མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་ནས་ཛ་དྲག་རོཊ་དངུལ་འབུམ་ ༡༥ གནང་།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ལྡི་ལི་ལ་ལི་ཀེ་ལའི་བོད་མིའི་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་བར་ཛ་དྲག་རོགས་དངུལ་ཧིན་སྒོར་འབུམ་ ༡༥ གནང་འདུག

IMG_3521 copyལ་ལི་ཀེ་ལའི་བོད་མིའི་ཚོང་ཁང་ ༡༣༨ ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ། ཚོད་རྩིས་བྱས་ན་ཧིན་སྒོར་ས་ཡ་ ༡༢༠ ཙམ་གྱི་དཔལ་འབྱོར་གྱོང་གུད་ཕོག་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་འཕྲལ་སེལ་ཆར་ཆུ་དང་ཉི་འོད་འགོག་ཐབས་ཀྱི་ཚོང་ཁང་བསྐྱར་གསོ་བྱས་ཏེ་གྱོང་གུན་ཁ་གསབ་ཡོང་ཆེད། ཛ་དྲག་གི་ཐོག་ནས་ཧིན་སྒོར་འབུམ་ ༡༥ གནང་ཡོད་སྟབས། གསར་འགོད་པས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་རོགས་དངུལ་དེ་ས་གནས་སུ་འབྱོར་ཚར་ཡོད་མེད་དང་། ས་གནས་ནས་བགོ་བཤའ་རྒྱག་སྟངས་ཐད་ལམ་སྟོན་གང་གནང་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། རྩ་བའི་ས་གནས་མགོ་འཛིན་གྱིས་དབུ་འཁྲིད་པའི་ཚོགས་ཆུང་ཞིག་བཙུགས་ཏེ་ཞལ་འདེབས་བསྡུ་སློང་བྱེད་པའི་ལས་འགུལ་ཞིག་རྩོམ་གྱི་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཧིན་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཞིག་ཛ་དྲག་རང་གི་ཐོག་ནས་ཁ་སང་བཏང་ཡོད་ལ། ཁོང་ཚོས་དགུན་ཚོང་བརྒྱབ་སྟེ་ཉིན་བདུན་བརྒྱད་ལས་མ་འགྲོ་པར་གནས་ཚུལ་དེ་འདྲ་བྱུང་ཡོད་སྟབས། ད་ལྟ་ཚོང་རྒྱག་པའི་དུས་ཚོད་མང་བ་ལྷག་ཡོད་དུས། དེ་འཕྲོ་བརླག་ཏུ་མི་འགྲོ་བར་གྱོང་གུད་རྣམས་ཁ་གསབ་ཡོང་བའི་རེ་བ་བྱས་ཏེ། བཀའ་ཤག་ནང་བཀའ་སྡུར་གྱིས་ཡིག་ཆུང་དང་སྦྲགས་ཛ་དྲག་རོགས་དངུལ་ཁ་སང་ལྡི་ལི་ས་གནས་མགོ་འཛིན་ལ་བཏང་ཡོད་པ་དང་། སྔོན་ལ་ཛ་དྲག་གི་ངང་ནས་ཚོང་ཁང་ ༡༣༨ དེ་བསྐྱར་དུ་རྒྱག་ཐུབ་པ་བྱས་ཏེ། མུ་མཐུད་དགུན་ཚོང་བརྒྱབ་ནས་སྡོད་ཐུབ་པ་བཟོ་དགོས་པའི་ལམ་སྟོན་ཞུས་ཡོད། ཅེས་དང་། མེ་སྐྱོན་བྱུང་བའི་བོད་མི་སུད་ཚོང་བ་དེ་ཚོའི་དཀའ་ངལ་ཆ་ཚང་སེལ་ཐུབ་མིན་མི་ཤེས་ཀྱང་། ནང་སྲིད་ལས་ཁུངས་ནས་མུ་མཐུད་རོགས་ཚོགས་ཁག་ལ་འབྲེལ་བ་ཞུས་ཏེ་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese