མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བླ་ཆེན་ཚོས་བཀྲ་ཤིས་རྟགས་བརྒྱད་ལ་རྡོག་རྫིས་གཏོང་ཆོག་གམ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན།

གནའ་སྔ་མོ་ནས་དར་ཁྱབ་ཆེ་ཞིང་། དེང་སྐབས་ངོ་དེབ་སོགས་དྲ་ལམ་གང་སར་མཐོང་རྒྱུ་ཡོད་ཀྱང་། མིག་ལ་ཧ་ཅང་བདེ་བོ་མེད་པ་ཞིག་སྟེ། བོད་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཆེ་གྲས་རྣམས་དགོན་པ་སོགས་སུ་ཕེབས་སྐབས། འདུ་ཁང་སོགས་ཀྱི་སྒོའི་ཕྱི་རོལ་ཏུ་རས་བྲིས་དང་རྡུལ་ཚོན་གྱིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འབྲི་སྲོལ་ཞིག་ཡོད་པ་དང་། བླ་སྤྲུལ་དེ་དག་གིས་ཀྱང་མི་བདེ་བའི་རྣམ་པ་ཕྲ་མོ་ཙམ་ཡང་མེད་པའི་རྣམ་འགྱུར་དང་བཅས། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོའི་སྟེང་དུ་ས་རྡུལ་མི་གཙང་བས་གོས་པའི་རང་རང་གི་ཞབས་ལྷམ་དེ་དག་འཇོག་རྒྱུར་གོམས་འདུག ལོ་ཤས་སྔོན་ནས་ཁོ་བོས་ངེད་ཅག་གི་ལུགས་སྲོལ་སྙིང་རྗེ་བོ་འདིར་བལྟས་ཀྱིན་བལྟས་ཀྱིན་ཅིག་འགྲིག་གི་མེད་པའི་ཚོར་སྣང་བྱུང་ཡང་། ལག་འགུལ་ཏེ་འདིའི་སྐོར་ཡི་གེ་འབྲི་རྒྱུར་འབད་བརྩོན་མ་བྱས། ཁ་སང་ཡང་བསྐྱར་རྒྱ་གར་གྱི་ས་ཆ་མ་འདྲ་བ་གཉིས་སུ་བོད་པའི་བླ་ཆེན་གཉིས་ལ་དགོན་པ་གཉིས་ཀྱིས་ཕེབས་བསུ་བྱེད་བཞིན་པའི་འདྲ་པར་གཉིས་མཐོང་སོང་ལ། འདྲ་པར་གཉིས་ཀའི་སྟེང་དུ་བླ་ཆེན་དེ་གཉིས་ཀྱིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོའི་སྟེང་དུ་ཞབས་རྗེས་འཇོག་བཞིན་ཕེབས་བཞིན་པའི་སྣང་ཚུལ་དེ་མཐོང་སོང་བས། གཞི་ནས་སྔོན་ཆད་རབ་རིབ་ཙམ་མཐོང་ཡང་ཡིད་ངོར་དེ་ཙམ་གསལ་བོ་མེད་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་ངོ་མ་དེ་ག་རེ་ཡིན་དྲ་ལམ་ཁག་ཏུ་བཙལ་པ་ཡིན།

སྟབས་ལེགས་པ་ཞིག་ལ་དྲ་ལམ་ཁག་ཏུ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་གང་ཡིན་སྐོར་རྒྱུ་ཆ་མང་པོ་ཞིག་འདུག་ཅིང་། དེ་དག་ལས་འདིར་ཁ་གསལ་དོན་དང་ལྡན་པ་ཞིག་གཤམ་དུ་དྲངས་ཡོད་པར་གཟིགས་རོགས་གནང་ཞུ་རྒྱུ་དང་། དེ་ནས་བཀྲ་ཤིས་རྟགས་བརྒྱད་ཀྱི་སྟེང་དུ་གོམ་པ་རྒྱག་རུང་ངམ་མི་རུང་ཡང་བསམ་བློ་ཞིག་གཏོང་རྒྱུ་གལ་ཆེ། ཡིན་ཡང་། བོད་པའི་སྤྱི་ཚོགས་ནང་མི་དཀྱུས་མས་བྱེད་མི་ཆོག་པ་མང་པོ་མང་པོ་ཞིག་དང་། བླ་ཆེན་དཔོན་ཆེན་ཚོས་བྱེད་ཆོག་པ་མང་པོ་མང་པོ་ཞིག་འདུག་པས། ཁྱེད་ཅག་གིས་བླ་ཆེན་དཔོན་ཆེན་ཚོར་རྒྱབ་སྐྱོར་གྱིས་ཁོ་བོ་ཕོ་རོག་དཀར་པོ་བཟོ་ལོས་ཆོག མོན་ཡུལ་རྡོར་གཅོད་ཀྱི་གཏམ་རྒྱུད་དེ་ང་ཚོས་ཡང་ནས་སྐྱར་བདུ་འཁྲབ་ལོས་ཆོག

བཀྲ་ཤིས་པའི་མཚོན་བྱེད་རྟགས་བརྒྱད་ཀྱི་རི་མོའི་མཚོན་ཚུལ་མདོ་ཙམ་བརྗོད་པར་བྱ་བ་ལ།

༡ དུང་དཀར་གཡས་འཁྱིལ་ནི། བཀྲ་ཤིས་པའི་དུང་དཀར་ནི་བྱང་ཆུབ་སེམས་དཔའ་གཞན་དོན་དུ་དུང་དཀར་གཡས་སུ་འཁྱིལ་བར་སྐྱེ་བ་ཞེས་པ་དེ་ལ་སངས་རྒྱས་ཀྱི་ཚེམས་ཕྲེང་བཞི་བཅུའི་མཚན་མ་གསལ་བ་སོགས་དང་གཞན་ཡང་ལྷའི་དབང་བོ་རྒྱལ་བྱིན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་དུང་དཀར་གཡས་འཁྱིལ་ཕུལ་བ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་སོགས་ཡིན།

༢ གདུགས་ནི། ཚངས་པ་ལ་སོགས་པས་སངས་རྒྱས་ལ་ཕུལ་བ་དང་། སངས་རྒྱས་རང་གི་སྐུ་ལ་ཐོད་ཁྱིམ་ཟླུམ་པོ་གདུགས་ལྟར་དུ་ཡོད་པ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་རང་རྩལ་ལས་སོ་སོའི་མཚན་མ་མངོན་པའི་རིན་ཆེན་གདུགས་གསེར་གྱི་ཡུ་བ་ཅན་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ།

༣ རྒྱལ་མཚན་ནི། ཟ་འོག་ལས་གྲུབ་པའི་བསྟན་པ་མི་ནུབ་བསྐལ་བརྒྱར་གནས་པའི་རྒྱལ་མཚན་རྫོགས་པའི་སངས་རྒྱས་ཀྱི་སྐུ་ལུས་ལྟ་བུ་ཕས་ཀྱི་རྒོལ་བ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མི་མཐུན་གཡུལ་རྒྱལ་གྱི་མཚན་མས་རབ་ཏུ་རྒྱན་པ།

༤ གསེར་ཉ་ནི། ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་གྱི་མཚོན་བྱེད་གཡུའི་འདབ་གཤོག་དང་ལྡན་པ། གསེར་མིག་སྒོར་ཞིང་མཛེས་ལ་འོད་འཁྱུག་པ་སྐྱེ་བོ་ཀུན་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ།

༥ འཁོར་ལོ་ནི། ཚངས་པ་ལ་སོགས་པས་དེ་བཞིན་གཤེགས་པར་ཕུལ་ཞིང་། དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་དུ་བསོད་ནམས་ཀྱི་སྟོབས་ལས་འཁོར་ལོའི་མཚན་མ་རང་བཞིན་གྱིས་མངོན་པ་སྟེ། དེ་བཞིན་གཤེགས་པའི་ཞབས་ཀྱི་མཚོན་བྱེད་སྲིད་པའི་དྲ་བ་ཉོན་མོངས་པའི་རང་བཞིན་ཅན། རྩད་ནས་གཅོད་ཅིང་ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པའི་གསེར་གྱི་རྩིབས་སྟོང་དང་ལྡན་པ་རང་གི་དཔལ་དང་ལོངས་སྤྱོད་དབང་ཐང་ཐམས་ཅད་བསྐྱེད། ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ།

༦ དཔལ་བེའུ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་མཚོན་བྱེད་རིན་པོ་ཆེ་དཔལ་བེའུ་འཇའ་དང་འོད་ཀྱི་རང་བཞིན་ཅན་སངས་རྒྱས་ཀྱི་མཁྱེན་པ་ཐམས་ཅད་ཐོགས་མེད་དུ་མཁྱེན་ཅིང་གཏིང་དཔག་པར་དཀའ་བའི་སྟོབས་ཐམས་ཅད་རང་གི་རྒྱུད་ལ་འཐོབ་པར་བྱེད་པ།

༧ མེ་ཏོག་པདྨ་ནི། མཛེས་ཤིང་དྲི་བཟང་པོ་ཕྱོགས་མེད་དུ་འཐུལ་བ། རྫུན་ལ་སོགས་ངག་གི་མི་དགེ་བ་ཐམས་ཅད་ཡོངས་སུ་སྤངས་ཏེ་ཚིག་འཇམ་པོ་སྨྲ་མཁས་པ། དམ་པའི་ཆོས་ཀྱི་བདུད་རྩི་མྱངས་ནས་འཆད་རྩོད་ལ་ཐོགས་པ་མེད་པའི་ལྗགས་པདྨ་ལྟ་བུ་འཐོབ་པར་བྱེད་པ།

༨ གཏེར་ཆེན་པོའི་བུམ་པ་ནི། དེ་བཞིན་གཤེགས་པའི་མགུལ་གྱི་རྣམ་པ་སྟེ། གསེར་གྱི་བུམ་པ་འཆི་མེད་བདུད་རྩིས་གང་བའམ་ཡང་ན་རིན་པོ་ཆེས་གང་བ་མ་ཟད་མི་ཤེས་པའི་བཅུད་ཀྱི་གང་བ་ལྟར་རང་རྒྱུད་ཆོས་ཀྱི་གང་ནས་གདུལ་བྱའི་རྒྱུད་ཚིམས་པ་དང་། ཡང་ན་འདོད་དགུ་ལོངས་སྤྱོད་ཐམས་ཅད་འབད་མེད་དུ་འབྱུང་བའི་གཏེར་གྱི་བུམ་པ་པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་ལྟར་འཁོར་བ་ལ་གནས་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་པ་མཚོན་བྱེད་བཅས་སོ།།

སངས་རྒྱས་ཀྱི་སྐུ་ལ་བཀྲ་ཤིས་པའི་རྟགས་བརྒྱད་ཚང་བའི་སྐོར་དཔེར་ན་མདོ་བཀྲ་ཤིས་བརྩེགས་པ་ལས། ན་མོ། དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། ལྗགས་ལ་བཀྲ་ཤིས་པད་མོ་ལོ་འདབ་རྒྱས། མགུལ་ལ་བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག།

གོང་གི་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་དེ་དག་རེ་རེ་བཞིན་ཞིབ་ཚགས་པོས་ཐེངས་ཤིག་བཀླགས་རྗེས། ཁྱེད་ཀྱིས་གཞི་ནས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ས་རུ་བཏིངས་ཏེ་དེའི་སྟེང་དུ་བླ་ཆེན་ཚོར་རྡོག་རྫིས་གཏོང་དུ་བཅུག་པ་ནི། བསམ་བཞིན་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པར་དམའ་ཕབ་པ་དང་ཁྱད་གསོད་བྱས་པ། བསམ་བཞིན་དུ་བླ་ཆེན་དེ་ཚོར་སྡིག་པ་ཚབས་ཆེན་གསོག་ཏུ་བཅུག་པ། བསམ་བཞིན་དུ་ང་ཚོའི་མི་རིགས་འདི་ལ་ནང་ཆོས་ཀྱི་ཤེས་ཡོན་ཚད་ལྡན་མེད་པ་དེ་ཚོ་ངོ་ཚ་ཁ་སྐྱེངས་དང་བཅས་ངོ་འཕྲོད་ཡོང་གི་རེད།

 

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

མཆན། 8

  1. ངག་གི་དབང་པོ། says:
    ལོ་ 9 སྔོན།

    རྣམ་རྟོག་མང་ན་དྭོགས་པ་མང་། དྭོགས་པ་མང་་བ་ཤེས་རབ་ཀྱི་སྒོ་ཆེན་ནོ།་

    Reply
  2. ཤར་མདའ། says:
    ལོ་ 9 སྔོན།

    ཀླུ་སྨྱོན་ནི་ཀླུ་སྨྱོན་རང་རེད། བཀྲིས་རྟགས་བརྒྱད་ནི་བཀྲིས་པའི་རྫས་སུ་འབྲི་སྲོལ་ཡོད་པ་ཞིག་ཡིན་དུས་དེའི་ཐོག་ཞབས་རྗེས་འཇོག་མི་ཆོག་པ་ཞིག་ཡོད་པ་མ་རེད། བཀྲིས་རྟགས་བརྒྱད་ངོ་བོ་དང་བྱས་ལས་བཀྲིས་པའི་རྫས་སུ་བྱུན་གྱི་རླབས་པ་ཞིག་རེད། དེ་ཙམ་ལ་བསམ་ཐུགས་བསམ་བཞེས་ན་དེ་མ་ཆོག་པ་ཡོད་ནི་མ་རེད། དེ་ལས་སྤྲུལ་སྐུ་མིན་ཡིན་ཁ་བྱེད་མཁན་ཚོ་དང་ཆོས་མ་ཤེས་ན་ཆོས་བཤད་ཁ་བྱེད་མཁན་ཚོ་ལ་བསླབ་བྱ་རེ་གནང་རྒྱུ་ཡོད་ན་གལ་ཆེན་ས་རེད།

    Reply
  3. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    དེ་རིང་བཀླགས་ཡིན། བཀྲ་ཤིས་རྟགས་བརྒྱད་ནི་རྒྱ་གར་དུད་ཁྱིམ་སོ་སོས་ཞོགས་པ་སྔ་མོར་སྒོ་ཁར་ས་དཀར་གྱིས་གསེར་ཉ་དང་དུང་དཀར་སོགས་འབྲི་བཞིན་ཡོད་འདུག ཡིད་མི་ཆེས་ན་kolam དང་rangoli སོགས་ལ་ལྟོས།

    Reply
  4. བློ་བཟང་། says:
    ལོ་ 9 སྔོན།

    དགོས་མེད་རྣམ་རྟོག་མ་སྤེལ། མི་ཤེས་པ་ནི་སྡུག་བསྔལ་བ་རང་རེད།

    Reply
  5. ལྷ་རྡོ་རྗེ། says:
    ལོ་ 9 སྔོན།

    དེ་ལ་སྔགས་ཀྱི་གཞུང་མ་བལྟས་པར་རྟོགས་ནུས་དཀའ་མོ་རེད། བཀྲིས་རྟགས་བརྒྱད་ནང་གི་གང་འདྲ་འདི་ལྷའི་མཚན་མ་རེད་དབྱེ་བ་འབྱེད་ཤེས་དགོས། ཆོས་དང་འབྲེལ་བ་འདི་ཆོས་ཁོ་རང་གི་སློབ་སྦྱོང་བྱས་པའི་ཐོག་ནས་མ་གནང་ཚེ་དཔྱད་པ་ཕྱོགས་རེ་བ་ལས་མ་འདས། བླ་མ་ཚད་ལྡན་གྱིས་ཐ་མལ་སྣང་ཞེན་བཀག་ནུས་པའམ་སྣང་བ་འགྱུར་མཁན་ལ་དེ་ཙམ་ཁྱད་པར་མེད། སོ་སོ་སྐྱེ་བོ་ཡིན་ན་མ་རྟོགས་པ་དང་ལོག་རྟོགས་དབང་གིས་སྐྱོན་ལྷག་གི་ཡོད། དཔེར་ན་འཁོར་ལོ་དེ་ལྷའི་མཚན་མ་ཡིན་ཙང་བགོམ་འཇོག་མ་ཤོར་བ་བྱེད་དགོས། དེ་བཞིན་དཔྱད་པ་བྱ་རྒྱུའི་གནས་ཡིན་ནོ།

    Reply
  6. ཨོ་རྒྱན་བཀྲ་ཤིས། says:
    ལོ་ 9 སྔོན།

    དེ་རིང་ཀླུ་སྨྱོན་གྱིས་གནད་དུ་འཁེལ་བའི་རྩོམ་ཞིག་བྲིས་འདུག སྤྱི་ཚོགས་ནང་གི་ཁ་ཡོད་ལག་ཡོད་ཀྱི་གནད་དོན་ཆེན་པོ་ཞིག་རེད། ཡིན་ནའང་ཀླུ་སྨྱོན་རང་ཉིད་ཀྱིས་དེ་འདྲ་གནང་གི་མེད་དམ། པར་ཞིག་གི་སྟེང་ནས་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་གོས་ཆེན་དང་ཁ་བཏགས་མང་པོ་ཡོད་པའི་གདན་ཁྲི་ཞིག་གི་སྟེང་ན་བསྡད་ཡོད་པ་ཞིག་མཐོང་སོང་།

    Reply
  7. བསྟན་འཛིན says:
    ལོ་ 9 སྔོན།

    ཧ་ཅང་སྙན་སོང་།

    Reply
  8. རང་བཙན་བུ། says:
    ལོ་ 9 སྔོན།

    ཁ་སང་མི་རིགས་ལ་ཞེན་མདོག་གིས་དཔའ་བོར་ཁྱད་གསོད་བྱས། དེ་རིང་སངས་རྒྱས་ལ་དད་མདོག་གིས་བླ་མར་ཟུར་ཟ་བྱས། སང་ཉིན་ག་རེ་བྱེད་རྩིས་ཡོད་ན། སྨད་ལ་ཤམ་ཐབས་ཞིག་གྱོན། སྟོད་ལ་སྟོད་གོས་ཕུ་ཡོད་ཅིག་གྱོན། སྐྱ་མིན་སེར་མིན། མགོ་སེར་དང་རྒྱ་མོ་འགའ་རེར་བོད་ཡིག་དང་ནང་ཆོས་འདྲ་བཤད་ནས་མགོ་བསྐོར་གསོག་སྒྲུབ་བྱས་པའི་དངུལ་གྱིས་ཀུ་ཤུའི་ཁ་པར་དང་། དེ་མིན་གློག་ཆས་འདྲ་ཉོས། ཇ་ཁ་ཆང་ཁ་འདྲ་འགྲིམས། མཁས་མདོག་དྲང་མདོག་འདྲ་བྱས། འདི་ཚོ་ནི་དེང་གི་གྲྭ་རྒན་ཆོས་མི་འགྱིད་ཅིང་གྲྭ་གཟུགས་ལ་མི་བརྟེན་པར་འཚོ་མི་ཐུབ་མཁན་ཚོའི་སྤྱོད་ཚུལ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese