མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཙང་བཟོའི་རྗེས་དུག་སྦྲང་ཚུན་ཆད་ཐར་ས་མེད།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་བློན་མོ་རྡི་ཡིས་ཁ་སང་སྒེར་གྱི་འཕྲིན་སྟེགས་ཁྲུའུ་ཀྲར་བརྒྱུད་བརྗོད་གསལ་ད་ལྟའི་དཀའ་ཚེགས་དེ་ཉིན་གྲངས་ལྔ་བཅུའི་རིང་གི་གནད་དོན་རེད། གཙང་བཟོ་ཟིན་རྗེས་དུག་སྦྲང་ཚུན་ཆད་བྲོས་ཐར་ས་མེད་ཅེས་བརྗོད་སོང་། ད་དུང་། ཁ་སང་སྲིད་བློན་མཆོག་ཉིན་གཉིས་ཉི་ཧོང་གི་གཟིགས་སྐོར་ནས་འཁོར་ཕྲལ་རྒྱ་གར་ལྷོ་ཕྱོགས་གྷོ་བར་སྤེལ་བའི་གཏམ་བཤད་ནང་། རང་ཉིད་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་ཁྱིམ་ཚང་དང་ནང་མི་སྤུན་མཆེད་བསྐྱུར་བ་ཡིན་ཞེས་བརྗོད་ཀྱིན་སེམས་ཧ་ཅང་སྐྱོ་སྣང་དང་ལྷན་དུ། ཚོགས་འདུའི་སྟེང་མིག་ཆུ་ཤོར་དགོས་བྱུང་སོང་། མུ་མཐུད་ཁོང་གིས་བརྗོད་དོན་ད་སྐབས་མང་པོ་ཞིག་གིས་ང་ལ་ངོ་རྒོལ་དང་ཆེས་མི་དགའ་བ་བྱུང་ཡོད་ལ། ཡང་ན། ང་མེད་པ་ཡང་བཟོ་འདོད་ཡོད་ཀྱང་སྲིད། མ་ཟད། ང་ཡོངས་སུ་གཏོར་སྐྱོན་གཏོང་འདོད་ཡོད་པ་ཡང་ངས་ཤེས་ཀྱི་འདུག གང་ཡིན་ཞེ་ན་ཁོང་ཚོས་མི་ལོ་བདུན་ཅུའི་རིང་གི་བཅོམ་འཕྲོག་བྱས་པའི་འབྲས་བུ་ངས་དཀའ་ངལ་གྱི་ནང་དུ་བསྐྱལ་བས་རེད་ཅེས་བརྗོད་སོང་།

https://tibettimes.net/wp-content/uploads/2016/11/TibetTimes.mp4

དེ་ཡང་ཐེངས་འདིའི་ལས་གཞི་དེ་ནི་སྲིད་བློན་ཁོང་གིས་བརྗོད་གསལ། ངེད་ཡིད་ཆེས་བློས་འགེལ་ཆོག་པའི་རུ་ཁག་ཅིག་གིས་ཟླ་བཅུའི་སྔོན་ནས་ལས་གཞི་འདི་ཉིད་མགོ་འཛུགས་བྱས་ཡོད། ད་ཐེངས་རྒྱ་གར་གྱི་ལོ་རྒྱུས་ནང་ཁྲིམས་མཐུན་མིན་པའི་དངུལ་ནག་ཁྱོན་སྒོར་བྱེ་བ་ ༦༧༠༠༠ དངུལ་ནག་མགོ་བཏགས་ཞུ་རྒྱུའི་སྒྲིག་གཞིའི་ཁུངས་སུ་དངུལ་འཇུག་བྱས་ཡོད་ཅིང་། སྒོར་བྱེ་བ་ ༡༢༥༠༠༠ གཞུང་གི་ཁྲལ་འཇལ་ཁུངས་འཇུག་གི་ཐོག་ནས་དངུལ་བཅོལ་བྱུང་ཡོད་ཅེས་བརྗོད་སོང་། དེ་མཚུངས་ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་གར་གཞུང་དངུལ་དཔར་དངུལ་ཁང་ RBI ནས་གཏན་འཁེལ་ནས་བརྗོད་གསལ། མི་མང་རྣམས་དངངས་འཚབ་བྱེད་མི་དགོས། ངེད་དངུལ་ཁང་དུ་དངུལ་གསར་ལྡང་ངེས་དཔར་ཟིན་ཅིང་རྒྱལ་ཡོངས་སུ་ཁྱབ་སྤེལ་འགྲེམས་གཏོང་ཧ་ཅང་མྱུར་པོ་བྱེད་ཀྱི་ཡོད་ཅེས་དང་། རྒྱ་གར་དབུས་གཞུང་དངུལ་ཁང་ Central Bank གང་མགྱོགས་མི་མང་རྣམས་དངུལ་ཁང་ལ་ཐེངས་མང་འགྲོ་མི་དགོས་པར་དངུལ་བཏོན་འཕྲུལ་ཆས་བརྒྱུད་དེ། རྒྱུན་ལྡན་ལྟར་འགྲོ་སོང་ལྡང་ངེས་ཀྱི་དངུལ་ལེན་རྒྱུ་ཡོད་པ་ཆགས་ཀྱི་རེད་ཅེས་བརྗོད་སོང་།

རྒྱ་གར་ནང་གནས་ཚུལ་དེ་བྱུང་བའི་རྗེས་རྒྱལ་སྤྱི་ཁྱོན་ཡོངས་ནས་རྒྱ་གར་གྱི་སྲིད་བློན་མོ་རྡིར་བསྔགས་བརྗོད་གང་མང་ཞུ་མུས་བཞིན། འཛམ་གླིང་དངུལ་ཁང་གི་འགན་འཛིན་གྱིས་ཁོ་པ་ནི་སྲིད་བློན་མོ་རྡིར་ཆེས་དགའ་མོས་ཆེ་ཤོས་བྱེད་མཁན་ཡིན་ཞེས་བརྗོད་སོང་། དེ་བཞིན། སིང་གྷ་པུར་སོགས་ཚོང་གི་ལྟེ་གནས་ཡུལ་གྲུ་དུ་མའི་གནད་ཡོད་མི་སྣ་གང་མང་གིས་མོ་རྡི་ཡི་བྱ་སྤྱོད་ལ་ཡིད་སྨོན་དང་བསྔགས་པ་བརྗོད་བཞིན་འདུག ཕྱོགས་མཚུངས་པཀ་ཀི་སི་ཐན་གྲོས་ཚོགས་ཀྱི་ཚོགས་མི་ཨོ་སི་མན་སེ་ཕྷུ་ལ་ཡིས་ཡུལ་དེ་གའི་དངུལ་ལོར་མཐོ་གྲས་ཀྱང་རྒྱ་གར་བཞིན་འགོག་དགོས་ཚུལ་གྱི་གྲོས་འཆར་ཡང་བཏོན་འདུག ད་དུང་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨྰ་མིར་ཁན་དང་། འཁྲབ་ཁྲིད་པ་ཀ་རན་ཇོ་ཧར་སོགས་ཀྱིས་ཁོང་གི་ལས་གཞིར་རྒྱབ་སྐྱོར་ཡོད་ཅེས་གཏམ་བཤད་སྤེལ་བ་བརྒྱུད་རེ་འགར་སྲིད་བློན་ཁོང་གིས་ཐད་ཀར་ཐུགས་རྗེ་ཆེ་ཞུའི་འཕྲིན་ལན་ཡང་གནང་འདུག

མི་མང་གིས་ངེས་དགོས་པའི་གནས་ཚུལ་ཁག་ནི་ཁ་སང་རེས་གཟའ་ཉི་མའི་ཉིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། གྲོང་ཁྱེར་བྷོ་བྷལ། མོམ་བྷེ་བཅས་ལ་སྒོར་ལྔ་བརྒྱའི་ཤོག་ལོར་གསར་པ་ཤར་གཏོང་བྱས་ཡོད་པ་དང་། རིང་མིན་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་དངུལ་བཏོན་འཕྲུལ་ཆས་ ༢༢༠༠༠༠ ལྷག་ཁྱོན་ཡོངས་ནས་དངུལ་ལོར་གསར་པ་ལེན་ཐུབ་པ་ཡོང་གི་རེད་ཅེས་བརྗོད། དེ་བཞིན། ཕྱི་ཚེས་ ༩ ནས་ཕྱི་ཚེས་ ༡༣ བར་དངུལ་བཏོན་འཕྲུལ་ཆས་བརྒྱུད་ཉིན་རེར་སྒོར་ ༢༠༠༠ ལས་ལེན་ཆོག་གི་མེད་པའི་སྟེང་སྒོར་ ༥༠༠ ཁ་སྣོན་བྱས་འདུག ད་དུང་། ཉིན་ཤས་སྔོན་བདུན་རེར་དངུལ་ཁང་ནས་ཐད་ཀར་ལེན་ཆོག་པའི་སྒོར་ ༢༠༠༠༠ ནས་ ༢༤༠༠༠༠ བར་སྤར་ཡོད་པ་དང་། ཉིན་རེར་སྒོར་ ༡༠༠༠༠ ལེན་རྒྱུའི་འཆར་གཞི་དེ་མེད་པ་བཟོས་འདུག དེ་ནི་ཉེ་སྔོན་ཉིན་རེར་སྒོར་ ༡༠༠༠༠ དང་བདུན་ཕྲག་གཅིག་གི་ནང་དུ་ཁྱོན་སྒོར་ ༢༠༠༠༠ ལྷག་ལེན་ཆོག་གི་མེད། ད་ཐེངས་དུས་གཅིག་ལ་ཐད་ཀར་ ༢༤༠༠༠ ལེན་ཆོག་རྒྱུ་བཟོས་འདུག དེ་བཞིན་ཉིན་རེར་དངུལ་ཁང་ནས་དངུལ་རྙིང་བརྗེས་ཆོག་པའི་གྲངས་ཚད་ ༤༠༠༠ ནས་ ༤༥༠༠ སྤར་འདུག

ཉེ་ཆར་དངུལ་ལོར་རྙིང་པས་ཟླ་འདིའི་ཚེས་ ༡༤ བར་འགྲིམ་འགྲུལ་གླ་ཆ་དང་། གློག་རིན། ཁ་པར་རིན། ཆུ་རིན། ཁྲིམས་ཁང་གི་ལས་ཡོན། སྨན་ཁང་། སྣུམ་བླུགས་ས་བཅས་ལ་སྤྱོད་ཆོག་གི་ཡོད་ཅེས་གསལ་བསྒྲགས་སྤེལ་མོད། དེ་རིང་སྔ་དྲོ་རྒྱ་གར་གཞུང་དཔལ་འབྱོར་ལྷན་ཁང་གི་དྲུང་ཆེ་ཤཀ་ཐི་ཀན་ཏ་རྡ་སི་ཡིས་གོང་གི་དངུལ་རྙིང་འགྲོ་རྒྱུགས་ཆོག་པའི་དུས་ཡུན་ཟླ་འདིའི་ཚེས་ ༢༤ བར་ཕར་འགྱངས་བྱས་ཡོད་ཅེས་གསལ་བསྒྲགས་སྤེལ་སོང་། འོན་ཀྱང་། མི་མང་གིས་ངེས་དགོས་པར་ས་གནས་དེ་དག་ཕལ་མོ་ཆེར་དངུལ་སྤྲོད་པར་འགྲོ་སྐབས་སོང་ཆའི་དངུལ་ཚད་ཕྱེད་ཡན་མ་ཟིན་ན་སིལ་མ་ཕྱིར་སྤྲོད་ཀྱི་མི་འདུག་ལ། སྣུམ་ཚིགས་ཁག་ལ་མཚོན་ན་ངེས་པར་དུ་སྒོར་ ༥༠༠ དང་ ༡༠༠༠ གང་རུང་ཏག་ཏག་གི་སྣུམ་མ་བླུགས་ན་སིལ་མ་སྤྲོད་རྒྱུ་མེད་པའི་གནས་ཚུལ་ཐོན་བཞིན་འདུག ཡང་ད་ལྟ་ཉིན་རྒྱབ་མུ་མཐུད་ཁོང་གིས་བརྗོད་གསལ་དངུལ་ཁང་ལག་དེབ་ཚོང་དོན་ཁུངས་སུ་ཡོད་པ་གང་ཞིག་ཟླ་གསུམ་འདས་ཟིན་པ་རྣམས་བདུན་རེར་སྒོར་ཁྲི་ལྔ་རེ་བཏོན་ཆོག་པ་བཟོས་ཡོད་ཅེས་ཀྱང་བརྗོད། དེ་མཚུངས་རྒྱ་གར་དབུས་གཞུང་ནས་རྒྱལ་ཡོངས་ལམ་ཁྲལ་ཆག་ཡང་ཉིན་བཞི་འཕར་མ་བསྣན་སོང་།

ཕྱོགས་གཞན་ནས་ལས་གཞི་ཅུང་དཀའ་ཚེགས་ངང་འགྲོ་བཞིན་པའི་སྐབས་ཆབ་སྲིད་ཕྱོགས་འགལ་ཚོགས་པ་ཀོང་ར་སི་དང་། མི་མང་དཀྱུས་མ་ཚོགས་པའི་(AAP)ལྡི་ལིའི་བློན་ཆེན། དེ་བཞིན། ངོ་གདོང་མི་གསལ་བའི་འགལ་ཟླར་གྱུར་བ་དུ་མས་སྲིད་བློན་མོ་རྡིར་དགག་པ་བརྒྱབས་པ་དང་། མི་མང་ཟིང་འཁྲུག་སློང་རྒྱུའི་ལས་འཆར་ཙག་ཙིག་སྤེལ་གྱིན་ཡོད་པས་སྲིད་བློན་མོ་རྡི་ཡིས་དེ་རིང་ཀོང་ར་སིའི་ཕྱོགས་གཏོགས་འདས་པོ་སྲིད་བློན་ནེ་རུ་འཁྲུངས་ནས་ལོ་ ༡༢༧ འཁོར་བའི་དྲན་གསོ་དང་འབྲེལ་བརྗོད་དོན། ཁྱེད་ཀྱི་ནང་མི་དང་ཕྱོགས་གཏོགས་ཀྱིས་ང་ལ་དམའ་འབེབས་དང་ཁ་རྡུང་བཏང་ཡང་། ང་འདིར་ཁྱེད་ཀྱི་ཕུགས་བསམ་སྒྲུབ་ཀྱིན་ཡོད་ཅེས་བརྗོད་སོང་།

 

བྷེང་ལོར། རྟ་མགྲིན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༤ ཉིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. འདམ་སྐྱེས། says:
    ལོ་ 9 སྔོན།

    གནད་དོན་འདིའི་སྐོར་དུས་ཐོག་ཁ་གསལ་ལ་གོ་བདེ་བ་སྔ་ཕྱིར་མང་ཚོགས་ལ་འགན་ཁུར་བའི་ཐོག་ནས་གསར་ལམ་དུ་བསྒྲགས་པར་ལེགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
    • རྟ་མགྲིན says:
      ལོ་ 9 སྔོན།

      འདམ་སྐྱེས་ལགས། བཀའ་དྲིན་ཆེ། རྒྱབ་སྐྱོར་ཞུས་པར་ངོས་འཛིན་བྱེད་ཀྱི་ཡིན། རྗེས་སོར་མུ་མཐུད་ཡིན་གདའ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese