མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

གོ་ལ་ཁྱོན་ཡོངས་སུ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་བོད་པ་ཚོས་དབུ་མའི་ལམ་རྩོད་བཞིན་ཡོད་སྟབས་ཁེ་ན་ཌའི་གཞུང་གིས་བོད་པའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་རོགས་ཟེར།

s3.reutersmediaཁེ་ན་ཌའི་གོ་ལའི་ཆ་འཕྲིན་(theglobeandmail) ཞེས་པའི་གསར་ཁང་གི་བཅར་འདྲིའི་ལན་དུ་ཁ་སང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བརྗོད་དོན། ཕྱི་ལོ་དགུ་བཅུ་གོ་གྲངས་དང་བསྡུར་ན། དེང་སྐབས་གོ་ལ་ཁྱོན་ཡོངས་སུ་རྒྱལ་སྤྱི་རིང་ལུགས་དང་གུ་ཡངས་རིང་ལུགས་ཉམས་རྒུད་དུ་ཕྱིན་ཏེ་མི་རིགས་རིང་ལུགས་དང་མཐར་ལྷུང་རིང་ལུགས་ཤུགས་ཆེ་རུ་འཕེལ་བཞིན་པ་མཐོང་ཐུབ་སྟེ། དཔེར་ན། ཉེ་ཆར་དབྱིན་ཇི་ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་ཁོངས་ནས་ཕྱིར་བུད་པ་དང་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་ཨ་རིའི་སྲིད་འཛིན་ལ་རྒྱལ་ཁ་ཐོབ་པ་གཅིག་པུ་ཙམ་མིན་པར། ཧྥེ་ལེ་ཕེན་གྱི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན། དེ་བཞིན། ཨེ་སི་རིལ་བཅས་ནས་ཀྱང་གསལ་བོར་རྟོགས་ཐུབ་པ་དང་། དེ་ནི་གོ་ལ་ཁྱོན་ཡོངས་ཀྱི་འཕེལ་འགྱུར་ཞིག་ཡིན་ནའང་། འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་གི་ཐད་ནས་བོད་མི་ཚོས་རྒྱལ་སྤྱི་རིང་ལུགས་དང་གུ་ཡངས་རིང་ལུགས་ཀྱི་ལངས་ཕྱོགས་བཟུང་ཡོད། ཨ་རིའི་གཞུང་ནས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གནང་གི་ཡོད་པ་ལྟར། ཁེ་ན་ཌའི་གཞུང་ནས་ཀྱང་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་རྒྱབ་སྐྱོར་གནང་བ་ཡིན་ན། དེ་ལ་རྗེས་སུ་ཡི་རངས་ཡོད། ཁེ་ན་ཌའི་གཞུང་ནས་ཁེ་ན་ཌ་ཤར་བརྒྱུད་ (Quebec) ཞིང་ཆེན་ནང་གི་གྲངས་ཉུང་མི་རིགས་ཀྱི་དཀའ་རྙོག་སེལ་བའི་ཉམས་མྱོང་གཞིར་བཟུང་ཐོག་རྒྱ་ནག་གཞུང་དང་མཉམ་དུ་བོད་དོན་གླེང་སློང་བྱ་ཐུབ་ངེས་རེད་བསམ་གྱི་འདུག ཕྱི་ལོ་ ༢༠༡༣ ལོ་ནས་ད་ལྟའི་བར་ཁེ་ན་ཌའི་གཞུང་གིས་བོད་མི་སྐྱབས་བཅོལ་བ་ ༩༠༠ ཁེ་ན་ཌར་གནས་སྤོར་དུ་བླངས་ཡོད་པ་དང་། ཁྱོན་འཆར་ལོའི་ཕྱི་ཟླ་དང་པོའི་ཟླ་མཇུག་ནང་བོད་མི་སྐྱབས་བཅོལ་བ་ ༡༠༠༠ ཁེ་ན་ཌར་གནས་སྤོར་དུ་ལེན་པའི་མཐུན་འགྱུར་གནང་བཞིན་ཡོད་པ་ལྟར། འབྱུར་འགྱུར་ཡང་དེ་ལྟའི་རོགས་སྐྱོར་མུ་མཐུད་ཡོང་བའི་ཐུགས་རེ་བཅང་ཡོད། ཅེས་སོགས་གསུངས་ཡོད་འདུག

ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ཆན་ཊལ་གྷ་ནོན་ (Chantal Gagnon) ཟེར་བ་ཞིག་གིས། ང་ཚོའི་གཞུང་ངོས་ནས་ཁ་ཞེ་གཉིས་མེད་ཐོག་མུ་མཐུད་རྒྱ་ནག་གཞུང་དང་ལྷན་དུ་བོད་དོན་ཚུད་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར་སྐོར་གྲོས་མོལ་བྱ་རྒྱུན་ཡིན་ལ། དེ་སྔོན་ཡང་ང་ཚོས་རྒྱ་ནག་གཞུང་ལ་བོད་རྒྱ་གཉིས་ཐུན་མོང་གི་དཀའ་རྙོག་སེལ་ཐབས་གཞིར་བཟུང་ནས་རྒྱ་ནག་གཞུང་དང་༧གོང་ས་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་བར་མིང་དོན་མཚུངས་པའི་འབྲེལ་མོལ་ཡོང་དགོས་པའི་ཞུ་འབོད་ཞུས་ཡོད། ཅེས་བརྗོད་འདུག

གཞན། རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། དེང་སྐབས་རྒྱ་ནག་དང་ཁེ་ན་ཌ་གཉིས་བར་དཔལ་འབྱོར་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་སྟབས། ད་ལན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁེ་ན་ཌའི་ནང་ཕྱོགས་བསྐྱོད་བྱས་པ་དེས་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོར་སེམས་འཁྲལ་བསླངས་ཡོད་པ་མ་ཟད། ད་དུང་ཁེ་ན་ཌའི་སྲིད་བློན་ཊ་རུ་ཌུ་མཆོག་ལའང་དེ་མཚུངས་ཀྱི་སེམས་འཁྲལ་བསླངས་ཡོད་སྐོར་བརྗོད་འདུག

ཁེ་ན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་ཀྱི་ལས་དོན་དེ་རྒྱ་ནག་ནང་ཁུལ་གྱི་ལས་དོན་ཞིག་ཡིན་སྟབས། རྒྱ་ནག་གཞུང་ཕྱོགས་ནས་ཕྱིའི་རྒྱལ་ཁབ་ཁག་གིས་དེ་ལ་བྱུས་གཏོགས་བྱེད་དུ་འཇུག་གི་མིན་ཞེས་འཁོད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༧ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 1

  1. Aharru Jigwang says:
    ལོ་ 9 སྔོན།

    ༅༅། སྲིད་སྐྱོང་མཆོག་ལ་བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས་ཀེ་ནཌའི་གཞུང་གི་གྲོས་ཚོགས་ནང་གསུང་བཤད་
    དཔེ་མི་སྲིད་པའི་ཡག་པོ་གནང་སོང་། ཐུགས་རྗེ་ཆེ་ཞུ་གི་ཡོད།
    ཁྱེད་བོད་ཀྱི་བུ། ཁྱོད་བོད་ཀྱི་ཆབ་སྲིད་དབུ་འཁྲིད། ཁྱེད་བོད་གངས་ཅན་ལྗོངས་ཀྱི་མགྲིན་ཚབ་པ།
    ཁྱེད་ཀྱི་མཛད་འཕྲིན་རྒྱས་པའི་སྨོན་ལམ་འདེསབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese