མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམའ་རིམ་སློབ་གྲྭའི་སློབ་ཕྲུག་ལ་སེམས་ཁམས་འཕྲོད་བསྟེན་སྐོར་གྱི་ལམ་སྟོན།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨེ་མ་ཛྷན་ཀིར་བྷི(Emma Jane Kirby)ཡིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

_92792517_newemmajanephoto1

ཕྲུ་གུའི་སེམས་ཁམས་འཕྲོད་བསྟེན་སྐོར་གྱི་གནད་དོན་ནི་དེང་སྐབས་དམིགས་བསལ་དོ་སྣང་བྱ་ཡུལ་ཞིག་དང་། སློབ་གྲྭ་ཁག་གིས་གདོང་ལེན་བྱ་ཡུལ་ཞིག་ཏུ་གྱུར་ཡོད། འདིར་བྷི་བྷི་སི་(BBC)གསར་ཁང་གི་འཕྲོད་བསྟེན་གསར་འགོད་པ་ཨེ་མ་ཛྷན་ཀིར་བྷི་ཡིས་ཨིན་ཡུལ་རྒྱལ་ས་ལོན་ཌོན་གྱི་ལྷོ་ཕྱོགས་དམའ་རིམ་སློབ་གྲྭ་ཞིག་ཏུ་རྩེད་འཇོའི་ལམ་ནས་སེམས་ཁམས་འཕྲོད་བསྟེན་སློབ་ཁྲིད་བྱེད་པའི་ལས་འཆར་གྱི་སྙན་ཐོ་ཞིག་བཀོད་ཡོད།

སློབ་ཕྲུག་རྣམས་རང་ཉིད་ཀྱི་རྐུབ་སྟེགས་ལས་ཅུང་ཟད་ལང་པ་དང་། ལག་པ་གནམ་ལ་འདེགས་པ། པུས་མོ་གཡོ་འགུལ་བྱེད་པ་སོགས་སྤྲོ་སྣང་དང་དྲོད་བསགས་ཀྱིས་རང་ཉིད་འདེམ་པའི་རེ་བ་བྱེད་ཀྱིན་འདུག

སློབ་ཕྲུག་གི་མདུན་དུ་འཛུམ་མདངས་ཀྱིས་ཁེངས་བའི་བུད་མེད་དེས་“ངས་ཁྱོད་ཚོའི་བསམ་བློ་མཐོང་ཐུབ་བམ། དྲི་སྣོམ་ཐུབ་བམ། ཁྱོད་ཚོའི་བསམ་བློར་ལག་པ་འཆང་ཐུབ་བམ།”ཞེས་དྲི་བ་བསྐྱར་ཟློས་གནང་།

  • སེམས་ཚོར་སྟངས་འཛིན།

མཁས་དབང་ཨ་ན་རེ་ཌེ་ཧྥན་(Dr. Anna Redfern)ལགས་ནི་སྐྱེས་སྟོབས་ཀྱི་རིག་རྩལ་རྒྱས་པའི་གཏམ་བཤད་པ་ཞིག་དང་ནད་པའི་སེམས་ཁམས་རིག་པ་བ་(clinical psychologist)ཞིག་ཡིན། ལོ་ན་བརྒྱད་དགུ་ཙམ་ལ་སོན་པའི་བྱིས་པའི་སེམས་དབུས་ཀྱི་ཚོར་བ་གཞན་གྱི་མདུན་དུ་སྲོང་པོར་བརྗོད་འཇུག་རྒྱུའི་ལས་དོན་ནི་ལས་སླ་པོ་ཞིག་ག་ལ་ཡིན། འོན་ཀྱང་། ལྷོ་ཤར་ལོན་ཌོན་གྱི་པེ་ཀམ་ས་གནས་ཨོ་ལི་ཝར་གྷོལ་སི་མི་ཊི་དམའ་རིམ་སློབ་གྲྭའི་(Oliver Goldsmith Primary School, Peckham)འཛིན་གྲྭ་བཞི་པའི་སློབ་ཕྲུག་རྣམས་ཀྱིས་རང་ཉིད་སེམས་མི་སྐྱིད་པ་དང་ཁོང་ཁྲོ་སྐྱེ་བའི་དུས་སྐབས་བྱུང་བ་སྲོང་པོར་བརྗོད་ཀྱི་ཡོད།

སློབ་ཕྲུག་བོུ་ཆུང་ཆུང་ཞིག་གིས་གདེང་སྤོབས་ཆེན་པོའི་ངང་ “ང་ཚོའི་བསམ་བློ་སུས་ཀྱང་མཐོང་ཐུབ་ཀྱི་མེད། དེར་བརྟེན་ང་ཚོས་དེའི་སྐོར་སྐད་ཆ་ཤོད་དགོས་པ་རེད།” ཅེས་བརྗོད།

མཁས་དབང་རེ་ཌེ་ཧྥན་དང་ཁོང་གི་ཕྱག་རོགས་མཁས་དབང་དྷེ་བྷི་(Dr. Debbie)རྣམ་གཉིས་ཀྱིས་ལོན་ཌོན་ལྷོ་ཕྱོགས་མའོ་སེ་ལེ་འཐེབ་རྩའི་(Mausley Trust)མ་དངུལ་རོགས་རམ་འོག་ཀ་སེ་ཨེ་ཌ(Cues-Ed)ཞེས་པའི་ལས་འཆར་སྒྲུབ་ཀྱིན་ཡོད།

ལས་འཆར་དེས་བྱིས་པ་རྣམས་ཀྱི་སེམས་ངལ་ལམ་དཀའ་ངལ་འབྱུང་བའི་རྟགས་མཚན་ངོས་འཛིན་དང་། ཡིད་ཞུམ་པའི་སྐབས་སྤྱོད་ལམ་སྟངས་འཛིན་བྱེད་སྟངས་ལམ་སྟོན་བྱེད་ཀྱི་ཡོད།

མཁས་དབང་རེ་ཌེ་ཧྥན་གྱིས་ “ང་ཚོ་ཚང་མར་ཚོར་བ་ཡོད། ང་ཚོའི་མི་ཚེའི་ནང་དཀའ་ངལ་ཅི་རིགས་འཕྲད་པ་དང་། དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཁག་པའི་བསམ་པ་དང་ཚོར་བའང་ཡོང་ངེས་ཡིན། སློབ་ཕྲུག་རྣམས་ཀྱིས་དཀའ་ངལ་དེ་དག་གི་སྐོར་གླེང་བར་ཞེད་སྣང་བྱེད་པ་ལས་ལྡོག་སྟེ། དེ་དག་ངོ་འཕྲོད་པ་དང་། བསམ་ཕོད་པ། རོགས་རམ་ཞུ་ཕོད་པ་དགོས།”ཞེས་བརྗོད།

_92782474_img_2057

དེ་རིང་གི་སློབ་ཚན་ནང་སློབ་ཕྲུག་ཚོར་དམིགས་བཀར་གྱིས་ཀཱར་ཊུན་ཚབ་མཚོན་མི་སྣ་(Cartoon Character)དཔེར་བྱས་ཏེ། གནས་སྟངས་འདྲ་མིན་ཐོག་བསམ་བློའི་ཁ་ཕྱོགས་འགྱུར་ཐུབ་པ་དང་། ཕན་ནུས་ཅན་གྱི་བསམ་བློ་(helpful thoughts)དང་ཕན་ནུས་མི་ལྡན་པའི་བསམ་བློའི་(unhelpful thoughts)བར་ཁྱད་འཇལ་དུ་བཅུག ཀཱར་ཊུན་ཚབ་མཚོན་མི་སྣ་ཞིག་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དང་། རོགས་ཟླ་གཞན་རྣམས་ཀྱིས་རང་ཉིད་ལ་གད་མོ་དགོད་པའི་སྣང་བརྙན་བསྐྲུན་པ་དེར། སློབ་ཕྲུག་ཀུན་རྙིང་རྗེ་སྐྱེས།

  • ང་ཚོས་བློ་འཚབ་བྱེད་དགོས་པ།

ལས་གཞི་འདི་བཞིན་འཆར་གཞི་ལྡན་པའི་ངང་སློབ་ཕྲུག་གི་གནས་བབ་དང་མཚུངས་པའི་ཐ་སྙད་བཀོལ་སྤྱོད་བྱེད་པ་ལས། ཡིད་ཞུམ་མམ་སེམས་ངལ་(depression)ལྟ་བུའི་ཐ་སྙད་ནམ་ཡང་བེད་སྤྱོད་བྱེད་ཀྱི་མེད།

མཁས་དབང་རེ་ཌེ་ཧྥན་གྱིས་འཛུམ་མདངས་དང་ལྷན་ “ཁྱོད་ཚོ་ཐབ་ཚང་དུ་ཞོགས་ཟས་ཟ་བར་འགྲོ་སྐབས། ཟ་འདོད་མེད་པའི་ཁ་ཟས་ལས་རང་ཉིད་ཀྱིས་རྒྱུན་གཏན་དགའ་མོས་བྱེད་པའི་ཟས་ཞིམ་ཟ་རྒྱུ་མེད་པའི་དུས་ཚོད་སྡུག་ཅག་དེ་འདྲ་ཡོང་མྱོང་ཡོད་དམ། ཉིན་གང་སྐྱིད་པོ་མ་བྱུང་བའི་དུས་སྐབས་དང་། ལས་དོན་ཚང་མ་རང་ཉིད་ཀྱི་ཁ་གཏད་དུ་ལངས་པ་ལྟ་བུའི་ཚོར་བ་དེ་འདྲ་ཡོང་མྱོང་ཡོད་དམ།” ཞེས་བཀའ་འདྲི་གནང་། འཛིན་ཁང་ནང་ཀུ་ཅོས་ཁེངས་པ་དང་། སློབ་ཕྲུག་རྣམས་ཕན་ཚུན་རང་ཉིད་ཀྱི་བཀྲ་མི་ཤིས་པའི་ཉིན་མོའི་སྐོར་གླེང་སློང་བྱས།

སློབ་གྲྭ་དང་གཙུག་ལག་སློབ་གྲྭའི་མགོ་ཁྲིད་ལྷན་ཚོགས་(Association of School and College Leaders)ལྟར་ན། དགེ་རྒན་རྒན་གྲས་བརྒྱ་ཆ་ ༦༥% སློབ་ཕྲུག་ལ་སེམས་ཁམས་ཀྱི་འཕྲོད་བསྟེན་ལམ་སྟོན་བྱེད་དཀའ་བའི་སྐོར་བརྗོད་ཀྱི་ཡོད་པ་དང་། ཞིབ་འཇུག་དཔྱད་ཞིབ་བྱ་ཡུལ་དགེ་རྒན་གྱི་གྲངས་འབོར་བཞི་ཆ་གསུམ་གྱིས། སློབ་ཕྲུག་གི་ཁྲོད་རང་ཉིད་ལ་གནོད་འཚེ་བྱེད་པའི་གྲངས་འབོར་དང་། རང་སྲོག་གཅོད་པའི་སེམས་ཚོར་འཆང་བའི་གྲངས་འབོར་ཇེ་མང་ནས་ཇེ་མང་དུ་འགྲོ་བ་མཐོང་ཚུལ་བརྗོད་ཀྱི་ཡོད།

འོན་ཀྱང་། ད་ལྟའི་ཆར་ཀ་སེ་ཨེ་ཌ(Cues-Ed)ལོན་ཌོན་ལྷོ་ཕྱོགས་ཁོ་ན་ལས་མེད། སྤྱིར་ལས་གཞི་དེ་ལག་བསྟར་བྱེད་པར་མཉམ་ཞུགས་བྱེད་པའི་སློབ་གྲྭ་ཁག་གིས་འགྲོ་གྲོན་གཏོང་དགོས་པ་དང་། ལས་གཞིའི་སློབ་ཚན་གྱི་འགྲོ་གྲོན་ཧྲིལ་པོ་བརྩིས་ན་ཨིན་སྒོར་ ༣༩༥༠ ཙམ་གནས་ཀྱི་ཡོད།

མཁས་དབང་དྷེ་བྷི་(Dr. Debbie)ཡི་རང་ཉིད་ཀྱི་བསླབ་གཞི་ལྟར་སློབ་ཕྲུག་ལ་ལམ་སྟོན་སྣེ་ཁྲིད་གནང་གི་ཡོད། ཁོང་གིས་སློབ་ཕྲུག་རྣམས་ལ་སེམས་ཁམས་འཕྲོད་བསྟེན་གྱི་སློབ་ཚན་ཆུང་དུས་ནས་སློབ་མགོ་འཛུགས་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་ཚུལ་དང་། ཁོང་ཚོའི་ལས་གཞི་དེ་བཞིན་རྒྱལ་ཁབ་ཀྱི་ས་གནས་ཀུན་ལ་དར་སྤེལ་བྱེད་ཐུབ་པའི་རེ་སྨོན་གནང་གི་ཡོད།

ཁོང་གིས་ “དེ་སྔོན་སྲིད་གཞུང་གིས་དབྱེ་ཞིབ་བྱས་པ་བརྒྱུད། སློབ་ཆུང་སློབ་ཕྲུག་བཅུ་ཆ་གཅིག་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་གྱིས་མནར་གྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། དེས་ན་འཛིན་གྲྭ་རེར་སློབ་ཕྲུག་གསུམ་རེ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོས་ན་ཆུང་སློབ་ཕྲུག་གི་སེམས་ཁམས་འཕྲོད་བསྟེན་ཐོག་ངེས་པར་བློ་འཚབ་བྱེད་དགོས་སྙམ་གྱི་འདུག”ཅེས་བརྗོད།

  • རང་ཉིད་ལ་ཡིད་ཆེས་དགོས་པ།

ང་ཚོས་ཕྲུ་གུ་ཆུང་ཆུང་ཞིག་གིས་རང་སྦྱོང་མང་དྲགས་པས་ཁོང་ཁྲོ་བྱེད་བཞིན་པར། ཁོང་གི་ཕྱག་རོགས་ཤིག་གིས་སེམས་གསོ་གནང་བཞིན་པར་བལྟས་པ་ཡིན། སྐབས་དེར་ཕྲུ་གུ་དེའི་འཁྲིས་ཀྱི་ཕྲུ་གུ་གཞན་དེས་ཀྱང་ཁོ་པར་བསམ་བློ་བཟང་ཕྱོགས་སུ་གཏོང་དགོས་པའི་བསླབ་བྱ་རྒྱག་གི་འདུག

མཁས་དབང་དྷེ་བྷི་ཡི་ཕྱག་རོགས་དེས་ “གལ་ཏེ་ཁྱོད་ཁོང་ཁྲོ་ལངས་ན། སྒོམ་རྒྱག་ཐབས་བྱེད་པའམ་ཡང་ན་དབུགས་གཏོང་ལེན་བྱེད་དགོས། རང་ཉིད་ལ་ཡིད་ཆེས་ངེས་པར་བྱེད་དགོས།” ཞེས་བརྗོད།

ང་ཚོས་དེར་དོ་སྣང་བྱས་ཏེ་བསྡད་ཡོད་སྟབས། མཁས་དབང་དྷེ་བྷི་ཡིས་ང་ཚོར་འཛུམ་དམུལ་དམུལ་ངང་ “བདུན་ཕྲག་གོང་མའི་སློབ་ཚན་བསམ་བློ་བཟང་ཕྱོགས་སུ་གཏོང་ཐབས་(positive thinking)ཞེས་པ་དེ་ཡིད་ལ་འཇུག་པོ་བྱུང་འདུག” ཅེས་གསུངས་བྱུང་།

ཁོང་གིས་ “ང་ཚོས་གཞོན་སྐྱེས་(adolescence)ཀྱི་སེམས་ཁམས་འཕྲོད་བསྟེན་ཐོག་ཡུན་རིང་ལས་ཀ་བྱས་པ་ཡིན། ང་ཚོའི་བསམ་པར་ང་ཚོའི་ལས་དོན་སྤུས་དག་པོ་དང་ཚགས་ཚུད་པོ་ཡོད་སྙམ་ཀྱི་ཡོད། འོན་ཀྱང་གཞོན་སྐྱེས་སློབ་ཕྲུག་ཚོས་ཁྱོད་ཚོས་ང་ཚོར་སེམས་ཁམས་འཕྲོད་བསྟེན་སྐོར་ལོ་ན་བདུན་བརྒྱད་ཙམ་ནས་སློབ་སྟོན་མ་གནང་དོན་གང་ཡིན་ཟེར་གྱི་འདུག གལ་ཏེ་དེ་ལྟར་བྱེད་ཐུབ་པ་བྱུང་ཡོད་ཚེ། གཏན་གཏན་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་ཀྱི་རེད།” ཅེས་གསུངས།

_92792514_newemmajanephotokidsfishing

ད་ལྟ་སློབ་ཕྲུག་རྣམས་སྤྲོ་སྣང་དང་དྲོད་བསགས་ཀྱིས་ཁེངས་ཡོད། འཛིན་གྲྭའི་ནང་ཕན་ནུས་ཅན་གྱི་བསམ་བློ་(helpful thoughts)དང་ཕན་ནུས་མི་ལྡན་པའི་(unhelpful thoughts)བསམ་བློ་ཞེས་པའི་མིང་ཚིག་གཉིས་གང་རུང་རེ་བྲིས་པའི་ཤོག་བུ་ཚོན་ཁྲ་ཅན་གང་སར་གཏོར་ཡོད་པ་དང་། སློབ་ཕྲུག་ཚོར་ཉ་འཛིན་དྲ་བ་རེ་སྤྲད་དེ་ཤོག་བུ་རྣམས་དྲ་བའི་ནང་བླུག་དགོས་ཀྱི་ཡོད།

འཛིན་གྲྭའི་དགེ་རྒན་སོ་ཧྥི་ཡ་ཀམ་བྷེལ་(Sophia Campbell)གྱིས་ཕྲུ་གུ་ཆུང་ཆུང་ཞིག་གི་ལག་ཏུ་སྙིགས་སྣོད་ཅིག་སྤྲད་དེ་ཤོག་བུ་བསྡུ་རུབ་བྱེད་དུ་བཅུག་སོང་། སྐབས་དེར་ཕྲུ་གུ་དེར་ངས་གང་བྱེད་ཀྱི་ཡོད་དམ་ཞེས་དྲིས་པ་ཡིན། ཁོ་པས་ “ཕན་ནུས་མི་ལྡན་པའི་བསམ་བློ་རྣམས་སྙིགས་སྣོད་ནང་བླུག་གི་ཡོད། དེ་ཚོ་གད་སྙིགས་རེད།” ཅེས་བརྗོད་བྱུང་།

  • འཕོ་འགྱུར་ཆེན་པོ།

འཛིན་གྲྭའི་རྒན་སོ་ཧྥི་ཡ་ཀམ་བྷེལ་གྱིས་སློབ་ཕྲུག་རྣམས་སློབ་ཚན་དེར་མཉམ་ཞུགས་བྱེད་པར་ཐེ་ཚོམ་མེད། འོན་ཀྱང་སློབ་ཚན་དེས་བྱ་སྤྱོད་དངོས་ལ་འཕོ་འགྱུར་ཇི་ཙམ་གཏོང་མིན་གལ་ཆེར་བརྩི་གི་ཡོད། ཁོང་གིས་ “ལོ་སྔོན་མར་འཛིན་གྲྭ་འདིེར་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ཀྱང་། ཀ་སི་ཨེ་ཌ་ཡི་ལས་གཞི་འདིས་འགྱུར་བ་ཤུགས་ཆེན་བཏང་བ་ཤེས་རྟོགས་བྱུང་།” ཞེས་དང་། “ད་ཆ་དེ་སྔོན་གྱི་ཁོང་ཁྲོ་དང་རྣམ་འགྱུར་ལས་ལྡོག་སྟེ་སློབ་ཕྲུག་ཕན་ཚུན་སེམས་གསོ་བྱེད་པ། སྤྱོད་ལམ་ཐོག་གླེང་མོལ་བྱེད་སྟངས་བཟང་བ། སྐབས་རེ་ཕན་ཚུན་ཁྱོད་ཀྱིས་བསམ་བློ་དེ་འཛིན་ཐུབ་བམ་ཞེས་ཀྱང་བརྗོད་ཀྱི་འདུག” ཅེས་གསུངས།

ལོ་ན་དགུ་ལ་སོན་པའི་སློབ་ཕྲུག་ཅིག་གིས་དེ་སྔོན་རང་ཉིད་ཁོང་ཁྲོ་ལང་མགྱོགས་པོ་དང་། བློ་ཕམ་བྱེད་མགྱོགས་པོ་ཡོད་ཀྱང་། ལས་གཞི་འདིས་འགྱུར་བ་ཆེན་པོ་བཏང་བ་མ་ཟད། ད་ཆ་ཕན་ནུས་མི་ལྡན་པའི་བསམ་བློ་དོར་བ་དང་། སློབ་ཚན་དང་བྱ་སྤྱོད་ལ་སྤྲོ་སྣང་དང་དགའ་སྣང་ངང་འཇུག་གི་ཡོད་ཚུལ་བརྗོད་བྱུང་།

ངས་ཁོ་པར་ “ཁྱོད་ཀྱི་ཟས་སྣོད་ནང་གང་ཡོད་དམ།” ཞེས་དྲིས་པར། ཁོ་པས་ཐེ་ཚོམ་མེད་པའི་ངང་ “ང་ཉིན་གུང་ཁ་ལག་ཟ་རྒྱུར་དགའ་པོ་ཡོད།” ཅེས་ཟེར།

མ་རྩོམ་འབྲེལ་ཐག http://www.bbc.com/news/health-38148892

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༤ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese