མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་བུ་མོ་གཉིས་ཀྱིས་ཞི་རྒོལ་ཁྲོམ་སྐོར་བྱས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་ཀིརྟི་དགོན་གྱི་གླིང་མདོའི་སྒོ་ཆེན་འགྲམ་དུ་བོད་རིགས་བུ་མོ་གཉིས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཁྲི་ལོར་ཤོག་ཅེས་ཞི་འབོད་ཁྲོམ་སྐོར་གནང་ཡོད་འདུག

Untitled-1རྔ་བ་ཀིརྟི་དགོན་གྱི་གླིང་མདོའི་སྒོ་ཆེན་འགྲམ་དུ། བོད་རིགས་བུ་མོ་གཉིས་ཀྱིས་ལག་ཏུ་༧་གོང་ས་མཆོག་གི་སྐུ་པར་ཆེན་པོ་གཉིས་བཟུང་སྟེ་ཞི་འབོད་ཁྲོམ་སྐོར་གནང་ཡོད་པ་དང་། ཕྱི་ཕྱོགས་སུ་བསླེབས་པའི་བརྙན་ཐུང་ཞིག་གི་ནང་མི་མང་པོ་འགྲོ་འོང་བྱེད་བཞིན་ཡོད་པའི་ཁྲོམ་གཞུང་དུ། ལུས་ལ་བོད་ཆས་གཙང་མ་གྱོན་པའི་བུ་མོ་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་གཉིས་གནམ་ལ་མཐོན་པོར་བསྒྲེངས་ཏེ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་ནས་ཁྲི་ལོར་ཤོག་ཅེས་འབོད་ཚིག་སྒྲོག་གིན་ཁྲོམ་སྐོར་གནང་བཞིན་འདུག

བོད་ནས་གནས་ཚུལ་གཏོང་མཁན་གྱིས་ཞི་རྒོལ་ཁྲོམ་སྐོར་དེ་དེ་རིང་བྱུང་བ་ཡིན་སྐོར་བརྗོད་སོང་ལ། ད་ལྟའི་ཆར་བུ་མོ་དེ་གཉིས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་མེད་དང་། ཁོང་གཉིས་ཀྱི་མིང་དང་ཁྱིམ་ཚང་གི་གནས་སྟངས་སྐོར་སོགས་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག

ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་ཀ་ཉག་ཚེ་རིང་ལགས་སུ་ཁ་པར་བརྒྱུད་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་པར། གནས་ཚུལ་དེ་རྩད་གཅོད་གནང་བཞིན་ཡོད་ནའང་ད་ལྟའི་ཆར་གསལ་པོ་ཞིག་ཤེས་ཐུབ་ཀྱི་མི་འདུག་ཀྱང་། ཞི་རྒོལ་གནང་ས་དེ་ཀིརྟི་དགོན་གྱི་གླིང་མདོའི་སྒོ་ཆེན་ཉེ་འགྲམ་ཡིན་པ་བརྙན་ཐུང་ལས་གསལ་པོ་མཐོང་ཐུབ་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་རྔ་བ་རྫོང་ཁོངས་ཀྱི་གཙོས་བོད་ཁུལ་གྱི་ས་གནས་ཁག་ཅིག་ཏུ། བོད་མི་རྣམས་འཛེམས་ཟོན་མེད་པར་ཁེར་རྐྱང་གིས་ཁྲོམ་གཞུང་དུ་ཐོན་ཏེ་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་རིམ་པར་སྤེལ་ཡོད་པ་དང་། གནས་ཚུལ་བྱུང་མ་ཐག་ཉེན་རྟོག་པ་མང་པོས་རུབ་རྡུང་བྱས་ཏེ་ཞི་རྒོལ་བ་རྣམས་བཙན་འཁྲིད་བྱས་ཡོད་ལ། ཕྱི་ནས་ཤེས་རྟོགས་བྱུང་བའི་གྲངས་འབོར་ལྟར་ན། ད་ལྟའི་བར་དུ་རྔ་བ་རྫོང་ཁོངས་ཏུ་ཁྲོམ་གཞུང་ལ་ཐོན་ཏེ་ཞི་རྒོལ་སྐད་འབོད་གནང་མཁན་བུད་མེད་བཞི་ཙམ་བྱུང་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༢ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

མཆན། 4

  1. བཀྲ་ཡེ་ཚང་། says:
    ལོ་ 9 སྔོན།

    སྐད་འབོད་རེ་རེའི་རྒྱབ་ན་སྡུག་སྔལ་བཟོད་ཐབས་མེད་པ་རེ་ཡོད་པ་བཤད་མ་དགོས་པར་རེད། ཆེས་གདུག་རྩུབ་ཆེ་བའི་རྒྱ་འདྲེ་ཚང་གི་མནར་གཅོད་མྱོང་བཞིན་པའི་མི་རིགས་ཀྱི་དཔའ་བོ་དཔའ་མོ་ཚོ་དྲན་ན་སེམས་ལ་བཟོད་ཐབས་མེད་པའི་སྡུག་སྔལ་གྱི་གང་བཞིན་འདུག

    Reply
  2. པ་སངས་བླ་མ་ says:
    ལོ་ 9 སྔོན།

    བོུ་ཁྱེ་ང་གཉིས་ལ་ངས་སྨོན་ལམ་ཡོད ང་རང་བོད་རིགས་གཅིག་ཡིན་པའི་ཆ་ནས་ག་འདུས་ཡིན་ན་བོད་མི་མཚོ་ལ་རྒྱབས་བཅོར་ཡོད སྔོན་མ་ནས་བོད་རང་བརྩན་རེད

    Reply
  3. Abharu Jigwang says:
    ལོ་ 9 སྔོན།

    ༅༅། ཁྲེད་གངས་ཅན་ལྗོངས་ཀྱི་དཔའ་མོ་གཉིས་ནས་༧གོང་ས་མཆོག་གི་སྐུ་པར་འཁྱེར་ནས་༧གོང་ས་མཆོག་སྐུ་ཚེ་བརྟན་ད
    པར་ཤོག་ཅེས་ཞི་བའི་སྐད་འབོད་གནང་བར་ཤིན་ཏུ་ནས་སེམས་འགུལ་ཐེབས་སོང།
    ཁྱེད་གཉིས་ཀྱི་སྐུ་གཟུགས་ལ་བདག་པོ་ཡག་པོ་རྒྱོབས། ང་ཚོ་ཕྱི་ལ་བསྡད་མཁན་ཚོ་ཁྱེད་གཉིས་ལ་ཧང་ཅང་དགའ་བ་དང།
    སེམས་ཁྲལ་ཡང་ཆེན་པོ་འདུག་ ང་ཚོའི་ལས་དབང་གཅིག་རེད།
    བཀྲིས་བདེ་ལེགས་ཡོད།

    Reply
  4. བསྟན་འཛིན་གྲགས་པ་ says:
    ལོ་ 9 སྔོན།

    བོད་ཀྱི་ནང་བསྟན་དང་རང་དབང་གི་དོན་དུ་༧རྒྱལ་བའི་སྐུ་པར་བསྣམས་ནས་ཁྲོམ་བསྐོར་གནང་མཁན་རྒྱལ་གཅེས་ལྷག་བསམ་ཅན་ཁྱེད་གཉིས་ཀྱི་བསམ་དོན་འགྲུབ་པའི་སྨོན་ལམ་ཡོད། དཔའ་མོ་ཁྱེད་གཉིས་རྒྱལ་གྱུར་ཅིག རྒྱལ་བའི་ཐུགས་རྗེས་གཟིགས་ངེས་ཡིན་པས་ཡིད་ལ་དགའ་བ་སྒོམ་དགོས། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese