མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རུམ་ཕི་དང་རྒྱ་ནག་གི་འབྲེལ་བ་གང་འདྲ་ཆགས་སྲིད་དམ།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཕྱུག་བདག་ཊི་རུམ་ཕི་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་མ་ཐག་མང་ཚོགས་ནང་ཁོའི་སྲིད་བྱུས་ལངས་ཕྱོགས་ཐད་ངོ་རྒོལ་དང་བརྒྱུད་ལམ་ཁག་ཏུའང་གླེང་གཞི་ཆེན་པོ་ཆགས་ཡོད།

Times2དེ་རིང་དབྱིན་ཇིའི་ལྟ་སྲུང་གསར་ཁང་གིས་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཊི་རུམ་ཕིའི་སྐོར་ལ་དཔྱད་བརྗོད་རིང་པོ་ཞིག་སྤེལ་ཡོད་པའི་ནང་། བདུན་ཕྲག་སྔོན་མར་སྐུ་ཞབས་ཊི་རུམ་ཕི་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དེ་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་ལོ་ངོ་ཉེར་བདུན་སྔོན་ལ་མེ་མདའ་དང་ཁྲབ་ལྡན་འཁོར་ལོ་སྤྱད་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ཞི་འཇགས་བཟོས་པ་དང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དེའང་མི་སྒེར་གྱི་དོན་དག་གཞན་ཞིག་ཡིན་པ་ལྟ་བུ། དེ་བཞིན། ལྕམ་ཧེ་ལ་རེ་མཆོག་ནས་འདས་པའི་ལོ་ངོ་བཅུ་ཕྲག་རིང་བུད་མེད་ཀྱི་ཁེ་དབང་དང་ཐོབ་ཐང་ཐད་ནས་རྒྱ་ནག་གཞུང་ལ་གདོང་གཏད་པའི་རྐྱེན་གྱིས་ཁོང་མོའང་བཙོན་འཇུག་བྱེད་དགོས་པ་སོགས་ཀྱི་མཚོན་བྱེད་ལྟ་བུ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་མཚོན་ནའང་། སྐུ་ཞབས་ཊི་རུམ་ཕི་ནི་རང་དབང་གི་རྒྱལ་ཁབ་ཅིག་གི་དབུ་ཁྲིད་རེད་ལབ་ན་ཁོང་ཚོ་སེམས་ཤུགས་ཆགས་འགྲོ་བ་རེད། ཅེས་སོགས་འཁོད་འདུག

གསར་ཁང་དེས་བོད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་སྐད་ཆ་ཞིག་ལུང་འདྲེན་བྱས་ཡོད་པའི་ནང་། སྐུ་ཞབས་ཊི་རུམ་ཕི་མཆོག་ནི་རིག་གནས་དཔལ་ཡོན་ཁ་སྦུབ་ཏུ་འགྱེལ་བའི་མཚོན་བྱེད་ཅིག་དང་། རྒྱ་ནག་གི་མི་རབས་རྒན་པ་ཚོས་ ‘སྐུ་ཞབས་ཊི་རུམ་ཕི་ཡིས་ཁྱེད་རང་གི་སྒོ་ཐེམ་སྟེང་གི་ཁ་བ་གཙང་འཕྱག་བྱ་རྒྱུར་དགའ་བོ་ཡོད་ནའང་། ཁོང་གིས་ཁྱེད་རང་གི་ཁྱིམ་མཚེས་ཚང་གི་ཁང་ཐོག་གི་འཁྱགས་ཟིལ་ལ་སེམས་འཁྲལ་གནང་མི་སྲིད’ ཅེས་སོགས་བརྗོད་ཡོད་སྐོར་འཁོད་འདུག

ཨ་རིའི་ཕྱི་འབྲེལ་སྐུ་ཚབ་ཕུད་ཧན་ལེ་ (Paul Haenle) ཟེར་བ་ཞིག་གིས། སྐུ་ཞབས་ཊི་རུམ་ཕི་ཡི་གཏམ་བཤད་དག་ནི་ཁོ་རང་གི་ཁེ་ཕན་ཁོ་ནར་དམིགས་ཏེ་བཤད་པའི་ཆབ་སྲིད་ཀྱི་འུད་བརྗོད་འབའ་ཞིག་ཡིན་པ་དང་། ང་ཚོས་སྐུ་ཞབས་ཊི་རུམ་ཕི་ཡི་ཆབ་སྲིད་སློབ་སྟོན་པ་སུ་ཞིག་ཡིན་མིན་དང་། ཁོང་གི་བློན་ཆེན་ལྷན་ཚོགས་ནས་ཨ་རྒྱ་གཉིས་བར་གྱི་དཀའ་རྙོག་ཅི་ལྟར་ཐག་གཅོད་བྱ་སྲིད་མིན་སོགས་མི་ཤེས་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་ཀྱང་དོགས་གཞི་དེ་རྟོགས་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཨ་རི་དང་རྒྱ་ནག་བར་གྱི་ལས་དོན་ལྟེ་གནས་ཁང་གི་འགན་འཛིན་ཨོར་ཝེལ་སི་ཁེལ་ (Orville Schell) ཟེར་བ་ཞིག་གིས། གསར་དུ་བདམས་ཐོན་བྱུང་བའི་སྐུ་ཞབས་ཊི་རུམ་ཕི་ལྟ་བུའི་མི་དག་གིས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཐད་འཇོན་ནུས་གང་ཡང་འཐོན་མི་སྲིད། ཊི་རུམ་ཕི་ཡིས་ང་རང་སྲིད་འཛིན་ཡིན། ག་རེ་བྱེད་དགོས་པ་ངས་ཤེས་ཀྱི་ཡོད། ང་ལ་ལས་ཀ་བྱེད་དུ་འཇུག་རོགས་ཞེས་བཤད་ཀྱི་ཡོད་ནའང་། དོན་དངོས་ཐོག་ཞི་ཅིན་ཕིན་དང་ཁོང་གཉིས་བར་ཕན་ཚུན་ལངས་ཕྱོགས་གཅིག་མཐུན་བྱུང་ཡོད་སྟབས། ཊི་རུམ་ཕི་ཡི་གློ་བུར་བའི་འགྱུར་ལྡོག་དེས་ང་ཚོ་ཧ་ལས་སུ་བཅུག་ཡོད། གནས་སྟངས་དེའི་འོག་དེ་སྔོན་རྒྱལ་ཁབ་ཕན་ཚུན་བར་གྱི་འགལ་བ་དང་རིན་ཐང་། རྒྱལ་སྤྱིའི་ལས་དོན་ཐད་ཀྱི་གྲོས་མཐུན་སོགས་སྣང་མེད་བཏང་སྟེ། ཡོད་ཚད་རྣམ་པ་གཞན་ཞིག་ཏུ་སྒྱུར་བཞིན་འདུག ཊི་རུམ་ཕི་ཡིས་རྒྱ་ནག་གི་ལྷོ་ཤར་མཚོ་ཁུལ་གྱི་བདག་དབང་རྩོད་གླེང་དེ་གནད་དོན་ཆེན་པོ་ཞིག་མིན་སྐོར་བརྗོད་ཡོད། ཁོས། གལ་ཏེ་ཁྱེད་རང་ལ་མཚོན་ན། མཚོ་ཁུལ་དེ་དག་གི་བདག་དབང་རྩོད་གླེང་གལ་ཆེན་ཡིན་ན། ཁྱེད་རང་སོང་དང་རྩོད་གླེང་དེས་འཛམ་གླིང་དབྱེ་འབྱེད་གཏོང་གི་རེད། གལ་ཏེ་ཁྱེད་རང་རྩོད་གླེང་དེ་ལ་མོས་འདུན་ཡོད་ན། ཁྱེད་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷན་དུ་སོང་དང་། ང་ཚོར་དེའི་མཇུག་འབྲས་སྙན་གསེང་ཞུས་པས་ཆོག ཅེས་སོགས་བརྗོད་ཡོད་པ་རེད། ད་ལྟའི་གནས་བབ་འདི་ལ་འཕོ་འགྱུར་གཏང་བར་རྒྱལ་ཁབ་ཕན་ཚུན་བར་དམག་འཁྲུག་ལང་སྲིད་པ་དང་། ཡང་ན་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས་རང་ཤུགས་ཀྱིས་འགྱུར་བ་འགྲོ་སྲིད་པ་ཞིག་རེད་ལ། ད་ལྟའི་ཨ་རིའི་དཀའ་རྙོག་གཙོ་བོ་ནང་ཁུལ་གྱི་རྩོད་གླེང་ཡིན་པ་དང་། ནང་ཁུལ་གྱི་རྩོད་གླེང་དེ་ལ་བརྟེན་ནས་རྒྱལ་སྤྱིའི་འབྲེལ་ལམ་སྣང་མེད་འཇོག་མི་རུང་བར་འདོད། ཅེས་སོགས་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་། ཨ་རྒྱ་གཉིས་བར་གྱི་ཛ་དྲག་འབྲེལ་ལམ་ཚོགས་ཆུང་གི་ཚོགས་མི་ཞིག་གིས། ལྟོས་ཚོད་ཀྱིས་ཊི་རུམ་ཕི་ཡིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་རྣམ་པ་གསར་བ་ཞིག་མངོན་གྱི་ཡོད་ནའང་། དོན་དངོས་ཐོག་ཁོང་གིས་དེ་སྔའི་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་གཏོང་ཡང་སྲིད་པ་རེད། ཅེས་དང་། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ཉེ་ལམ་ཁ་པར་སྐུད་ལམ་ནས་སྐུ་ཞབས་ཊི་རུམ་ཕི་དང་ཞི་ཅིན་ཕིན་གཉིས་ཀྱིས་གླེང་མོལ་བྱེད་སྐབས། སྐུ་ཞབས་ཊི་རུམ་ཕི་ཡིས་ཁོང་གཉིས་ཀྱིས་མ་འོངས་པར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་མུ་མཐུད་ཡར་རྒྱས་གཏོང་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད་ཡོད་ལུགས་བསྒྲགས་འདུག་ཀྱང་། རྒྱ་ནག་གི་ཆབ་སྲིད་པ་ཚོས་ཊི་རུམ་ཕི་ཡིས་རྒྱལ་སྤྱིའི་ཆབ་སྲིད་འབྲེལ་ལམ་ཐོག་འཛིན་པའི་སྲིད་ཇུས་དེ་ཧ་ཅང་རྟོགས་དཀའ་བ་ཞིག་ཡིན་ལུགས་བཤད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 1

  1. ལྷོ་བྲག་པ། says:
    ལོ་ 9 སྔོན།

    སྤྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༥ ཉིན།
    ཊོན་ནལ་ཊི་ རྗོན་ ཋོམ་Donald John Trump) ནི་སྤྱི་ལོ་ ༡༩༤༦ ཟླ་ ༦ ཚེས་ ༡༤ ཉིན་ནེའུ་ཡོཀ་(New York) ནས་སྐྱེས་ཤིང་། སྤུན་མཆེད་ལྔ་ཡོད་པ་ལས་བྱིས་པ་ཆུང་ཤོས་གཉིས་པ་དེ་ཡིན།
    ཊཱུམ་གྱི་ཕ་རྒྱུད་རྗར་མ་ནེ་(Germany) དང་། ནེའུ་ཡོཀ་གྲོང་ཁྱེར་ཡར་རྒྱས་གཏོང་མཁན་གྱི་ཚོང་པ་གྲགས་ཅན་གཅིག་ཡིན་ལ། མ་རྒྱུད་སི་ཁོ་ཌི་ལན་ཊི་(Scotland) ཡིན།
    གསྤྱི་ལོ་ ༡༩༦༨ དཔལ་འབྱོར་རིག་པའི་གཙུག་ལག་སློབ་གཉེར་གྱི་བསླབ་པ་མཐར་སོན། སྤྱི་ལོ་ ༡༩༧༡ ནས་ཡབ་ཧྥུ་རེ་ཊི་ ཋོམ་(Fred Trump) གྱི་ཨར་ལས་འཛུགས་སྐྲུན་གྱི་སྟངས་འཛིན་པ་བྱས།
    ཋོམ་སྤྱི་ལོ་ ༡༩༩༦ ནས་ ༢༠༡༥ བར་ཨ་རིའི་མཛངས་མའི་འགྲན་བསྡུར་ཁྲབ་སྟོན་དང་། གློག་བརྙན་དང་བརྙན་འཕྲིན་མུ་འབྲེལ་ལྟད་མོའི་སྦྱིན་བདག་བྱས།
    ཋོམ་སྤྱི་ལོ་ ༢༠༡༦ ལ་འཛམ་གླིང་གི་ཕྱུག་བདག་ ༣༢༤ པ་དང་ཨ་རིའིི་ཕྱུག་བདག་ ༡༥༦ པ་ཡིན་ལ། གཞུང་ལ་ཐོ་འགོད་བྱས་པའི་མ་དངུལ་ཨ་སྒོར་ཐེར་འབུམ་ ༣.༤ (ཨ་སྒོར་ ༣,༤༠༠,༠༠༠,༠༠༠) ཡོད་པ་རེད།
    སྤྱི་ལོ་ ༢༠༡༥ ནས་ཋོམ་གྱིས་རང་ཉིད་སྲིད་འཛིན་ལ་ལངས་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ།
    ཋོམ་གྱིས་སྤྱི་ལོ་ ༡༩༧༠ ལོར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རོ་ནལ་ཊི རཱེ་གྷོན་(Ronald Reagan) ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་སྤྱི་ལོ་ ༡༩༨༧ ཋོམ་སྤྱི་མཐུན་ཚོགས་པར་ཞུགས་པ་དང་ཁོའི་ཆབ་སྲིད་ཀྱི་ཕྱོགས་གཏོགས་གསལ་བོ་ཆགས།
    ཋོམ་གྱིས་སྤྱི་ལོ་ ༡༩༩༩ ཆབ་སྲིད་ཚོགས་པའི་ངོ་བོ་ཅན་གྱི་《བསྐྱར་བཅོས་ཚོགས་པ་》ཞེས་པའི་ཚོགས་པ་ཞིག་བཙུགས་ཀྱང་། སྤྱི་ལོ་ ༢༠༠༩ ལ་སྤྱི་མཐུན་ཚོགས་པ་དང་ཟླ་སྒྲིལ་བཏང་།
    དེ་སྔ་ཋོམ་གྱིས་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀའི་སྲིད་འཛིན་འོས་མི་རྣམས་ལ་རོགས་དངུལ་གྱི་ཞལ་འདེབས་སྤྲད་ཡོད་ཀྱང་། ཁོ་རང་དམངས་གཙོ་ཚོགས་པ་ལས་སྤྱི་མཐུན་ཚོགས་པ་ལ་དགའ་བོ་ཡོད་འདུག
    ཋོམ་གྱི་ཆེད་ལས་གཙོ་བོ་ནི་ཁང་བརྩེགས་ཡིག་ཚང་དང་། འགྲོན་ཁང། རྒྱན་རྩེད་ཁང་། གྷོལ་ཧྥུ་བསླབ་རྩེད་ཁང་སོགས་འཛམ་གླིང་གང་སར་བརྒྱབ་ཡོད།
    ཋོམ་སྤྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༩ ཉིན་ཨ་རིའི་སྲིད་འཛིན་ཐེངས་ ༤༥ འོས་ཤོག་ཐོབ་པ་ལྟར། སྤྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༠ ཉིན་སྲིད་འཛིན་གྱི་ཁྲི་སྟོན་བྱེད་རྒྱུ་རེད།
    ཋོམ་གཉེན་སྒྲིག་ཐེངས་གསུམ་བརྒྱབ་ཅིང་བུ་ཕྲུག་ལྔ་ཡོད་པ་ལས་ཆེ་ཤོས་གསུམ་གྱིས་ཋོམ་དང་ལྷན་དུ་ལས་ཀ་བྱེད་ཀྱི་ཡོད་འདུག
    ལོ་ ༧༠ ཡིན་པའི་ཋོམ་གྱིས་ཨ་རིའི་སྲིད་འཛིན་གྱི་གླ་ཆ་ཨ་སྒོར་ ༤༠༠,༠༠༠ མི་ལེན་པའི་གསལ་བསྒྲགས་སྤེལ་ཡང་། ཨ་རིའི་ཁྲིམས་ལ་བརྩི་སྲུང་མཚོན་བྱེད་དུ་ལོ་གཅིག་ལ་ཨ་སྒོར་ ༡ གླ་ཆར་ལེན་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང་། ཁོས་”ངས་ལོ་གཅིག་གི་གླ་ཨ་སྒོར་གཅིག་ལས་ལེན་རྒྱུ་མིན། སྒོར་མོ་གཅིག་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་ནས་ད་ལྟ་ནས་རྔམས་ཀྱི་འདུག་”ཟེར།
    ཡང་ཋོམ་གྱིས་”ང་ཕོ་བྲང་དཀར་པོའི་ནང་ནས་རྒྱུན་སྡོད་མི་བྱེད། གཟའ་མཇུག་གང་ཡིན་ལ་རང་ཉིད་རྒྱུན་སྡོད་བྱ་སའི་”གཡབ་ཁང་”དུ་སོང་ནས། སྔར་བཞིན་ནང་མི་དང་གྲོགས་པོ་ཚོའི་མཉམ་དུ་གྷོལ་ཧྥུ་རྩེ་བ་སོགས་སྤྲོ་སྐྱིད་ལ་རོལ་རྒྱུ་ཡིན་”ཟེར།
    ཋོམ་གྱི་གཡབ་ཁང་གྲགས་ཅན་དེ་དུས་རབས་ ༡༨ ཧྥ་རན་སིའི་ཁང་བཀོད་རྙིང་པ་ལ་དཔེ་བལྟས་ནས་བཟོས་པ་ཞིག་ཡིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese