མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ་དང་སི་རི་ཡའི་མཉམ་འབྲེལ་འཐབ་འཛིང་ལ་འགོག་རྐྱེན་ཐེབས་མི་སྲིད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

སི་རི་ཡའི་སྲིད་འཛིན་ཨལ་ཨ་སི་ཌ་ཡིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ལ་གློག་འཕྲིན་ཞིག་བཏང་སྟེ། ཨུ་རུ་སུའི་དམག་མིའི་འགྲུལ་སྐྱེལ་གནམ་གྲུ་བརྡབ་སྐྱོན་བྱུང་བའི་དོན་རྐྱེན་དེས་ཕྱོགས་གཉིས་ཀྱིས་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱེད་པའི་མཉམ་ལས་ལ་འགོག་རྐྱེན་ཐེབས་མི་སྲིད་ཟེར།

དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཞོགས་པར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ (Moscow) ནས་སི་རི་ཡའི་གྲོང་ཁྱེར་ལ་ཊ་ཀེ་ཡ་ (Lattakia) ལ་འཕུར་བའི་ཨུ་རུ་སུའི་ (Tu-154) རྟགས་ཅན་གྱི་དམག་མིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གས་འཐོར་བྱུང་སྟེ་ཨུ་རུ་སུའི་བྱང་ནུབ་སོ་ཆེ་ (Sochi) གྲོང་ཁྱེར་ཉེ་འགྲམ་གྱི་མཚོ་ནག་ (Black Sea) ཅེས་པའི་གཙང་བོའི་ནང་ལྷུང་ཡོད་པ་དང་། གནམ་གྲུ་དེའི་ནང་ཁྱོན་འགྲུལ་བ་ ༩༢ ཡོད་པ་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་འདུག འགྲུལ་སྐྱེལ་གནམ་གྲུ་དེས་ཨུ་རུ་སུའི་འཁྲབ་སྟོན་པའི་ཚོ་ཁག་ཅིག་ཨུ་རུ་སུ་ནས་སི་རི་ཡའི་གྲོང་ཁྱེར་ལ་ཊ་ཀེ་ཡ་ནང་ཡེ་ཤུ་འཁྲུངས་སྐར་དགོང་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་པའི་ཐོག་སྐྱེལ་འདྲེན་བྱེད་ཀྱིན་ཡོད་འདུག

ཨུ་རུ་སུའི་འགྲིམ་འགྲུལ་སྐྱེལ་འདྲེན་བློན་ཆེན་སོ་ཀོ་ལོ་ཝ་ (Sokolov) ཟེར་བ་ཞིག་གིས། ཨུ་རུ་སུའི་བརྙན་འཕྲིན་བརྒྱུད་ལམ་དུ། “ཨུ་རུ་སུའི་ཕྱོགས་ནས་ཐོག་མར་དོན་རྐྱེན་དེ་འཇིགས་སྐུལ་དྲག་སྤྱོད་པ་དང་གནམ་གཤིས་འགྱུར་ལྡོག་གང་རུང་ལ་འབྲེལ་ཡོད་པར་དོགས་གཞི་བྱས་ཡོད་ནའང་། ཨུ་རུ་སུའི་བདེ་སྲུང་ལྷན་ཁང་གིས་རྟོགས་ཞིབ་བྱས་པ་བརྒྱུད། དོན་རྐྱེན་དེ་ནི་གནམ་གྲུའི་འཕྲུལ་ཆས་ལ་སྐྱོན་ཤོར་བའམ་གནམ་གྲུ་གཏོང་མཁན་ལ་ནོར་འཁྲུལ་བྱུང་བར་ངོས་འཛིན་བྱུང་ཡོད།” ཅེས་བརྗོད་འདུག

ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱིས། ཨུ་རུ་སུའི་མཚོ་གྲུ་ ༣༢ དང་། མྱུར་སྐྱོབ་སྲུང་དམག་ ༣༠༠༠ དང་གནམ་མཆོང་དམིག་མི་ ༡༠༠ ལྷག་ཆེད་གཏོང་གིས། དོན་རྐྱེན་དེའི་ཐད་མུ་མཐུད་རྟོགས་ཞིབ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག སི་རི་ཡའི་སྲིད་འཛིན་ཨལ་ཨ་སི་ཌ་ (al Assad) ཡིས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ལ་གློག་འཕྲིན་བཏང་སྟེ། ཨུ་རུ་སུ་དང་སི་རི་ཡ་གཉིས་ཀྱིས་སི་རི་ཡའི་ནང་བརྟན་ལྷིང་དང་བདེ་འཇགས། ཞི་བདེ་བཅས་ཡོང་ཐབས་སུ་སི་རི་ཡའི་ངོ་ལོག་ཤོག་ལ་འཐབ་འཛིང་བྱེད་ཀྱིན་ཡོད་པ་དང་། ཐེངས་འདིའི་ཨུ་རུ་སུའི་དམག་མིའི་འགྲུལ་སྐྱེལ་གནམ་གྲུ་བརྡབ་སྐྱོན་བྱུང་བའི་དོན་རྐྱེན་དེས་ཕྱོགས་གཉིས་ཀྱིས་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་མཉམ་ལས་ལ་འགོག་རྐྱེན་གང་ཡང་ཐེབས་མི་སྲིད། ཅེས་བརྗོད་འདུག

ཐེངས་འདིའི་གནམ་གྲུ་བརྡབ་སྐྱོན་དོན་རྐྱེན་ཁྲོད་དུ་ཨུ་རུ་སུའི་ཨ་ལེ་ཁི་སན་ཌི་རོ་འཁྲབ་སྟོན་ཚོགས་པའི་ (Alexandrov Ensemble) ཚོགས་མི་ ༦༤ དང་། ཨུ་རུ་སུའི་དམག་ཞབས་འཁྲབ་སྟོན་ཚོགས་པའི་ཚོགས་མི་ ༡༠ དང་གནམ་གྲུའི་ཞབས་ཞུ་བ་མི་ ༨ བཅས་རྐྱེན་ལམ་དུ་ཤོར་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༨ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese