མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་རང་བཙན་ལ་རེ་བ་མ་བྱེད།

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་པ་ལུང་ཁྲུན་ཡེན་གྱིས་ཧོང་ཀོང་མི་མང་གིས་ལོངས་སུ་སྤྱོད་བཞིན་པའི་རང་སྐྱོང་དེ་སྐམ་ས་ཆེན་མོས་གཏན་འབེབས་བྱས་པའི་རྩ་ཁྲིམས་དང་བསྟུན་དགོས་པ་ལས་རང་སྣང་གང་དྲན་བྱས་མི་ཆོག་ཟེར།

1484712626759133ཁ་སང་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་པ་ལུང་ཁྲུན་ཡེན་གྱིས། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ལོ་འཁོར་སྲིད་གྲོས་ཚོགས་ཆེན་ཐོག རྒྱ་ནག་གི་སྲིད་ཇུས་དང་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ཏེ། ཧོང་ཀོང་མི་མང་ལ་ཁེ་ཕན་འཐོབ་པའི་གོ་སྐབས་མང་པོ་ཡོད་སྟབས། ཧོང་ཀོང་མི་མང་གིས་ཧོང་ཀོང་གྲོང་ཁྱེར་དེ་མེས་རྒྱལ་དང་ནམ་ཡང་ཁ་འབྲལ་ཐབས་མེད་པར་ངོས་འཛིན་བྱེད་དགོས། ཧོང་ཀོང་གྲོང་ཁྱེར་དེ་རྒྱ་ནག་ལ་ཁ་འབྲལ་བའམ་རང་བཙན་སོགས་གང་ཡང་བྱེད་ཐབས་མེད། ཧོང་ཀོང་མི་མང་གིས་ལོངས་སུ་སྤྱོད་བཞིན་པའི་ཚད་མཐོའི་རང་སྐྱོང་དེ་གཞི་རྩའི་རྩ་ཁྲིམས་གཏན་འབེབས་དང་བསྟུན་དགོས། རང་སྐྱོང་ཟེར་བ་དེ་གང་ཟག་རེ་གཉིས་ཀྱི་གཏན་གཏན་འབེབས་བྱེད་པའམ་རང་སྣང་གང་དྲན་བྱེད་ཆོག་པ་ཞིག་མིན་པ་མ་ཟད། དེ་ལ་ལག་ལེན་བསྟར་ཕྱོགས་གཞན་པ་དང་བསྒྱུར་བཅོས་སོགས་གང་ཡང་བྱེད་ཆོག་གི་མ་རེད། དེང་སྐབས་རྒྱལ་སྤྱིའི་འབྲེལ་ལམ་རྙོག་འཛིང་ཆེན་པོ་ཆགས་ཡོད་སྟབས། ཧོང་ཀོང་མི་མང་ལ་མེས་རྒྱལ་གྱི་བདེ་འཇགས་དང་མངའ་ཁོངས་སྲུང་སྐྱོབ། རྒྱལ་མང་ཆིག་སྒྲིལ་བཅས་ཀྱི་འོས་འགན་ཡོད། ཅེས་སོགས་བཤད་འདུག

ཕྱི་ལོ་ ༡༩༩༧ ལོར་དབྱིན་ཇིའི་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཐོག ཧོང་ཀོང་ལ་ཚད་མཐོའི་རང་སྲིད་རང་སྐྱོང་གི་བདག་དབང་སྤྲོད་སྤྱིའི་ཁས་ལེན་འོག དབྱིན་ཇིའི་འོག་ནས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་ཀྱང་། འདས་པའི་ལོ་ངོ་ ༡༠ བརྒྱུད་རིམ་ཁྲོད་རྒྱ་ནག་གཞུང་གིས་ཐོག་མའི་གྲོས་དོན་ལ་རྡོག་རོལ་བཏང་སྟེ། ཧོང་ཀོང་ལ་རྒྱ་ནག་གཞུང་གིས་སྣོན་ཤུགས་སྣ་ཚོགས་སྤྲད་དེ། ཧོང་ཀོང་མི་མང་གི་རང་དབང་དང་དམངས་གཙོ་སོགས་དཀའ་ཁག་གི་གནས་སུ་གྱར་ཡོད།

འབྱུང་འགྱུར་ཕྱི་ཟླ་ ༣ པའི་ནང་པེ་ཅིན་ཕྱོགས་གཏོགས་ཀྱི་མི་སྣ་ ༡༢༠༠ གྲུབ་པའི་འོས་བསྡུའི་ཚོགས་ཆུང་བརྒྱུད་དེ། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་པ་འདེམས་བསྐོ་བྱ་རྒྱུ་ཡིན་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

ཆུ་ཚོད་ ༡༠ སྔོན་ལ།
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

ཆུ་ཚོད་ ༡༧ སྔོན་ལ།
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

༢༠༢༦/༡༠/༢༠
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese