མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་གསོད་དོན་རྐྱེན་དེ་ད་དུང་ཐག་གཅོད་མ་ཐུབ་པར་ལྷག་འདུག

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ན་ནིང་དྷ་སའི་མེག་གྷན་ཁྲོམ་དུ་རྒྱ་གར་བ་གསུམ་གྱིས་བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་ནས་བསད་དེ་ད་བར་ལོ་གཅིག་ཕྱིན་ཡོད་པ་དང་། བོད་ནང་གི་འདས་པོའི་ནང་མི་ཚོས་དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་རྒྱུར་རེ་བ་རྒྱག་གི་ཡོད་ཀྱང་ད་ལྟ་ད་དུང་གྱོད་དོན་དེ་ཐག་གཅོད་བྱུང་མེད་པ་མ་ཟད་དཔང་མི་ཚོའང་ཁར་འཐོར་བཞིན་ཡོད་འདུག

ན་ནིང་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་མཚན་མོར། དྷ་རམ་ས་ལའི་མེག་གྷན་ཁྲོམ་ལམ་དུ། རྒྱ་གར་བ་གསུམ་གྱིས་བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་བསད་པའི་ཁ་མཆུ་དེ་ད་ལྟ་ད་དུང་ཐག་གཅོད་བྱུང་ཐུབ་མེད་པ་ལྟར། དེ་རིང་འདི་གའི་གསར་ཁང་གིས་གྱོད་གཞི་དེའི་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་། དྷ་རམ་ས་ལའི་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས། དེ་བཞིན། འདས་པོའི་གྲོགས་པོ་གྲྭ་བསོད་ནམས་བཟང་པོ་ལགས་བཅས་སུ་ད་ལྟ་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཐད་བཅར་འདྲི་བརྒྱུད་དེ་རྒྱུས་ལོན་བྱས།

༡་༡༢༡༢༡༢

ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་ལགས་སུ་ད་ལྟ་ཁ་མཆུ་དེའི་གནས་སྟངས་ག་བ་བསླེབས་ཡོད་མེད་དྲིས་པར། ཁོང་གིས་བརྗོད་དོན། རྒྱ་གར་གྱི་ཁྲིམས་ནང་ཉེས་ཅན་གང་ཞིག་གི་ནག་ཉེས་ཁྲིམས་ཆད་ལོ་ ༧ ལས་མང་བ་ཡིན་ན། ཉེས་དོན་དེ་ཐག་གཅོད་པར་སྨན་ཁང་གི་དཔང་ཡིག་དང་ཉེན་རྟོག་པའི་དཔང་ཡིག དེ་བཞིན། དཔང་མིའི་ཡིག་ཆ་སོགས་ཆ་ཚང་བའི་ཐོག་ནས་ཐག་གཅོད་དགོས་ཀྱི་ཡོད་པ་རེད། ཐེངས་འདིའི་ང་ཚོའི་གྱོད་དོན་དེའང་མི་བསད་པའི་གྱོད་དོན་ཡིན་སྟབས། རྒྱ་གར་སྨན་ཁང་དང་ཉེན་རྟོག་པ། པར་བ་སོགས་ཀྱི་དཔང་ཡིག་མང་པོ་ཞིག་ཐོ་འགོད་བྱེད་དགོས་ཀྱི་ཡོད་པ་རེད། ད་ལྟའི་ཆར་ང་ཚོའི་བོད་མི་དེ་བསད་པའི་དཔང་ཡིག་ཆ་ཚང་བ་ཞིག་ཆགས་ཐུབ་ཀྱི་ཡོད་པ་མ་རེད། གཉིས་ནས་ང་ཚོ་བོད་མིའི་དཔང་མི་དང་དཔང་ཡིག་གཅིག་པུས་མི་ཆོག་པར་རྒྱ་གར་ནང་ཁྲིམས་ཁང་ ༥༠ ཙམ་ཡོད་པ་དེ་དག་ཚང་མའི་ཁྲིམས་བཤེར་དཔང་ཡིག་དགོས་ཀྱི་ཡོད་པ་སོགས་ལ་བརྟེན་ཏེ། གྱོད་དོན་དེ་ད་དུང་ཐག་གཅོད་གནང་ཐུབ་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

སྐབས་དེའི་ས་གནས་མགོ་འཛིན་ཕྱི་རྒྱལ་དུ་ཕེབས་ཟིན་པ་དང་། སྐབས་ཐོག་དེའི་དཔང་མིའི་གྲས་ཀྱི་ཁག་ཅིག་སྨན་ཁང་གི་སྨན་པ་ཡིན་སྟབས། སྨན་པས་དོན་རྐྱེན་བྱུང་རྗེས་ཀྱི་རྨ་ཁར་དཔང་རྟགས་ཙམ་མ་གཏོགས་ཡུལ་ངོས་ཀྱི་དངོས་ཡོད་གནས་ཚུལ་མཐོང་ཡོད་པ་མ་རེད། ཡིན་ནའང་བོད་པའི་བུ་མོ་དེས་དོན་རྐྱེན་དེའི་གནས་སྟངས་ཆ་ཚང་མཐོང་ཡོད་སྟབས། མོ་རང་དཔང་མིའི་གྲས་ཀྱི་གནད་འགག་ཆེ་ཤོས་དེ་ཆགས་ཡོད་པ་རེད། ཐོག་མར་ང་ཚོར་དཔང་མི་ ༡༥ ཡོད་ཀྱང་། ད་ལོའི་ཕྱི་ཟླ་ ༧ པའི་ནང་གི་ཁྲིམས་བཤེར་སྐབས་དཔང་མི་བཅུ་གྲངས་ཤིག་ལས་འཛོམས་ཐུབ་མ་སོང་། དཔང་མི་དེ་དག་ད་ཆར་ཅིའི་ཕྱིར་མ་བསླེབས་པའི་རྒྱུ་མཚན་གསལ་བོར་ཤེས་མ་སོང་།

རྒྱ་གར་བ་དེ་དག་གི་ནང་མི་ཚོས་དངུལ་སྤྲད་དེ་ཉེས་ཅན་དག་ཀློད་གྲོལ་གཏོང་ཐབས་བྱས་འདུག་ཀྱང་ཁྲིམས་ཁང་གིས་ངོས་ལེན་བྱས་མི་འདུག རྒྱ་གར་ལ་སྤྱི་མང་གི་ཁྲིམས་དང་ཉེས་ཁྲིམས་ཞེས་ཁྲིམས་ལུགས་གཉིས་ཡོད་པ་ལས་མི་གསོད་ཀྱི་ཁ་མཆུ་དེ་གཞུང་གི་ཁ་མཆུ་ཆགས་ཀྱི་ཡོད་སྟབས། གཙོ་བོ་རྒྱ་གར་གཞུང་གི་ཁྲིམས་རྩོད་པར་རག་ལས་ཡོད་པ་དང་། ང་ཚོར་ཁ་མཆུ་དེའི་ཐོག་བསམ་ཚུལ་འབུལ་རྒྱུ་མ་གཏོགས་དབང་ཆ་ཆེན་པོ་ཡོད་པ་མ་རེད། ཅེས་བརྗོད་སོང་།

དྷ་ར་ས་ལའི་ས་གནས་གཞིས་མགོ་ཟླ་བ་རིན་ཆེན་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་བརྗོད་དོན། དོན་རྐྱེན་དེ་བྱུང་ནས་ད་ལྟའི་བར་རྒྱ་གར་ཁྲིམས་ཁང་ནས་གནས་སྟངས་དེའི་ཐོག་ལ་ཁྲིམས་ཞིབ་ཐེངས་ ༢༨ ཙམ་བྱས་ཡོད་པ་དང་། ཐོག་མ་ཁྲིམས་ཁང་དུ་རྒྱ་གར་དཔང་མི་དེ་དག་གིས་བོད་པའི་ཕོ་གསར་དེ་བསད་པའི་ནག་ཉེས་ར་སྤྲོད་བྱས་ཡོད་ནའང་ཁ་མཆུ་དེ་མི་བསད་པའི་དོན་དག་ཅིག་ཡིན་སྟབས། གྱོད་གཞི་དེ་ལམ་སང་ཐག་གཅོད་ཐུབ་ཀྱི་ཡོད་པ་མ་རེད། ད་ལྟ་ཁྲིམས་བཤེར་འགྲོ་བསྡད་ཡོད་པ་རེད། ད་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ ཡས་མས་ཤིག་ལ་དཔང་མི་དང་འབྲེལ་བའི་ཁྲིམས་བཤེར་གཅིག་བསླེབ་ཀྱི་ཡོད་པ་རེད།

བར་སྐབས་ཤིག་ལ་མི་གསོད་ལག་དམར་ཕྱོགས་ཀྱི་ཁྲིམས་རྩོད་པས་ཁྲིམས་ཁང་ལ་གཏའ་དངུལ་འོག་ཉེས་ཅན་གནས་སྐབས་ཀློད་གྲོལ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག་ཀྱང་། ས་གནས་ཁྲིམས་ཁང་གིས་དེ་འགྲིག་གི་མ་རེད་ཟེར་ནས་སྙན་ཞུ་རྩིས་མེད་བཏང་ཡོད་སྟབས་ཉེས་ཅན་པ་དེ་དག་ད་ལྟ་བཙོན་ཁང་ནང་ཡོད་པ་རེད། རྩ་བའི་དོན་རྐྱེན་དེ་བྱུང་སྐབས་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་རྒྱུ་དང་། ས་གནས་ཉེན་རྟོག་ཁང་ནས་དེབ་བསྐྱེལ་བྱེད་རྒྱུ་སོགས་ཚང་མ་ས་གནས་མགོ་འཛིན་ཟུར་བ་བསོད་ནམས་རྡོ་རྗེ་ལགས་ཀྱི་མིང་ཐོག་ནས་སོང་ཡོད་སྟབས། ཁྲིམས་ཁང་གི་ཁྲིམས་བཤེར་ཡིག་ཆ་ཚང་མའི་ཐོག་ཁོ་རང་གི་མིང་བཀོད་ཡོད་སྟབས། ད་ལྟའི་ས་གནས་མགོ་འཛིན་ལ་དམིགས་བསལ་བྱ་རྒྱུ་གང་ཡང་ཡོད་པ་མ་རེད།

IMG_3518ད་ཆར་ཁ་མཆུ་དེ་རྒྱ་གར་ཁྲིམས་ཁང་དང་གྲོངས་མཁན་ཕྱོགས་ཀྱི་དཔང་མི་དེ་དག དེ་བཞིན། ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་བཅས་ཀྱི་བར་དུ་འགྲོ་བསྡད་ཡོད་པ་རེད། སྔོན་མ་དེའི་སྐོར་མདོ་སྨད་དབུས་རྒྱུན་གྱིས་འགན་འཁུར་ཡོད་པ་རེད། ཡིན་ནའང་བོད་པའི་བུ་མོ་དེ་མ་གཏོགས་སྐབས་དེའི་དཔང་མི་མང་ཆེ་བ་རྒྱ་གར་བ་ཡིན་པ་དང་། ཁོ་རང་ཚོས་དངོས་ཡོད་གནས་ཚུལ་གང་ཤེས་པ་དང་གང་མཐོང་བ་རྣམས་སྐབས་ཐོག་དེར་བཤད་ཚར་ཡོད་སྟབས། སྐབས་དེར་ཁོང་ཚོ་ཡང་བསྐྱར་ཁྲིམས་ཁང་ལ་སྐད་བཏང་ནས་ཅི་བྱེད་ཅེས་རེ་འགའ་ཞིག་ཡོང་གི་ཡོད་ས་མ་རེད།

ད་ལྟའི་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ངོས་ནས་ཁྲིམས་བཤེར་སྐབས་མི་གཏོང་རྒྱུ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རྒྱབ་སྐྱོར་འབོད་སྐུལ་ཞུ་རྒྱུ་སོགས་ལས་འགན་རེད། ཡིན་ནའའང་དེ་བོད་མི་འདས་པོ་ཁོང་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཙམ་མ་གཏོགས། ཁྲིམས་ཐོག་ནས་ད་ལྟའི་ས་གནས་མགོ་འཛིན་གྱིས་ཇུས་གཏོགས་བྱེད་ཆོག་གི་ཡོད་པ་མ་རེད། ཅེས་སོགས་གསུངས་སོང་།

འདས་པོ་དེའི་གྲོགས་པོ་གྲྭ་བསོད་ནམས་བཟང་པོ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་བརྗོད་དོན། ཐོག་མ་གནས་ཚུལ་དེ་བྱུང་བའི་ཁ་ཐུག་ལ་རྒྱ་གར་ཉེན་རྟོག་པས་ཉེས་ཅན་དག་འཛིན་བཟུང་བྱས་པ་དང་། དཔང་མི་རྣམས་སྐད་བཏང་སྟེ་འདྲི་བརྩད་བྱས་པ་སོགས་མཐོང་ཡོང་དུས་སྐབས་ལ། ང་ཚོ་བོད་པ་སྐྱབས་བཅོལ་བ་ཡིན་ནའང་ཁྲིམས་ཐོག་ནས་འདྲ་མཉམ་རེད། གྱོད་དོན་དེ་ཐག་གཅོད་དྲང་བདེན་ཞིག་ཡོང་ས་རེད་བསམ་པ་བྱུང་སོང་། ཡིན་ནའང་དོན་རྐྱེན་དེ་བྱུང་ནས་ད་བར་ཧ་ལམ་ལོ་ཕྱིན་ཡོད་ཀྱང་། ད་དུང་ཐག་གཅོད་གང་ཡང་བྱུང་མེད་པ་མ་ཟད། ཁ་མཆུ་དེའི་གནས་སྟངས་ག་བ་བསླེབས་ཡོད་མེད་དང་། མི་གསོད་ལག་དམར་དེ་ཚོ་བཙོན་ཁང་ནང་བཞག་ཡོད་མེད་སོགས་ཀྱང་ཤེས་ཐུབ་ཀྱི་མེད་སྟབས། རང་བཞིན་གྱིས་སེམས་ཚུབ་ཅིག་ཡོང་གི་འདུག སྤྱིར་བཏིང་བྱས་ན། གྱོད་དོན་དེ་འདས་པོ་ཁོ་རང་དང་ཁོ་རང་གི་གྲོགས་ཉེ་དུ་ཙམ་གྱི་དོན་དག་ཙམ་མ་རེད། ང་ཚོ་བོད་མི་བཙན་བྱོལ་བ་ཡོངས་ཀྱི་དཀའ་རྙོག་ཅིག་ཡིན་སྟབས། དེ་ལ་ངེས་པར་དུ་རང་གི་གཞུང་དང་སྤྱི་ཚོགས་ཀྱིས་འགན་འཁུར་ཏེ་ཐག་གཅོད་ཡག་པོ་ཞིག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

འདས་པོའི་ནང་མི་ཚོར་རེ་བ་ག་འདྲ་ཡོད་མེད་དྲིས་པར་གྲྭ་བསོད་ནམས་ལགས་ཀྱིས་བརྗོད་དོན། ད་ལྟའི་ཆར་ང་རང་ལ་མཚོན་ན། གཅིག་ནས་རྒྱ་གར་གཞུང་གི་ཁྲིམས་ལུགས་ལ་ཡིད་ཆེས་བྱེད་རྒྱུ་དང་། གཉིས་ནས་དྷ་རམ་ས་ལའི་ས་གནས་མགོ་འཛིན་དང་། འདས་པོ་ཁོ་རང་གི་ཁྲིམས་རྩོད་པ་སོགས་ལ་བློ་འཁེལ་ཏེ་སྡོད་རྒྱུ་ལས་ཐབས་ཤེས་མི་འདུག འདས་པོ་ཁོང་གི་ཕ་མ་རྒན་རྒོན་གཉིས་གཙོས་པའི་ནང་མི་ཚོ་ཡིན་ནའང་སེམས་ཁྲལ་རྐྱང་རྐྱང་བྱས་ནས་བསྡད་ཡོད་པ་དང་། ཁ་པར་ཡོང་ཐེངས་རེ་རེར་ཁ་མཆུ་དེ་ག་འདྲ་ཆགས་ཡོད་མེད་དང་། ཉེས་ཅན་པར་ཁྲིམས་ཐག་བཅད་ཡོད་མེད། རྒྱ་གར་གཞུང་གིས་ཁ་མཆུ་དེ་དྲང་བདེན་གྱི་ཐོག་ནས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་མེད་སྐད་ཆ་དྲིས་ཡོང་གི་འདུག

ན་ནིང་དོན་རྐྱེན་དེ་བྱུང་བའི་རྗེས་ལ་འདས་པོའི་ནང་མི་འགའ་རྒྱ་གར་ལ་ཡོང་རྒྱུ་ཡིན་ཟེར་གྱི་འདུག སྐབས་དེར་ང་ཚོས་གཙོ་བོ་རྒྱ་གར་ས་གནས་གཞུང་དང་ཁྲིམས་རྩོད་པ་ཚོས་གྱོད་དོན་དེ་དྲང་བདེན་གྱི་ཐོག་ནས་ཐག་གཅོད་ཡག་པོ་ཞིག་གནང་རྒྱུ་དེ་རེད་མ་གཏོགས། ཁྱེད་རང་ཚོ་ཡར་ཡོང་ནས་དམིགས་བསལ་བྱེད་རྒྱུ་གང་ཡང་ཡོད་མ་རེད་ལབ་པ་ཡིན། ནང་མི་ཁོ་རང་ཚོས་གྱོད་དོན་དེ་དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་རྒྱུར་རེ་བ་ཆེན་པོ་བྱེད་ཀྱིན་འདུག དེ་མ་གཏོགས་ང་ཚོའི་བོད་པའི་སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་ཚེ་སྲོག་ལ་སྟོང་འཇལ་དགོས་པ་དང་། རྒྱ་ནག་གི་བྱེད་སྟངས་ལྟར་སྲོག་ཚབ་ལ་སྲོག་བྱས་ཏེ་ལག་དམར་གསོད་དགོས་སོགས་རྩ་བ་ནས་ཤོད་ཀྱི་ཡོད་པ་མ་རེད། འདི་ནས་ཚང་མས་མཉམ་རུབ་ཀྱི་ཐོག་ནས་གང་མགྱོགས་ཐག་གཅོད་གཙང་མ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྐབས་ཐོག་དེའི་དཔང་མི་གཙོ་བོ་བུ་མོ་དེ་ཆགས་ཀྱི་ཡོད་པ་རེད། མོ་ད་ལྟ་དྷ་རམ་ས་ལར་ཡོད་པ་རེད། མོ་རང་ཡིན་ནའང་ག་དུས་ཁྲིམས་ཁང་གིས་སྐད་བཏང་ན་དུས་ཐོག་སོང་ནས་དངོས་ཡོད་གནས་ཚུལ་བཤད་ཆོག་ཡོད་ཅེས་ཡང་ཡང་ཤོད་ཀྱིན་འདུག ཅེས་སོགས་བརྗོད་སོང་།

ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ པའི་ཚེས་ ༣༠ དགོང་མོའི་ཆུ་ཚོད་ ༡༡ ཙམ་ལ། དྷ་རམ་ས་ལའི་མེག་གྷན་བྷག་སུ་ལམ་ཁར། ཕ་ཡུལ་མཚོ་སྔོན་དར་མཚོ་རྫོང་ཆུ་བཟང་སྡེ་བ་ནས་ཡིན་པའི་ཚུལ་ཁྲིམས་མཆོག་ལྡན་ལགས་ཁོ་རང་གི་གྲོགས་མོ་ཞིག་གི་སར་དགོང་ཟས་ཟ་བར་ཕྱིན་ཏེ། གྲོགས་མོ་དང་ལྷན་དུ་ཕྱིར་ནང་དུ་ལོག་བཞིན་པའི་ལམ་བར་དུ། རྒྱ་གར་བ་ཕོ་གསར་གསུམ་གྱིས་བསྙད་བཙལ་ཏེ་ཐོག་མར་ཁོང་ཚོའི་བར་ཁ་རྩོད་ཤོར་ཡོད་པ་དང་། སྐབས་དེར་རྒྱ་གར་བ་དེ་དག་གིས་ཁོ་རང་ལ་ཉེས་རྡུང་གཏོང་བཞིན་གྲིས་བརྒྱབ་སྟེ་བསད་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. གྲགས་པ། says:
    ལོ་ 9 སྔོན།

    བོད་གཞུང་གིས་དེའི་སྐོར་ལ་ཁ་ཡ་བྱས་ན་ཡག་པོ་ཡོད་ཀྱི་རེད་་་་་་་་་འདི་མི་སྒེར་ཞིག་གི་གནད་དོན་མ་རེད་་
    མི་རིགས་མ་འདྲ་བ་གཉིས་བར་གྱི་དཀའ་ཉོག་ཅིག་ལ་ངོས་བཟུང་ཆོག་་་་་་
    ཐག་གཅོད་ཡག་པོ་ཞིག་མ་བྱས་ན་རྗེས་ཕྱོགས་ཉོག་དྲ་ཆེན་པོ་ལང་ངོས་སྲིད།

    Reply
  2. gendun says:
    ལོ་ 9 སྔོན།

    གསར་གནས་འདིའི་མགོ་འཇུག་བར་གསུམ་ལ་བལྟས་ན། གང་མགྱོགས་མགྱོགས་ཀྱིས་ལག་དམར་པ་ཚོ་གཏོང་རྒྱུ་ཡིན་པ་ཐག་ཆོད།

    Reply
  3. ཐོས་པ་དགའ། says:
    ལོ་ 9 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཁྲིམས་ལུགས་རབ་འབྱམས་པ་རེད། དེས་འདི་ཚོ་ཐར་ས་མེད་པ་བཟོ་རྒྱུ་རེད་བསམ་ཡོད་དེ། ཕག་ཆེ་བའི་ཚོད་ཀྱིས། ཕག་ལུད་སྦོམ་པོ་གཏོང་རྒྱུ་མི་འདུག་ཀ

    Reply
  4. བསྟན་པ་ says:
    ལོ་ 9 སྔོན།

    སྲོག་ལན་སྲོག་གི་ངེས་པར་མཇལ་དགོས་ངེས་རེད་ ་དེ་ཚོའི་རིགས་ངན་པ་ལངས་ཤོར་མི་ཡོང་བར་བྱེད་དགོས་ མཐོང་ཆུང་ཆེ་རུ་འགྲོ་གི་འདུག་ གཞུང་གི་ངོས་ནས་འགུལ་དགོས་ཀྱི་འདུག་ གཞན་ཁ་བདེ་ལྕེ་བདེ་ཙམ་གྱི་ཅི་བྱེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese