མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཁུ་འཇིགས་མེད་ལགས་སྨན་ཁང་དུ་ལྷག་འདུག

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གིི་གནས་སྟངས་ཕྱིར་བསྒྲགས་བྱས་ཏེ་རྒྱའི་བཙོན་འོག་ཏུ་ཚུད་པའི་ཆབ་སྲིད་བཙོན་ཟུར་བླ་བྲང་ཨ་ཁུ་འཇིགས་མེད་ལགས་སུ་སྙིང་དང་ཁྲག་ཤེད་སོགས་ཀྱི་ནད་གཞི་སྣ་ཚོགས་ཀྱི་རྐྱེན་པས་ད་ལྟ་སྨན་ཁང་དུ་ལྷག་ཡོད་འདུག

ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། ཨ་ཁུ་འཇིགས་མེད་གློད་གྲོལ་བཏང་བའི་ཉིན་བཅུ་གྲངས་ཤིག་གི་རྗེས་ཏེ་ ༢༠༡༦ ཟླ་ ༡༡ ཚེས་ ༡༡ ཉིན་ཁོང་གཟུགས་གཞིར་བརྟག་དཔྱད་ཆེད་ལན་ཀྲུའུ་གྲོང་ཁྱེར་དུ་ཕྱིན་ཡོད་པ་དང་། དེ་གའི་བརྟག་དཔྱད་ཁང་ནས་རྗེས་སུ་ནད་རྟགས་ཐོན་གསལ་ལྟར་ན། ཟ་ཁུ་གཅིན་སྙི(糖尿病)དང་། སྙིང་ནད། མཆིན་ནད། ཁྲག་ཤེད་མཐོ་བ། མིག་ནད་བཅས་ན་ཚ་ཁག་ཅིག་ངོས་འཛིན་བྱས་འདུག

རྗེས་སུ་མགོ་ན་བ་སོགས་གཟུགས་ཁམས་ཧ་ཅང་མ་བདེ་བའི་རྐྱེན་གྱིས་དེ་རིང་(༢༠༡༦/༡༢/༢༦)ཉིན་བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་བསྐྱར་དུ་བརྟག་དཔྱད་བཏང་བར། སྨན་ཁང་གིས་ན་ཚ་ཚབས་ཆེན་ཡིན་པས་ངེས་པར་སྨན་ཁང་ནང་འདུག་དགོས་ཚུལ་བཤད་པ་ལྟར་ད་ལྟ་རྫོང་སྨན་ཁང་སྨན་བཅོས་བྱེད་བཞིན་ཡོད་འདུག

གནས་ཚུལ་ནང་འཁོད་དོན། ཨ་ཁུ་འཇིགས་མེད་ཁོང་འཛིན་བཟུང་མ་བྱས་སྔོན་ལ་ནད་ཚ་གང་ཡང་མེད་ཀྱང་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༠ ཉིན་འཛིན་བཟུང་བྱས་ཏེ། ཟླ་གཉིས་ཀྱི་མཚམས་སུ་གཟུགས་གཞི་མི་བདེ་བའི་གནས་སྟངས་འོག་གོང་རིམ་ལ་ཡང་ཡང་སྨན་པར་བསྟེན་དགོས་པའི་རེ་སྐུལ་བྱས་ཀྱང་། ཟླ་བཞིའི་རྗེས་ནས་མ་གཏོགས་བརྟག་དཔྱད་བཏང་པར་དེ་མུར་བཞག་ཅིང་། རྗེས་སུ་བཙོན་པའི་སྨན་ཁང་ནས་བརྟག་དཔྱད་བཏང་བར་གཅིན་སྙིའི་ན་ཚ་ཡོད་པར་ངོས་འཛིན་གྱིས་བཙོན་པའི་སྨན་ཁང་ནང་ཟུར་འཇོག་བྱས་ཡོད་འདུག

༢༠༡༦ ཟླ་ ༡༠ ཚེས་ ༢༦ ཉིན་ལོ་ལྔའི་ཁྲིམས་ཆད་དུས་ཡུན་རྫོགས་ཏེ་བཙོན་གྲོལ་བཏང་ཡོད་ཀྱང་། འགྲོ་འདུག་གི་བྱ་སྤྱོད་སོགས་ལ་སྟངས་འཛིན་བྱེད་བཞིན་ཡོད་པ་དང་། དགོན་པར་སྡོད་བཅུག་གི་མེད་པ་མ་ཟད། གཟན་ཤམ་ཡང་གྱོན་དུ་འཇུག་གི་མེད་པ་དང་། དེ་སྔ་འཛིན་བཟུང་བྱས་སྐབས་བཙན་འཕྲོག་བྱས་པའི་ཁོང་གི་ཐོབ་ཐང་ལག་འཁྱེར་དང་གློག་ཀླད། ཡིག་ཆ་ཁག དེ་བཞིན། སྒོར་ཁུག་སོགས་ཀྱང་ཕྱིར་རྩིས་སྤྲོད་བྱས་མེད་ཅིང་། དེའི་ཐད་ཐེངས་གསུམ་ལ་ཅ་དངོས་དེ་དག་ཕྱིར་སྤྲོད་དགོས་པའི་རེ་འདུན་བཏོན་ཡང་ཡ་ལན་གང་ཡང་སྤྲད་མི་འདུག

དེང་སྐབས་ཁོང་ལ་ཐོབ་ཐང་ལག་འཁྱེར་མེད་སྟབས་ལན་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་སོགས་སུ་སྡོད་ཐབས་མེད་པའི་གནས་སྟངས་ཆགས་ཡོད་འདུག  གནས་སྟངས་འདིའི་ཐོག་ནང་མི་ཉེ་གྲོགས་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག ཅེས་གོང་གི་གནས་ཚུལ་དེ་ཨ་ཁུ་འཇིགས་མེད་ལགས་ཀྱི་དགེ་ཕྲུག་དགེ་འདུན་ཕུན་ཚོགས་ཀྱིས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༡༤ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༥ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

མཆན། 2

  1. ས་མཐའི་སྤུན་ says:
    ལོ་ 9 སྔོན།

    གཞིས་བཞུགས་ཆབ་སྲིད་བཙོན་པ་རྣམས། མྱུར་དུ་བཙོན་ནས་ཐར་ནས་ནི། ལུས་བདེ་སེམས་སྐྱིད་ཁོ་ནའི་ངང་། མི་ཚེའི་ལྷག་མ་འདའ་བར་སྨོན།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    མགྱོགས་མྱུར་བདེ་ཐང་ཡོང་བར་ཤོག

    རྩོམ་སྒྲིག་པ་ལགས། བྱས་སྐབས་ཟེར་བ་འགྲེལ་བརྗོད་ཅིག་གནང་རོགས།བྱས་སྐབས་ལས་བྱེད་སྐབས་ཡིན་རྒྱུ་རེད། ལོ་ནས་ལོ་མཐུད་དེ་བྱས་སྐབས་འབྲི་རྒྱུ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese