དེ་རིང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་ལྷོ་རྒྱུད་ནན་ཉིན་ (Nanning) གྲོང་ཁྱེར་གྱི་རྒྱ་མོ་ཞིག་གིས་ཁྱོ་བོ་ལས་ཀར་སོང་ཤུལ་དུ་ལོ་ན་ ༣ དང་ ༢ ཅན་གྱི་བུ་མོ་གཉིས་ཡོད་པ་མི་ཚང་གཞན་ཞིག་ལ་བུ་མོ་ཆེ་བར་རྒྱ་སྒོར་ ༡༣༠༠༠ དང་བུ་མོ་ཆུང་བར་རྒྱ་སྒོར་ ༡༠༠༠༠ བྱས་ཏེ་བཙོང་ཡོད་འདུག
ནན་ཉི་གྲོང་ཁྱེར་ཉེན་རྟོག་པས། མིང་བརྗོད་མེད་པའི་རྒྱ་མོ་དེ་ནི་རྒྱན་པོ་འགྱེད་མཁན་ཞིག་ཡིན་སྟབས། མོས་རང་ཉིད་ཀྱི་བྱིས་པ་བཙོང་བའི་དངུལ་གྱིས་བུ་ལོན་འཇལ་རྩིས་ཡོད་པར་དོགས་གཞི་བྱེད་ཀྱིན་ཡོད་འདུག རྒྱ་ནག་ལྷོ་བརྒྱུད་ཀུང་ཞི་རང་སྐྱོང་ཁུལ་ནན་ཉི་གྲོང་ཁྱེར་མི་མང་སྤྱི་བདེ་ཁང་གིས། རྒྱ་མོ་དེ་ལ་ལོ་ ༣ གྱི་ཁྲིམས་ཐག་དང་རྒྱུ་དངོས་ཡོད་ཚད་གཞུང་བཞེས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་བཤད་འདུག
གནས་ཚུལ་ལྟར་ན། འདས་པའི་ལོ་ངོ་འདི་དག་རིང་། རྒྱ་ནག་ནང་ལོ་རེར་བྱིས་པ་ཁྱོན་ ༧༠༠༠༠ ལྷག་རྐུ་འཁྱེར་དང་ཉོ་འཚོང་བྱེད་ཀྱིན་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གི་བཅའ་ཁྲིམས་ནང་བྱིས་པ་ཉོ་འཚོང་བྱས་ན། ཉུང་མཐར་ཡང་ལོ་ ༥ ཉེས་ཆད་གཏན་འབེབས་བྱས་ཡོད་ནའང་། དེང་སྐབས་རྒྱ་གཞུང་གིས་ཉེས་ཁྲིམས་དེ་ལག་བསྟར་བྱེད་ཀྱིན་མེད་འདུག
གསར་འགོད་པ། པདྨ་རྒྱལ།
དུས་ངན་ཤར་ནས་འཛམ་གླིང་གི་ལུང་པ་མང་པོའི་ནང་བལྟ་གོས་ཆེད་
འབྱོར་མེད་ཁྱིམ་ཚང་མང་པོ་ནས་རང་གི་བུ་ཕྲུག་ཚོང་རྒྱུར་བྱེད་བཞིན་པའི་ལམ་དེ་མེད་པ་བཟོ་བ་ལ་མི་མང་གི་དཔལ་འབྱོར་ཡོང་འབབས་ལ་གཞུང་ནས་འགན་འཁུར་དགོས་པ་ལས་ཁྲིམས་ལུགས་གཏན་འབེབས་ཀྱི་ཐོག་ནས་དུས་ནམ་ཡང་བཀག་མི་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་མ་རེད་དམ་།?