་འཕང་མཐོ་རུ་བཏགས་ཏེ། རྒྱ་ནག་གཞུང་གི་མངོན་འདོད་ནི་རྒྱལ་ཁབ་ཕན་ཚུན་བར་གྱི་ཉོ་འཚོང་ལ་འགོག་རྒོལ་བྱེད་ཐབས་ཤིག་ཏུ་མཐོང་གི་ཡོད་པ་དེ་ནི་ཕྱོགས་ལྷུང་གི་ལྟ་ཚུལ་ནོར་འཁྲུལ་ཅན་ཞིག་ཡིན་ལུགས་བཤད་འདུག

གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་ ༨ པ་ནས་བཟུང་རྒྱ་ནག་གི་ཚོང་གཉེར་ཁང་མང་པོ་ཞིག་རྒྱལ་སྤྱིའི་ཚོང་ལས་སྒྲིག་འཛུགས་ལས་ལོགས་སུ་འདོན་རྒྱུ་དང་། རྒྱ་ནག་གི་དཔལ་འབྱོར་ཁྲོམ་རེའི་བདེ་འཇགས་ལ་དམིགས་ཏེ་ཕྱིའི་རྒྱལ་ཁབ་ཁག་གི་རང་དབང་ཁེ་ལས་མང་པོར་སྟངས་འཛིན་བྱ་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

དྲ་ལམ་སྟངས་འཛིན་གྱི་བཅའ་ཁྲིམས་གསར་བ་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་ཇུས་དང་འགལ་བའི་བྱ་བྱེད་ལས་གསུམ་ལ་སྔར་ལས་ལྷག་པའི་སྒོ་ནས་ཞིབ་བཤེར་དང་སྟངས་འཛིན་ནན་མོ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༧ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༩ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༢ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese