མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་བྱུང་སོང་བར་ཧེ་བག་འབུམ་ ༢༨ ལྷག་ཤོར།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༦ ལོའི་འདས་པའི་ཟླ་ ༡༡ རིང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མི་ ༤༠༠༠ ཙམ་ལ་ཧིན་སྒོར་འབུམ་ ༧༠༠ ལྷག་གིས་སྨན་བཅོས་ཁེ་ཕན་བསྐྲུན་ཡོད་འདུག
1233
བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ལག་བསྟར་གནང་སྟེ་ལོ་ལྔ་པ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ནས ༢༠༡༦ ལོ་བར་ཁྱོན་ཚོགས་མི་ ༢༤༠༤༩ ཙམ་འཛུལ་ཞུགས་བྱས་ཏེ་ཚོགས་དངུལ་བསྡོམས་ཧིན་སྒོར་༡༦.༤༨༨.༠༤༦.༠༠ བྱུང་ཡོད་པ་དང་། ཚོགས་མིའི་ཁྲོད་སྨན་བཅོས་ཀྱི་ཁེ་ཕན་ལེན་མཁན་ ༡༤༠༡ དང་སྨན་གྲོན་ཆེད་ཧིན་སྒོར་ ༡༩.༣༡༩.༨༨༥.༠༠ སོང་ཡོད་སྟབས། བྱུང་སོང་བར་ཧིན་སྒོར་ ༢༨༣༡༨༣༩ ཡི་ཧེ་བག་ཤོར་ཡོད་པ་དང་། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོ་ནི་འདས་པའི་ལོ་ ༤ རིང་གི་ཚོགས་མི་དང་སྨན་བཅོས་ཁེ་ཕན་ཐོབ་མཁན་མང་ཤོས་དེ་ཆགས་ཡོད་འདུག

སྨན་བཅོས་ལྟ་སྐྱོང་ལས་གཞིའི་འབྲེལ་མཐུད་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས། ད་ལྟའི་ཆར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་གནས་སྟངས་ག་འདྲ་ཆགས་ཡོད་པའི་སྐོར་ངོ་སྤྲོད་གནང་སྐབས། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་མགོ་འཛུགས་གནང་ཡོད་པ་དང་། ཐོག་མའི་ལོ་གསུམ་ནང་སྨན་བཅོས་ཀྱི་ཁེ་ཕན་སྤྱི་སྙོམ་ཞིག་ཡོང་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོར་ལས་གཞིར་འགྱུར་བ་བཏང་སྟེ་སྒྲིག་གཞི་བཟོས་པར་བརྟེན། ད་ལྟའི་ཆར་དཔལ་འབྱོར་རབ་འབྲིང་ཐ་གསུམ་ལ་སྤྱི་སྙོམ་གྱི་ཐོག་ནས་ཁེ་ཕན་དཔེ་ཡག་པོ་ཐོབ་ཀྱི་ཡོད་ལ། སོང་བྱུང་ཁ་འཐབ་ཀྱི་གནས་སྟངས་ཀྱང་ཡག་ཏུ་ཕྱིན་ཡོད་ལ། ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ ཟླ་ ༡༡ པའི་བར་དུ་ཧ་ལམ་ཚོགས་མི་ ༤༠༠༠ ལྷག་ལ་འབུམ་ ༧༠༠ ལྷག་གིས་ཁེ་ཕན་བསྐྲུན་ཐུབ་ཡོད་པ་མ་ཟད། ད་ལྟའི་གནས་སྟངས་ལ་བལྟས་ན་བྱུང་སོང་བར་ཧེ་བག་ཆེན་པོ་མི་འབྱུང་བའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། སྔོན་ཆད་བྱུང་སོང་བར་ཧེ་བག་འབུམ་བཞི་ཅུ་ལྔ་ཅུ་དང་དྲུག་ཅུ་བདུན་ཅུ་དེ་འདྲ་ཤོར་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོར་བྱུང་སོང་བར་ཧེ་བག་འབུམ་ ༢༨ ལྷག་ལས་ཤོར་མེད་པས་ཡར་རྒྱས་ཀྱི་རྣམ་པ་གསལ་པོ་མངོན་ཡོད་སྐོར་བརྗོད་བྱུང་།

ལས་གཞི་འདིའི་ནང་ཚོགས་མི་མང་དུ་གཏོང་བར་ཐབས་ལམ་གསར་པ་ག་རེ་འཚོལ་གྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༦ དང་༢༠༡༧ ལོའི་སྨན་བཅོས་ལྟ་སྐྱོང་ལས་གཞིར་འགྱུར་བ་ག་རེ་ཕྱིན་ཡོད་དྲིས་པར་ཁོང་གིས། ཚོགས་མིའི་ལག་དེབ་ཀྱི་སྒྲིག་གཞིའི་ནང་གཤག་བཅོས་རིགས་མི་འདྲ་བ་ ༢༤༡ བཀོད་ཡོད་པ་དང་། གཤག་བཅོས་ཀྱི་སྨན་གྲོན་ཐད་ཞིབ་འཇུག་མང་པོ་བྱས་ཏེ་གཤག་བཅོས་རིགས་ཁ་ཤས་ཀྱི་སྨན་གྲོན་ལ་སྤར་ཆ་གནང་ཡོད་པ་དེ་གཙོ་བོ་ཞིག་ཡིན་ལ། དེ་མིན་གྱི་སྒྲིག་གཞིར་འགྱུར་བ་གང་ཡང་ཐེབས་མེད། ཡིན་ནའང་། ཚོགས་མི་གང་མང་མང་འཛུལ་ཞུགས་ཡོང་ཐབས་སུ་ས་གནས་ཁག་གི་འབྲེལ་ཡོད་ལས་བྱེད་ལ་ཟབ་སྦྱོང་གང་མང་སྤྲད་དེ། ཁེ་ཕན་ཅི་བྱུང་དང་ལག་བསྟར་ག་འདྲ་དགོས་པ་སོགས་ཀྱི་ཐད་ལམ་སྟོན་གནང་བཞིན་ཡོད་ལ། དེ་བཞིན་འཆར་ལོའི་དུས་འཁོར་དབང་ཆེན་ཐོག་ཕྱོགས་མཐའ་ཁག་ནས་མི་ཧ་ཅང་མང་པོ་འཛོམས་ཀྱི་ཡོད་པའི་སྐབས་དང་བསྟུན། འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་བྱེད་མང་པོ་རྡོར་གདན་དུ་ཕེབས་ཏེ་མང་ཚོགས་ནང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་གོ་རྟོགས་སྤེལ་རྒྱུ་དང་། ས་གནས་འབྲེལ་ཡོད་ལས་བྱེད་ལ་ཟབ་སྦྱོང་མུ་མཐུད་དུ་སྤྲོད་རྒྱུ་ཡིན་སྐོར་བརྗོད་པ་དང་འབྲེལ། ཚོགས་མི་ཚོས་ངེས་པར་དུ་ཚོགས་མིའི་ལག་དེབ་ནང་བཀོད་པའི་སྒྲིག་གཞི་རྣམས་ཡག་པོ་ཀློག་དགོས་གལ་ཆེ་བ་དང་། མི་མང་གིས་སྒྲིག་གཞི་ཡག་པོ་བཀླགས་ཏེ་མགོ་འཚོས་པ་ཡིན་ན་སྨན་བཅོས་ཀྱི་ཁེ་ཕན་ག་འདྲ་ཐོབ་ཀྱི་ཡོད་མེད་གསལ་པོ་ཤེས་ཐུབ་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་ཞུགས་བྱེད་མཁན་གྱི་ནང་མི་ལྔ་ཅན་གྱིས་ལོ་རེར་ཚོགས་དངུལ་ ༣༥༧༥ སྤྲོད་དགོས་པ་དང་། གལ་སྲིད་ནང་མི་ལྔ་ལས་མང་བ་ཡོད་ན་ནང་མི་འཕར་མ་རེ་རེས་སྒོར་ ༧༡༣ རེ་འཕར་མ་སྤྲོད་དགོས་ཤིང་། སྨན་ཁང་ནང་ཉལ་སྡོད་ཀྱི་ཉེན་སྐྱོབ་ཐོབ་ཆ་སྒོར་འབུམ་གཅིག་ཡོད་པ་དང་། ནང་མི་ཁེར་རྐྱང་ཅན་གྱིས་ཚོགས་དངུལ་ ༩༦༠ སྤྲོད་དགོས་ལ། སྨན་ཁང་ནང་ཉལ་སྡོད་སྐབས་ཉེན་སྐྱོབ་ཐོབ་ཆ་སྒོར་ཁྲི་༥  ཡོད་པ་དང་། དེ་བཞིན། སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་ནས་སྨན་རིན་བརྒྱ་ཆ་ ༡༠ ཆག་ཡང་དང་། འཕྲོད་བསྟེན་ཁྱབ་ཁོངས་ཕྱི་ལུགས་སྨན་རིན་ལ་བརྒྱ་ཆ་ ༢༠ ཆག་ཡང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༧ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 2

  1. སྨན་པ་བསྟན་འཛིན་གྲགས་པ་ says:
    ལོ་ 9 སྔོན།

    ཕྱི་ལོ་༢༠༡༦ལོའི་འདས་པའི་ཟླ་༡༡རིང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མི་༤༠༠༠ཙམ་ལ་ཧིན་སྒོར་འབུམ་༧༠༠ལྷག་གིས་སྨན་བཅོས་ཁེ་ཕན་བསྐྲུན་ཡོད་ཅེས་དང་། ཡིག་འབེབ་གཉིས་པའི་ནང་། ཕྱི་ལོ་༢༠༡༦དང་༢༠༡༧གྱི་ཕྱི་ཟླ་༡༡པའི་བར་དུ་ཧ་ལམ་ཚོགས་མི་༤༠༠༠ལྷག་ལ་འབུམ་༧༠༠ལྷག་གིས་ཁེ་ཕན་བསྐྲུན་ཐུབ་ཡོད་པ་མ་ཟད་ཅེས་དང་། སྔོན་ཆད་ཧེ་བག་འབུམ་བཞི་ཅུ་ལྔ་ཅུ་དང་དྲུག་ཅུ་བདུན་ཅུ་དེ་འདྲ་ཤོར་ཡོད་ཀྱང་། ༢༠༡༥དང༢༠༡༦ལོར་བྱུང་སོང་བར་ཧེ་བག་འབུམ་༢༨ལྷག་ལས་ཤོར་མེད་པས་ཡར་རྒྱས་ཀྱི་རྣམ་པ་གསལ་པོ་མངོན་ཞེས་དང་། ༢༠༡༥དང༢༠༡༦ལོར་ཁྱོན་ཚོགས་མི་༢༤༠༤༩ཙམ་འཛུལ་ཞུགས་བྱས་ཏེ་ཚོགས་དངུལ་བསྡོམས་ཧིན་སྒོར་༡༦.༤༨༨.༠༤༦.༠༠བྱུང་ཡོད་པ་དང་། ཚོགས་མིའི་ཁྲོད་སྨན་བཅོས་ཀྱི་ཁེ་ཕན་ལེན་མཁན་༡༤༠༡དང་སྨན་གྲོན་ཆེད་ཧིན་སྒོར་༡༩.༣༡༩.༨༨༥.༠༠སོང་ཡོད་སྟབས། བྱུང་སོང་བར་ཧིན་སྒོར་༢༨༣༡༨༣༩ཡི་ཧེ་བག་ཤོར་ཡོད་པ་རེད། ཅེས་པ་འདིས་བྱུང་ལས་སོང་མང་བ་ཡིན་པ་གསལ་པོ་རེད་འདུག

    Reply
  2. ཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༅༅། བཀྲིས་བདེ་ལེགས།
    སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདིའི་ནང་ཞུགས་ན་ལོ་རེར་ཚོགས་དངུལ་ཧིན་སྒོར་ག་ཚོད་འབུལ་དགོས་ཀྱི་ཡོད་དམ།
    དཔེར་ན་ནང་མི་བཞི་ཡོད་མཁན་ཞིག་ནས་ནང་མི་གཅིག་གི་མཉམ་ཞུགས་བྱས་ན་གཞན་པ་ཚོར་ཕན་ཐོགས་ཡོང་གི་
    ཡོད་དང་མེད། གསལ་བཤད་གཅིག་གནང་རོགས་། ང་ཕྱི་རྒྱལ་ལ་བསྡད་ཀྱི་ཡོད། ངའི་ཕ་མ་རྒྱ་གར་ལ་ཡོད།
    ཕ་མ་གཉིས་ཀར་སྨན་བཅོས་ལྟ་སྐྱོང་ནང་
    ཞུགས་དགོས་སམ། ཡང་གཅིག་སྨན་བཅོས་ལྟ་སྐྱོང་ནང་ཞུགས་གཆིག་མ་ཞུགས་ན་འགྲིགས་ཀྱི་ཡོད་དམ་མེད།
    སྨན་བཅོས་ལྟ་སྐྱོང་སྐོར་ལ་དྲ་ཐོག་ནས་ཉན་པ་ཡིན་ཡང་གསལ་པོ་ཧ་གོ་གི་མི་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese