མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་རྩའི་བཅའ་ཁྲིམས་ཀྱི་འགྲེལ་བཤད་འཆར་ཟིན་གཏན་འབེབས་ཐེངས་ལྔ་པ་བྱས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་འགྲེལ་བཤད་འཆར་ཟིན་གཏན་འབེབས་བྱས་ཏེ་ཧོང་ཀོང་རང་བཙན་འཐབ་རྩོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་འདུག

161106130405_cn_hongkong_legco_protest_05_976x549_epa_nocreditཁ་སང་ཕྱི་ཚེས་ ༦ ཉིན་ཧོང་ཀོང་དམངས་གཙོ་དོན་གཉེར་བ་མི་གྲངས་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ། པེ་ཅིན་དུ་ཚོགས་པའི་རྒྱལ་ཡོངས་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་འགྲེལ་བཤད་འཆར་ཟིན་ཟེར་བ་གཏན་འབེབས་བྱེད་པར་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་ཀྱང་། དེ་རིང་སྔ་དྲོར་དམངས་འཐུས་རྒྱུན་ལྷན་ཚོགས་འདུའི་ཐོག་འགྲེལ་བཤད་འཆར་ཟིན་གཏན་འབེབས་བྱས་ཡོད་པ་མ་ཟད། གསར་འགོད་ལྷན་ཚོགས་བསྡུས་ཏེ་ཧོང་ཀོང་རང་བཙན་རྩོད་མཁན་དང་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལུགས་བསྒྲགས་ཡོད་པ་དང་། ཐེངས་འདིའི་འགྲེལ་བཤད་འཆར་ཟིན་དེ་ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་རྗེས་ཀྱི་ཐེངས་ལྔ་པ་དེ་ཆགས་ཡོད་འདུག

ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གོ་སྒྲིག་པས་བརྗོད་ན། ད་ལན་གྱི་ངོ་རྒོལ་ལས་འགུལ་ནང་མི་གྲངས་ཆིག་ཁྲི་ལྷག་མཉམ་ཞུགས་བྱས་ཡོད་པ་དང་། དང་ཐོག་ལས་འགུལ་བ་རྣམས་ཀྱིས་ཞི་བའི་ཐོག་ནས་ངོ་རྒོལ་བྱས་ཡོད་ཀྱང་། ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་རྒོལ་སྐད་འབོད་བྱེད་སྐབས། ཉེན་རྟོག་པ་མང་པོས་བཙན་དབང་བཀག་འགོག་བྱས་པར་བརྟེན། ཉེན་རྟོག་པ་དང་མི་མང་བར་འཁྲུག་རྩོད་ཤོར་ཡོད་པ་དང་། ཉེན་རྟོག་ཕྱོགས་ནས་ཐེངས་འདིའི་ངོ་རྒོལ་ནང་མི་གྲངས་ ༨༠༠༠ ཙམ་ལས་མཉམ་ཞུགས་བྱས་མེད་སྐོར་བརྗོད་ཡོད་པ་རེད།

fc4dd4f775c8198799ed0aརྒྱ་ནག་གཞུང་འབྲེལ་གྱི་དྲ་ལམ་དུ། དེ་རིང་སྔ་དྲོར་དམངས་འཐུས་རྒྱུན་ལྷན་གྱི་ཚོགས་འདུའི་ཐོག ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཞིའི་འགྲེལ་བཤད་འཆར་ཟིན་གཏན་འབེབས་ཟིན་པ་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་ ༡༠ པ་ཐོག མི་མང་ཚོགས་ཁང་ཆེན་མོའི་ཐའེ་ཝན་ལས་སྒྲུབ་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་ཆེད་དུ་བསྡུས་ཡོད་པ་དང་། སྐབས་དེར་གསར་འགོད་པ་ཞིག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་ག་རེ་བྱས་ནས་ཆེད་དུ་འགྲེལ་བཤད་བརྒྱབ་ཡོད་པ་དང་། གཞི་རྩའི་བཅའ་ཁྲིམས་དེ་ལག་བསྟར་བྱེད་སྐབས་གནད་དོན་ཆེན་པོ་འདྲ་བྱུང་བ་ཡིན་མིན་དོགས་འདྲི་བྱེད་སྐབས། དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་དང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་རྒྱུན་ལྷན་གྱི་ཚོགས་གཙོ་ལི་ཧྥེ་ཡིས། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཞི་གཏན་འབེབས་ཀྱི་ངོ་བོ་ནི་ཆབ་སྲིད་བློ་དཀར་གྱི་གནད་དོན་ཡིན་ལ། ཁྲིམས་བཀོད་གཞུང་ཞབས་པས་ཆབ་སྲིད་བློ་དཀར་ནི་ལུགས་མཐུན་སྨོས་མེད་ཅིག་ཡིན་ལ། ཧོང་ཀོང་ནི་གནའ་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ཞིང་། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་ཚིག་འབྲུ་རྣམས་དང་པོ་ནས་ཧ་ཅང་གསལ་པོ་བྲིས་ཡོད་པ་དང་། རྒྱ་ནག་གི་ཧོང་ཀོང་བདག་དབང་སླར་གསོ་བྱུང་རྗེས། ཧོང་ཀོང་གི་རྩ་ཁྲིམས་ལ་གཞི་རྩའི་ཆ་ནས་འགྱུར་བ་ཕྱིན་ཡོད་ཀྱང་། ཧོང་ཀོང་རྒྱ་ནག་གི་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ཡིན་པའི་ཆ་ནས་ཧོང་ཀོང་གི་སྲིད་དབང་སྒྲིག་འཛུགས་ཁག་གི་ཁྲིམས་བཀོད་གཞུང་ཞབས་པ་ཚང་མས་ངེས་པར་དུ་གཞི་རྩའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཞི་ཡི་དགོས་འདུན་ཆ་རྐྱེན་དང་མཐུན་དགོས་ཞིང་། དོན་ཚན་བརྒྱ་དང་བཞིའི་འོས་འགན་ངེས་པར་དུ་འགྲུབ་དགོས་པ་དེ་བཤད་མི་དགོས་པ་ཞིག་ལ། གཞི་རྩའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཞི་གཏན་འབེབས་བྱས་པའི་དམིགས་ཡུལ་ཡང་དེ་ཡིན་སྐོར་བརྗོད་འདུག

གཞན་ཡང་རྒྱལ་ཡོངས་ཚོགས་ཆེན་ཐོག་ཞུགས་པའི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་རྒྱུན་ལས་ལྷན་ཚོགས་ཀྱི་རྒྱུན་ལས་ལྕམ་ཐན་ཧེ་ཀྲུའུ་ཡིས། ཧོང་ཀོང་མི་མང་ཁྲོད་གཞི་རྩའི་བཅའ་ཁྲིམས་ཀྱི་འགྲེལ་བཤད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲངས་འབོར་དེ་ངོ་རྒོལ་བྱེད་མཁན་ལས་མང་བ་ཡོད་ལ། ཐེངས་འདིའི་རྒྱུན་ལྷན་ཚོགས་འདུའི་ཐོག་རྒྱུན་ལས་རྣམ་པས་བརྒྱ་ཁ་གཅིག་གྲགས་ཀྱིས་ཧོང་ཀོང་རང་བཙན་དང་། ཡང་ན་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་། གཞུང་ཞབས་པས་ཁྲིམས་ཀྱི་ཆ་རྐྱེན་དང་མཐུན་པའི་ཐོག་ནས་དམ་བཅའ་འབུལ་དགོས་པ་ལས། དམ་བཅའ་རྫུན་མ་བཞག་ན་ཁྲིམས་ལྟར་འགན་འཁུར་དགོས་སྐོར་བརྗོད་འདུག

ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་གཉིས་པའི་ནང་དུ་གཞུང་ཞབས་པས་ལས་འཁུར་དམ་བཅའ་འབུལ་སྐབས་ངེས་པར་དུ་ཁྲིམས་ཀྱི་གཏན་འབེབས་ཆ་རྐྱེན་དང་ལེན་དང་བརྒྱུད་རིམ་ཆ་ཚང་བརྒྱུད་དགོས་པ་ལས། ཁྲིམས་མཐུན་དམ་བཅའ་མ་ཕུལ་བ་དང་། དམ་འབུལ་ཚིག་གཞི་དང་ལེན་མི་བྱེད་མཁན་ལ་སྲིད་གཞུང་གི་ལས་ཀ་བྱེད་པའི་ཐོབ་ཐང་མེད་སྐོར་བརྗོད་ཡོད་པ་ལྟར། ཉེ་སྔོན་ཧོང་ཀོང་གི་གྲོས་ཚོགས་འཐུས་མིས་དམ་བཅའ་འབུལ་སྐབས། དམ་འབུལ་ཚིག་གཞི་དང་ལེན་མི་བྱེད་མཁན་འཐུས་མི་གསར་པ་ཉིང་སོང་ཧིན་ལགས་དང་ཡུས་ཧེ་ཀྲིན་ལགས་གཉིས་ཀྱིས། ཧོང་ཀོང་རྒྱ་ནག་མིན་ཞེས་པའི་འབོད་ཚིག་ཐོག་ནས་ཡང་བསྐྱར་འཐུས་མིའི་དམ་བཅའ་འབུལ་བའི་ཐོབ་ཐང་མེད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese