མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲུག་གི་ལྷ་འདི། གཞས་ཚིག་རྩོམ་ལ་གཞན་ལས་རྒྱལ།

བློ་རབ།
༢༠༡༦/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

བློ་རབ།
ང་གངས་ལྗོངས་དང་ཁ་ཐག་རིང་ནའང་། ངའི་སེམས་པ་དེ་གངས་ལྗོངས་དང་ཁ་ཐག་ཤུན་ཏུ་ཉེ་བ་མ་ཟད། ངས་གངས་ལྗོངས་ཀྱི་དྲོད་ཁོལ་མྱོང་བཞིན་ཡོད། དྲོད་ཁོལ་དེ་ཡང་གངས་ལྗོངས་ནས་མཆེད་པའི་གླུ་གཞས་ལས་མྱོང་གིན་ཡོད་ཅིང་། ལྷག་ཏུ་འབྲུག་ལྷ་རྒྱལ་གྱི་གཞས་ཚིག་ལས་མང་བ་མྱོང་བཞིན་ཡོད།

ཉིན་འགའི་སྔོན་ལ། ༼སེམས་ཀྱི་མཆོད་དབྱངས།༽ ཁ་བྱང་ཅན་གྱི་གླུ་གཞས་ཤིག་ལ་ཉན། གཞས་ལེན་མཁན་ཤེར་བསྟན་དང་། ཀླུ་མོ་མཚོ། ལྷ་སྐྱིད། བློ་གསལ་བཅས་རེད་ལ། གཞས་དེར་ཐེངས་ཁ་ཤས་ལ་ཉན་བཞིན་གཞས་དེའི་ཚིགས་རྐང་རེ་རེའི་བྲོ་བ་དེ་གཞན་དང་བསྡུར་སར་མི་འགྲོ་བའི་ཚད་རེད། སེམས་ཀྱི་གཏིང་ནས་ཕ་ས་ཕ་ཡུལ་ཟེར་བ་ཅི་ཞིག་ཡིན་པ་རྙེད་ཡོང་ལ། རང་ཉིད་ཕ་ས་ཕ་ཡུལ་དེའི་ཅི་ཞིག་ཡིན་པ་དང་། ཇི་ལྟར་ཕ་ས་ཕ་ཡུལ་དང་འབྲེལ་ནས་ཡོད་པ། ཕ་ས་ཕ་ཡུལ་དང་ཁ་བྲལ་ཏེ་ལོ་ངོ་ཉི་ཤུ་སུམ་བཅུ་སོང་ནའང་། ད་དུང་དྲན་ཞིང་དུངས་དགོས་པ་ཅི་ཞིག་གིས་རེད། བརྗོད་དཀའ་ཞིང་སྟོན་མི་ཐུབ་པའི་སེམས་ཀྱི་གསང་བ་ཞིག་གཞས་ཚིག་འདིའི་བརྗོད་སྙིང་དུ་བཟུང་འདུག

གཞས་ཚིག་དེར་ ” ཚེ་རབས་འོད་ཀྱི་ཕྲེང་བ་གངས་ལ་བརྒྱུས་ཡོད།
ཐོག་མའི་ལྟེ་ཁྲག་དམར་པོ་སྤང་ལ་འཐིམ་ཡོད། སྙིང་གི་དམ་བཅའ་བརྟན་པོ་བྲག་ལ་བྲིས་ཡོད། ངག་གི་སྨོན་ལམ་དག་མོ་ཁྱོད་ལ་བཏབས་ཡོད། ལས་ཀྱི་བསོད་ནམས་ཆོས་ལྡན་ཞིང་ལ་བཅོལ་ཡོད།
དད་པའི་རྩེ་མོ་རྣམ་དཀར་ལས་ལ་ཟུག་ཡོད། འཚར་བའི་ལང་ཚོ་ཆོལ་གསུམ་ཡུལ་ལ་ཕུལ་ཡོད། མཐའ་མའི་རུས་གོང་གངས་རིའི་ལྗོངས་ལ་དབང་ཡོད། ” ཅེས་ཚིགས་བཅད་གཉིས་པོ་འདི་གཞས་ཚིག་གི་སྲོག་ཤིང་དུ་གྱུར་ཅིང་། ཚིགས་བཅད་འདི་གཉིས་ཀྱིས་བོད་མི་རིགས་ཀྱི་མི་ཚེའི་ལྟ་བ་སྟེ། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས། རྣམ་དཀར་དགེ་སྒྲུབ་ལ་གཞོལ་བའི་ཐུན་མིན་ཁྱད་ཆོས་ནས་བཟུང་། རང་ཉིད་མི་རིགས་འདིའི་རི་ཆུ་ནགས་གསུམ་དང་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་དག་ཉམས་སུ་བླངས་ཏེ། མི་ཚེ་འདི་དང་གཞན་དུ་འང་གངས་ལྗོངས་སུ་སྐྱེ་པར་སྨོན་སེམས་ཀྱི་ཕུགས་འདུན་དེ་བསྟན་ཡོད། ཕུགས་འདུན་དེ་ཡང་གཞན་ན་དཀོན་པའི་བསམ་བློ་གཏོང་སྟངས་ཀྱི་བདེ་སྐྱིད་ཅིག་རེད་ལ། མཐར་གཏུགས་ན། ང་ཚོའི་ཕ་མེས་ཡང་མེས་ཚོས་ལག་གཉིས་ཐལ་མོ་སྦྱར་ཏེ་ཚེ་རབས་ནས་ཚེ་རབས་གངས་ལྗོངས་སུ་སྐྱེ་བའི་སྨོན་ལམ་འདེབས་བཞིན་པ་འདི་རེད།

གཞས་ཚིག་འདིའི་གྲུབ་སྟངས་ནི་སྲོག་ཤིང་དང་མཐའ་རྒྱན་གྱིས་གྲུབ་འདུག་ལ། མཐའ་རྒྱན་དུ། ” གནས་ཡུལ་གང་དུ་བསྡད་ཀྱང་རུང། ས་ཕྱོགས་གང་དུ་ཆས་ཀྱང་རུང། ང་ཡི་ཡིད་སེམས་ཁྱོད་ལ་གཏད་ནས་ཡོད། ཕ་ས་ཕ་ཡུལ། ང་ཡི་གངས་ལྗོངས་ཕྱུག་མོ། སེམས་ཀྱི་མཆོད་དབྱངས་འདི་ཁྱོད་ལ་ཕུལ་ཡོད། ང་ཡི་གངས་ལྗོངས་ཕྱུག་མོ། ཕ་ས་ཕ་ཡུལ། ” ཞེས་པས་གཞས་ཚིག་འདིའི་སྲོག་ཤིང་ལ་དྲོལ་ཁོལ་སྟེར་ཅིང་ནུས་པ་བླ་ལྷག་ཏུ་ཐོན་བཅུག་པར་མ་ཟད། “སེམས་ཁོང་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ། མི་ཟས་ཡུན་རིང་ཟོས་པའི་རིན་དོད་མིན་རུང། ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན། ” ཞེས་རང་གི་ཕ་ས་ཕ་ཡུལ་གངས་ལྗོངས་ཕྱུག་མོ་འདི་རང་ལ་དྲིན་ཅན་ཡིན་པ་དྲིན་ཚོར་ཞིང་། རང་ཉིད་ཀྱང་གངས་རིའི་ལྗོངས་ལ་བློ་དཀར་སེམས་དཀར་ཡིན་ལ། དྲིན་ལན་ཕྲན་བུ་ཞིག་གི་དོད་དུ་གཞས་ཀྱི་མཆོད་དབྱངས་འདི་བཞེས་རོགས་གནང་ཞེས་གུས་གསོལ་ཞུས་པ་རེད།

འབྲུག་ལྷ་རྒྱལ་གྱི་གཞས་ཚིག་འདི་དང་། གཞན་༼སེམས་ཀྱི་ལོག་ཕེབས།༽ ༼ ང་ཡི་ཁྲི་ཤོར་རྒྱལ་མོ།༽ བཅས་བོད་མི་སྡོད་སའི་ས་གནས་གང་སར་དར་ཁྱབ་ཆེན་པོ་རེད་ལ། གཞས་ཚིག་དེ་དག་གིས་བོད་མི་རིགས་ཀྱི་དཔའ་མཛངས་དང་དཀའ་སྤྱད་ཀྱི་བྱུང་རབས་དང་། རི་ཆུ་ནགས་ཀློང་གི་བརྗིད་ཉམས། ཤེས་རབ་ཀྱིས་བསྐྲུན་པའི་ཁྱད་ནོར་དག་གཙུག་ཏུ་བཀུར་བཞིན། དེ་དག་ད་ལྟའི་བོད་མི་རིགས་ཀྱི་མདུན་སྐྱོད་ཀྱི་རྒྱབ་དཔུང་དུ་དྲངས་ཏེ། ང་ཚོ་ངོ་གནོང་མི་དགོས་པའི་མི་རིགས་ཤིག་ཡིན་པ་གསལ་སྟོན་བྱེད་ཀྱིན་མདུན་བསྐྱོད་ལ་ངར་ཤུགས་བླུད་བཞིན་ཡོད།

ང་ཚོའི་ཤེས་ཡོན་པར་བརྩི་བའི་མི་མང་པོ་ཞིག་གིས་ད་ལྟའི་བོད་ཀྱི་གནས་བབ་ཀྱི་ངན་ཁག་འདས་པའི་བྱུང་རབས་ལ་འགེལ་བཞིན་པའི་མི་བུ་དག་དང་རྦད་དེ་ལོགས་ཀ་རེད་ལ། འདས་པའི་བྱུང་རབས་ཀྱི་དགེ་མཚན་རྒྱབ་ཏུ་འདྲེན་ཅིང་། ཤེས་རབ་ཀྱིས་ལྕི་བའི་དཔལ་ཡོན་རྒྱན་དུ་ངོམ་པ་དེ་ཁོང་གི་གཞས་ཚིག་གི་རྩ་གནད་དུ་སེམས་སོ།།

༼སེམས་ཀྱི་མཆོད་དབྱངས།༽

གཞས་ཚིག འབྲུག་ལྷ་རྒྱལ།
གདངས། བློ་གསལ།
ལེན་མཁན། ཤེར་བསྟན། བློ་གསལ།
ཀླུ་མོ་མཚོ། ལྷ་སྐྱིད།

ཚེ་རབས་འོད་ཀྱི་ཕྲེང་བ་གངས་ལ་བརྒྱུས་ཡོད།
ཐོག་མའི་ལྟེ་ཁྲག་དམར་པོ་སྤང་ལ་འཐིམ་ཡོད།

སྙིང་གི་དམ་བཅའ་བརྟན་པོ་བྲག་ལ་བྲིས་ཡོད།
ངག་གི་སྨོན་ལམ་དག་མོ་ཁྱོད་ལ་བཏབས་ཡོད།

སེམས་ཁོང་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་མིན་རུང།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན།

གནས་ཡུལ་གང་དུ་བསྡད་ཀྱང་རུང།
ས་ཕྱོགས་གང་དུ་ཆས་ཀྱང་རུང།
ང་ཡི་ཡིད་སེམས་ཁྱོད་ལ་གཏད་ནས་ཡོད།

ཕ་ས་ཕ་ཡུལ། ང་ཡི་གངས་ལྗོངས་ཕྱུག་མོ།
སེམས་ཀྱི་མཆོད་དབྱངས་འདི་ཁྱོད་ལ་ཕུལ་ཡོད།
ང་ཡི་གངས་ལྗོངས་ཕྱུག་མོ། ཕ་ས་ཕ་ཡུལ།

ལས་ཀྱི་བསོད་ནམས་ཆོས་ལྡན་ཞིང་ལ་བཅོལ་ཡོད།
དད་པའི་རྩེ་མོ་རྣམ་དཀར་ལས་ལ་ཟུག་ཡོད།

འཚར་བའི་ལང་ཚོ་ཆོལ་གསུམ་ཡུལ་ལ་ཕུལ་ཡོད།
མཐའ་མའི་རུས་གོང་གངས་རིའི་ལྗོངས་ལ་དབང་ཡོད།

སེམས་ཁོང་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་མིན་རུང།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན།

གནས་ཡུལ་གང་དུ་བསྡད་ཀྱང་རུང།
ས་ཕྱོགས་གང་དུ་ཆས་ཀྱང་རུང།
ང་ཡི་ཡིད་སེམས་ཁྱོད་ལ་གཏད་ནས་ཡོད།

ཕ་ས་ཕ་ཡུལ། ང་ཡི་གངས་ལྗོངས་ཕྱུག་མོ།
སེམས་ཀྱི་མཆོད་དབྱངས་འདི་ཁྱོད་ལ་ཕུལ་ཡོད།
ང་ཡི་གངས་ལྗོངས་ཕྱུག་མོ། ཕ་ས་ཕ་ཡུལ།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༨ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༨ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 5

  1. Jamgchup Chomphel says:
    ལོ་ 8 སྔོན།

    ཡག་ཀི

    Reply
  2. Aharu jigwang says:
    ལོ་ 9 སྔོན།

    ༄༅། བཀའ་དྲིན་ཆེ་གླུ་མ་གླུ་པ་རྣམས།
    བཀྲིས་བདེ་ལེལགས་ཡོད།
    ང་ཚོ་ཁྱེད་ཚོའི་གླུ་གཞས་དེ་ཡང་སེ་ཉན་ཞིང་ཡོད།
    སྙན་ནི་སྙན་ཞིང་སེམས་ནི་ཁྱེད་ཚོར་ཤོར།
    དོན་སྙིང་ལྡན་ཞིང་མིག་ནས་མཆི་མ་ཤོར།
    བློ་སེམས་མ་ཞུམ་སྔར་བཞིན་བདག་གཅེས་མཛོད།
    ལུས་ལ་ན་ཚ་མེད་པའི་སྨོན་ལམ་འདེབས།

    Reply
  3. ཆབ་མདོ་ངག་ཕུན། says:
    ལོ་ 9 སྔོན།

    ཡག་པོ་བྲིས་གནང་འདུག རྗེས་སུ་ཡི་རངས་ཡོད།

    Reply
  4. ཐར་འདོད། says:
    ལོ་ 9 སྔོན།

    གཞས་ཟེར་ན་དངོས་གནས་འདི་འདྲ་ཞིག་ལ་ཟེར། ཐུགས་རྗེ་ཆེ།

    Reply
  5. ཆུ་ཐིགས། says:
    ལོ་ 9 སྔོན།

    བྱས་ཙང་། གཞས་འདི་ཐོན་མ་ཐག་ཉན་སྐབས་དངོས་གནས་ཚོར་ཤུགས་ལྡན་པ་ཞིག་རེད་འདུག མི་རིགས་ཀྱི་ལ་རྒྱ་དང་ཚོར་སེམས་ཡོད་མེད་དབར་བར་ཁྱད་ཧ་ཅང་ཆེན་པོ་འདུག འདིར་བཙན་བྱོལ་ནང་དུ་ཆ་མཚོན་ན། གཞས་ཚིག་མཁྲེགས་པོ་བྲིས་ན་གོ་མི་ཚོད། དེ་ལས་གཞས་ཚིག་ལས་སླ་བ་དང་། གཞས་ཚིག་དེ་ཡང་བསྐྱར་ལྡབ་ཡང་ལྡབ་ལས་གཞན་ཚིག་རྫོགས་པ་ལྟ་བུའི་གནས་སྟངས་ཤིག་ཡོད་པ་ངས་ཤེས་ཀྱི་ཡོད། གཞས་ཚིག་དེ་ཡང་ཁྱོད་དགའ་ང་དགའ། ཨ་མ་བཀའ་དྲིན་ཆེན་མོ་ཡིན་པ། ཕ་ཡུལ་དྲན་གཏམ། སོགས་གཞས་ཚིག་ཐུང་ངུ་རེ་དང་། ཚིག་སྦྱོར་གོ་བདེ་རེ་ལས་ཚོར་སེམས་ཡོད་པའི་གླུ་ཞིག་རྣ་བར་མ་གོ་ཞེས་བརྗོད་ཀྱང་འགྲིག ལྷག་པར་བོད་ནང་གི་གཞས་པ་དང་གཞས་མའི་བླངས་པའི་གླུ་ཇི་སྙེད་ཅིག་ཡོད་པ་དེ་དག་ལ་དོ་སྣང་དང་སྣང་བ་ཅི་ཡང་མི་སྟེར་ཞིང་། དེ་རིང་ཁ་སང་སྣང་བ་འཁྲུལ་བའི་བཅོལ་ཆུང་གི་གཞས་དེ་དག་ལ་ཧང་སང་སང་བྱས་པ་དེ་ནི་དངོས་གནས་མི་རིགས་དང་སྐད་ཡིག་ཐད་ཚོར་བ་དམན་དྲགས་པའི་གནས་སྐྱང་སྐྱ་མོ་ཞིག་ཡིན་པ་དོན་མི་ཟ།་་་་་རྩོམ་པ་པོ་སྐུ་ཉིད་ཀྱི་སེམས་ཚོར་ཡོད་ཐོག་འདི་འདྲ་ཞིག་སྤེལ་བར་ཡི་རང་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese